#. ཞྭ་སེར་ཅོད་པན་འཆང་བའི་རང་ལུགས་འཛིན་ནུས་པར་གྱུར་ཅིག་གུ

སྨྲ་བ་ངན་པའི་རང་བཤིས་ཕར་བཞག་ནས།།
གཞུང་ཆེན་སྨྲ་བའི་སེང་གེ་མགྲིན་བསུས་ཏེ།།
ཚིག་དོན་གཉིས་ཀ་ལེགས་པར་དཔྱད་པ་ན།།
འཇམ་མགོན་བློ་བཟང་གྲགས་པའི་དུས་ཀུན་སྐྱོངས།།

རང་ཉིད་ལ་སྐུལ་བ།

ཚོར་བའི་ཆུ་མོ་རྦ་རླབས་མ་འཇགས་པར།།
ཡང་ཡང་རླབས་ཀྱིས་འཕྱོ་ན་སུ་ཞིག་དྲན།།
དྲན་ཡང་མ་སྐྱོ་མ་ཤུམས་འཛུམ་རེ་ཐོངས།།
དགའ་དང་སྐྱིད་པའི་ཉི་མོ་ཧ་ཅང་མཁོ།།

སྐྱོ་བའི་ལ་མོ་ནམ་འཕྲད་མ་ངེས་པས།།
འཁོར་དུང་མདའ་མོ་ཟུང་སྟེ་མ་བཟི་དང་།།
ཞེ་སེམས་སྐྱོ་བའི་སྨུག་སྤྲིན་འཁྲིག་ཡོང་ལགས།།
མིག་ཆུ་གཙང་པོའི་རླབས་དང་འདྲེས་འགྲོ་ལགས།།

བཅོམ་མའི་ཚིག་འཛུམ་ཡིད་བརྟན་མེད་པས་ན།།
བརྩེ་བའི་དར་སྐུད་འཐེན་པ་མ་སྔ་དང་།།
སྙིང་གི་གཏམ་དག་འཆད་པ་མ་བྲེལ་དང་།།
ནམ་ཞིག་ཝ་མོའི་ངོ་གདོང་མཐོང་ཡོང་ལགས།།

འཚོ་བའི་དཀའ་ཁག་གྲིབ་སོ་བཞིན་དུ་འཁོར།།
ལས་ཀྱི་བཀོད་པ་ཧ་ཅང་མི་ཡག་རུང་།།
སེམས་ཀྱི་དཀྱིལ་ན་བཞད་པའི་ཕུགས་ཀྱི་འདུན།།
ནུབ་མཐའི་ཉི་མ་བཞིན་དུ་མ་ཡལ་ལགས།།

སྤྲིན་དཀར་ཡང་ཡང་ལྡིང་བའི་རི་གྲོང་ནས།།
སེམས་འདུན་དར་ཐག་རི་བོའི་རྩེ་ལ་འཐེན།།
སྤོབས་པའི་གཙང་པོ་བཞུར་མཚམས་མ་ལྷོད་ནས།།
རང་གི་འདུན་པ་ཅིས་ཀྱང་འབད་དགོས་ལགས།།

སོག་མིག་གིས། ༢༠༢༤-༢-༢༤–ཉིན། གདན་ས་མཚུར་ཕུ་དར་ནས་དར་ཞིང་རྒྱས་པར་ཤོག །[合十][玫瑰][玫瑰][玫瑰][咖啡]

ང་ཚོ་བོད་མི་རིགས་ཀྱི་སྲོག་རྩ་ནི་སྐད་ཡིག་རང་ཡིན་པས། ང་ཚོ་ལ་སང་ཉིན་དང་འབྱུང་འགྱུར་དགོས་ན། བོད་པའི་གཅེས་ཕྲུག་ཚོས་བོད་པའི་སྐད་ཡིག་ལ་སྣང་ཆུང་མ་གནང་རོགས། དགའ་ཞེན་དང་བཀོད་སྤྱོད་གནང་རོགས།[玫瑰][咖啡]

བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏའི་འདབ་ནས། རང་རིགས་ཀྱི་བླ་སྲོག་འདོར་ཞིང་། གཞན་སྐད་དག་དིག་རེ་སྨྲ་བཞིན། རང་ཉིད་ཀྱི་ཤ་ཁྲག་རྒྱུད་ཁུངས་དེའང་བོར་ནས་འགྲོ་བཞིན་པའི་སྤུན་ཟླ་ཚོ་མཐོང་ཚེ། སེམས་པ་འདི་རྨ་མེད་ཀྱི་ན་ཟུག་ཚད་མེད་ལྡང་། ཡབ་མེས་ཀྱི་གསུང་དང་རིགས་ཞེན་གྱི་འདབ་མ་དག་སེམས་སུ་ལྷུང་། སྐྱོ་སོང་ཚད་མེད་ཅིག་སྐྱོ་སོང་།

ཞེས་ཀྱང་སོག་མིག་གིས།


发布     👍 0 举报 写留言 🖊   
✋热门推荐
  • 七、大思易失爱想法不要瞻前顾后,思虑不要过于繁复,全心付出,爱就爱了。七、大思易失爱想法不要瞻前顾后,思虑不要过于繁复,全心付出,爱就爱了。
  • #任嘉伦[超话]# #任嘉伦嗨一夏# #任嘉伦2022再创嘉绩# #任嘉伦最难忘的是在机场工作#少年,一贯快马扬帆,道阻且长,不转弯,要盛大、要绚烂、要哗然,要
  • 说到这儿我有一个小想法跟你分享啊,就是对待朋友要从刚认识的时候就真诚相处,不要假装成什么样子,也就是相逢好像初相识,这样时间久了也不会让朋友感觉失望而不开心,这
  • 而我只想做一个“文明”的客人,就这么陪着主人安静的坐着,看看远方可能即将到来的夕阳;听听风掠过他们的声音,那也许是他们语言。杜蕾斯避孕套 [鲜花]冈本避孕套 [
  • 最近很多经销商在讨论把ABM账户传承下去的问题,的确,我们是当百年企业去做的企业!因‮我为‬知道‮我,‬们的愿景是全球前三‮品的‬牌管理公‮,司‬因为我们‮到看
  • 巴方应确保加工企业具备有效的植物疫情防控体系,保持加工区及相关设备清洁,在压缩打捆包装前采取有效的去杂措施,不得使用金属材质材料打捆包装,确保虎尾草符合以下要求
  • 我想我是一个很自傲的人不能成为任何人的影子即使如此我爱上了一个人在闲暇的时候我听这个人爱的歌我喜欢趴在床上写字音乐在房间里翩翩起舞我没有太认真地听其实我也不知道
  • 超级不错的状态 真的是忍着伤打下去的 奖励大鸡腿说好的不受伤 杰仔 这次轮到你 快快好起来!还是很棒的 首先要说的是睿的状态真的很不错哦 上一场受伤 这一场我还
  • 虽在梦中惊醒,却心宁神静,吾居广寒之高厦,可藐视大地之浊水肆流,东奔西串,何惧之有?战争胜利后,黄帝论功行赏,雷被封于方山(今河南禹州市方山镇,方山古亦称龙山,
  • 为做好春运安保及疫情防控工作,我大队全体民辅警坚守一线持续作战两个月,头发长、理发难的问题急需解决,为此,清远市名师名店美容美发团队到我大队,为30余名民辅警送
  • 一起来欣赏下……当然,很多网友还是深深怀疑自家的扫地机器人484有点傻, ​​​​【网友买扫地机器人后泪崩:仿佛买了一个智障!一起来欣赏下……当然,很多网友还是
  • 修行者,观察意思食也是要这样,如果能这样思惟观察,如理作意的抉择,与想、思、行的作用远离,那么意思食就可以断除;意思食断除的话,对三界爱就断除了;三界爱断除,多
  • 首先回答问题:2020已过半,从三月份动森出圈爆火,Switch 一度飙至四千价位,到如今两千八的售价,等等党该不该继续等下去?理由如下:1⃣️首先,要捋清一点
  • [憧憬]《逗斗火柴人》12月30日上午10点[星星]公测正式开启[星星][笑而不语]间隙摸鱼也不怕,3分钟过9局[并不简单]30+武器免费用,脑洞大开堪称奇葩
  • 热闹的二七广场,小吃街有好多人排队,热闹的场景、喧哗的声音,行人的脚步声,走着吃着、手里还拿着好吃的烤羊肉串用袋子装下,还有买的衣服等等;到了奶茶店来杯草莓布丁
  • 最近补番于是脑补了一些天然黑属性[求关注]天然黑可真香啊[虎爪比心]获取:关+评 私信发送[虎爪比心]不赠超话等级5级以下(包括5级)账号[虎爪比心]截止:9.
  • 11、总是给孩子太多“标准答案”。#亲子教育# 【亲子阅读过程中常犯的11个错误】1、不了解孩子的阅读能力和阅读兴趣,盲目照着书单买书。
  • ”86岁的陆游隐居在山阴老家,晚上风雪大作,天气寒冷,陆游就着溪柴烧的小火取暖,将毛毡裹在身上。你一定在涧底打柴,回来以后煮些清苦的饭菜。
  • 想念每天煮面屯小蛋糕给我的丽宝,想念老板家又凶又爱撒娇的喵喵,想念每天早晨喝一瓶山花,想念每天给我做一杯纯奶油的蛋糕店,还有我每天在王者峡谷带的妹[掌宝可怜][
  • ②部分商.品只能领1 张券,多买可以让盆友代领 #生活家#POLA 美白丸 180颗590POLA的抗衰老和美白两大技术世界顶尖,美白的独创成分噜忻喏是迄今世