ང་ཚོ་བརྩེ་བའི་ཆེད་དུ་སྐྱེས་པ་མིན་ཡང་། བརྩེ་བའི་ཆེད་དུ་གསོན་ཆོག་ཅིང་བརྩེ་བའི་ཆེད་དུ་འཆི་ཡང་ཆོག་པས། དེ་ནི་ཅི་འདྲའི་བདེ་སྐྱིད་ཅིག་དང་། ཅི་འདྲའི་དོན་སྙིང་ལྡན་པའི་མི་ཚེའི་འགྲུལ་བཞུད་ཅིག་རེད་ཨང་།

<< གཞས་ཆུང་རྣ་བའི་བཅུད་ལེན >>

རུ་སྔུན་བླ་མའམ་ཀླུ་དྲང་དུ་འབོད་པས།

ལོ་ལ་ལོ་སྙིང་བརྩིས་ནས།།
ཉི་ཟླ་རྡང་ལ་བཏགས་ཡོད།།
འཛུབ་མོ་ནང་ལ་བཀུག་ནས།།
སྐར་ཚོགས་ཁྲམ་ལ་བཏབ་ཡོད།།

གསར་བཞད་མེ་ཏོག་འདྲ་ལེ།།
འཛུམ་དཀར་ལྷོད་ཤ་ཡོད་རེད།།
དུངས་སེམས་ཚོམ་བུ་ལོག་སེ།།
བཅུད་ལེན་སྙིང་ལ་ཐིམ་རེད།།

བདག་པོའི་དལ་བའི་རྟེན་ལ།།
ཤ་རུས་ལྷག་མ་མེད་ཀྱང་།།
ཁ་སེམས་གཅིག་ཏུ་བྱུང་ན།།
ཁྲག་རྒྱུན་གཉིས་སུ་བགོས་ཆོག།

ཕྱི་ནང་དབྱེ་འབྱེད་དཀའ་ཡང་།།
འཇམ་རྩུབ་སོ་སོའི་ངོས་ནས།།
ཤ་རུས་བདེ་དྲོད་ལྟེར་མཁན།།
བལ་དཀར་ཁ་ཆུ་འདྲ་ལེ།།

འཁོར་བའི་བརྩེགས་རིམ་དགུ་ལ།།
སྡུག་གི་མུན་པ་འཐིབས་པས།།
མནར་གཅོད་ཁྲག་གི་ཐིགས་པས།།
གཙང་བོའི་ཁ་དོག་བསྒྱུར་ཟེར།།

ཆུ་མོ་བཞུར་རྒྱུན་རིང་ཡང་།།
རྡོ་ཁོག་བརླན་གྱིས་མ་ཟིན།།
སེམས་པ་འདྲེས་འདྲེས་བྱུང་ཡང་།།
གློ་སྙིང་ཁོག་པ་མ་ལོན།།

བརྩེ་བ་རི་ཤོར་འཛིན་ལ།།
གསེར་གྱི་རྟོག་ཐག་མི་དགོས།།
ཨ་གསར་ཚར་ན་མ་གཏོགས།།
དུངས་སེམས་རྩ་ལ་མི་ཞགས།།

གཟུགས་མེད་ཚོར་བའི་ཁ་དོག།
སུ་དང་གཞན་གྱིས་མི་མཐོང་།།
ཟག་མེད་བདེ་བའི་ཡེ་ཤེས།།
འཁྲུལ་དང་རྟོག་པ་མི་མངའ།།

གཞས་ཚིག་དབྱངས་ལ་ལྡེབ་ནས།།
རྒྱུད་སྐུད་སྒྲ་ལ་འབྱིན་མཁན།།
ཅང་མེད་གྲྭ་རྐྱང་འཁྱམ་པོ།།
རུ་སྔུན་སྤྲུལ་མིང་འཛིན་པས།།

ལོ་ཟླ་ནི་ཆ་མེད་ཅིག་ཡིན་པས།།
ཁྱོད་ཀྱང་ཆ་མེད་ཀྱི་མི་ཞིག་ཡིན།།
གཙང་བོ་ལ་ཁ་བ་ཧ་ཅང་བབས་པའི་དེ་རིང་།།
དོན་དུ་མི་ཞིག་ལ་མེ་ཏོག་འབུལ་ཚུལ་མ་ཡིན་ནམ།།❄️❄️❄️


发布     👍 0 举报 写留言 🖊   
✋热门推荐
  • #新血计划##beaster摩登天空 后声可畏# 报名倒计时1⃣️天 @蘇黔和皖川來自四川成都,早期立於15乙未年江蘇徐州地下室,成員來自華東(蘇,皖),西南(
  • 一个人跑来拉萨,路人最常和我说的两句话是: “拍藏服写真吗?” “你没有朋友吗?” 仔细想想,这两句就几乎代表了我事隔五六年,第二次来西藏的感觉。 一定是更加现
  • #张艺兴[超话]##现在的你想和几岁的张艺兴相遇# 每个时段的你,都想遇见: 想和17岁的张艺兴相遇,告诉你,你很棒!未来的你会闪闪发光,会成为贝壳们生命中很
  • #阳光信用[超话]# |#每日一善#|#阳光信用# 【带容易吞,最好不带,我看见评论就会回。】 天下皆知美之为美,斯恶矣;皆知善之为善,斯不善已。故有无相生,难
  • #签到领红包[超话]# 有哪些让你醍醐灌顶的人生金句? 1.我以为别人尊重我,是因为我很优秀,慢慢的我明白了,别人尊重我,是因为别人很优秀!优秀的人更懂得尊重
  • 有胡须,不利夫运,感情不容易。并且是长脸能吃苦,但易奔波劳碌,最适合做一个职业女性。眉毛浓,重情讲义气,但是印堂窄心胸狭窄,性格计较,在做事情的时候非常执着、倔
  • 没有难过 只是感慨 已经过去快一年 又觉得好像昨天才发生 从没错过的预感 当时明明一切都挺好 却觉得 这个人 以后再也见不到 要永别 如果那天都知道 是这辈子
  • 杭州牙齿纠正反馈丨让你开怀大笑也漂亮的秘密 #杭州成年正畸##骨性龅牙# 这位姑娘她的牙齿主诉问题门牙大.外凸,照相会刻意遮挡嘴巴,根据她的需求我为她选择了注重
  • 收到晓雯寄来的生日礼物时的内心活动: 1.拿到礼物:卧槽 这是谁给我寄的枕头 嗯?收件人?最爱的瑶酱? 2.拆开礼物:卧槽这上面咋是我哈哈哈哈哈哈哈哈哈 3.翻
  • 今天感触很多。 细想想自己真的很幸福。有这么宠我的老公,真的把我当成了女儿。都很宝贝且重视我的婆家人,自己的父母更是不用说! 有热爱的工作还有老公无条件支持的鲜
  • 我的评分:[星星][星星][星星][星星][星星] #无限深度##峰爆口碑# 中国铁建参与制作指导,拥有专业设备,通过这部电影让我更加了解了一点中国铁建,铁道
  • Hi ,终于见面 我们是过海茶库 一个具有八仙元素的新中式茶室 我们想做的事情很简单 提供一个具有东方美感的,年轻人喜欢的 有生活气息相关的「城市会客厅」 探索
  • #归终[超话]# 和一位没玩过原神的大佬画的归终~ 起初是找大佬朋友帮忙修一下形,结果人家重画了一遍草稿,让我重新描… 图里所有的不完美都是我的! 大家欣赏美丽
  • 当心打开的时候才能看到美好,有一天我写过这样一句话:“有一天我想告诉你我想你了”今天我自信又勇敢地表达了“此刻,微风正好,我想说我很想你了,祝君安好,如有打扰,
  • 香奈儿与山茶花的邂逅[鲜花][鲜花] 可可·香奈儿最钟爱山茶花,因为她最爱的情人亚瑟·鲍依·卡柏送她的第一束花就是山茶花。 山茶花可是和世界时尚品牌香奈
  • 欧洲战略重心东移!美国将向波兰部署更多军队 #国际军事# #军事杂谈# 据《军事时报》网站8月16日报道,美国国务卿蓬佩奥8月15日与波兰官员达成了一项防务合
  • #房子现摘果业,房子优果产地水果现摘现发##房子现摘果业,房子优果诚招全国生鲜总代# 这是我们的脐橙和市场上橘子做的对比,以前我去买水​果‎​全‎都是‎挑‎​
  • 每次都来找你看,觉得你看的最符合我的情况塔罗[围观]牌占卜 亲的一份责任感,才使它们的完好地保存下来。它从这一个跑到那一个上,再从那一个跑到另一个上,看看它们,
  • #热门楼盘推荐#【高区威高新城信和苑】 价格:尚未公布 全部户型:二居室(80㎡) 三居室(95~121㎡) 楼盘概况:威高地产,成立于2006年,依靠威高集团
  • 捡漏了,29.6万的游艇,在网上拍卖,被人捡漏19.3万买走。 接待艇1艘,本艇为澳普兰游艇制造有限公司制造,全玻璃钢材料船体结构,游艇造型为内河船,艇长为1