ཕ་རྗེས་བཟང་སྤོ་ལོ་རུ་ཁག་ལ་རྟེན་འབྲེལ་ཞུ།
རྒྱང་རིང་ལམ་ཐག་ཅང་ཤེས་བང་གིས་གཅོད།།
འཇིགས་མེད་དཔུང་པ་དགྲ་སྡེ་ཀླད་ལ་འཕྱར།།
ཡང་རྩལ་བདེ་ཅག་འཁྱུག་པའི་སྤོ་ལོ་རྩེ།།
འདི་དག་གདོང་དམར་བཙན་གྱི་སྲོལ་རྒྱུན་ནོ།།
གཞུང་བཟང་ལྷག་བསམ་ཨ་ཕ་སྤྲེལ་གྱིས་བྱིན།།
རྣམ་དཔྱོད་རང་ཚུགས་བྲག་སྲིན་ཨ་མས་གནང་།།
ཡིག་དྲུག་དབྱངས་རྟ་མཐའ་ལ་མ་ཡལ་བའི།།
སྤུར་རྒྱལ་གདུང་གི་བརྒྱུད་པ་ཨེ་མ་རྨད།།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་མདོར་བསྡུས།

​འཕགས་ཡུལ་གྱི་ཆེན་པོ་བཞིའི་ཡ་གྱལ་སློབ་དཔོན་དཔའ་བོ་སྟེ། རྒྱ་གར་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སེང་གེ་གསང་བ་དང༌། ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང༌། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནུབ་ཕྱོགས་ཀྱི་ནང་པའི་པཎྜི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར་ཅིང་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ། རྟ་དབྱངས་དང་ཕྱི་ནང་གི་གྲུབ་མཐའ་རྩོད་པར་ཕེབས་ནས་རྟ་དབྱངས་ཚར་བཅད་དེ་ནང་པའི་རིང་ལུགས་སུ་བསྒྱུར། ཕྱིས་སུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་ཤིན་ཏུ་མཁས་པར་གྱུར། མཚན་དཀོན་ཅོག་འབངས་ཞེས་གྲགས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པ་རིན་པོ་ཆེའི་སྐྱེས་རབས་ལ་བསྟོད་པ་སྙན་ངག་དཔག་བསམ་འཁྲི་ཤིང་དང་གཞན་ཡང་། སྐྱེ་རབས་སོ་བཞི་པ་དང་། སངས་རྒྱས་ཀྱི་སྤྱོད་པ་དང་། མཛེས་དགའ་བོའི་བརྟོགས་རྗོད་ཀྱི་མཚོན་པའི་བསྟན་བཅོས་སྤྱི་དང༌། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས། མཚན་གྱི་རྣམ་གྲངས་ལ། དཀོན་ཅོག་འབངས་དང་སློབ་དཔོན་དཔའ་བོ། རྟ་དབྱངས་དང་དཔལ་ལྡན་དཔའ་བོ་ཞེས་སོགས་གྲགས་སོ། །

#彭措书香[超话]# [微风]ཤེས་མེད་ཚོར་མེད་ངང་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་བསླེབས། ལོ་སྐོར་ཟླ་བ་བཅུ་གཉིས་ལས། ཟླ་བ་འདི་ནི་ཅུང་དམིགས་བསལ་ཞིག་སྟེ། གཅིག་ན་ལོ་སར་སོགས་ཕར་འགྲོ་ཚུར་འོང་གི་སྐབས་སུ་ཁེལ་ལ། གཉིས་ན་དབོ་ཟླ་ལ་ཉིན་གྲངས་ཉེར་དགུ་ཙམ་ལས་མི་འདུག་པས། བྲེལ་ཟིང་གི་བར་ཀློང་འདིར་དུས་ཡུན་ཧ་ཅང་ཐུང་དྲགས་ཀྱང་། ང་ལ་མཚོན་ན་དངོས་གནས་ཐུང་ཡང་འགྲིག་བཞག་པའི་སྣང་བ་ཞིག་ངང་གིས་སྐྱེས།

ད་ནི་ཅི་གར་བཤད་དགོས་པ་མི་ཤེས་ཀྱང་། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱི་ཟླ་གཉིས་པ་ནི་ང་ལ་མཚོན་ན་རབ་ཏུ་བཀྲ་མི་ཤིས་པའི་ཟླ་ངོ་ཞིག་ཏུ་གྱུར། ལོ་ཡི་འཁོར་མོ་ཡུག་ཅིག་གི་ཆ་ནས་བཤད་ན། དཔྱིད་ཉིན་རིང་བོར་དྲོད་གསུམ་གྲང་གསུམ་ཟེར་བའི་གྲང་གསུམ་དེ། ངས་ནི་ཐེ་ཚོམ་མེད་པར་ཕྱི་ཟླ་གཉིས་པ་འདི་ཏན་ཏན་འཇོག་ངེས་ཤིང་། ཟླ་བ་འདིར་བྱུང་བའི་སྨྲེང་སྐྱོ་གློ་བུར་བ་དག་གིས་ངའི་ལུས་སེམས་ཁྱོན་ནས་སྦྲིད་པར་བྱས། ལས་དང་བྱ་བ་གང་ཡང་བར་ཆད་དང་ལམ་འགྲོ་འོང་བ་ཞིག་ཡེ་མེད་པས། སྐབས་ལན་རེར་གཏོལ་མེད་པར་དུ་ཆང་གི་ལོངས་སྤྱོད་དུ་གྱུར་ཞིང་། བྱ་དཀའ་བྱེད་གཏད་ཆེ་བའི་འགལ་རྐྱེན་འདི་དག་ཤིན་ཏུ་ཅ་ཟིང་པོ་རང་དུ་འདུག ཡིན་ན་ཡང་། དེ་རིང་ནི་ཟླ་ངོ་འདིའི་ཆེས་མཐའ་མཇུག་གི་ཉིན་མོ་རེད་འདུག ང་ལ་མཚོན་ན་ཕྱི་ཟླ་བདུན་པ་ནི་ཡོད་ཚད་ཀྱི་མགོ་རྩོམ་པའི་དུས་སྐབས་ཤིག་ཡིན་ངེས་ན། ཕྱི་ཟླ་གཉིས་པ་ནི་ཡོད་ཚད་མཇུག་སྒྲིལ་བའི་དུས་ཤིག་ཏུ་གཏན་ཁེལ་བྱས་ཆོག་པར་སྣང་། དེ་བས་ན། ཕྱི་ཟླ་གསུམ་པ་དང་ནང་སྒོས་ཕྱི་ཟླ་བདུན་པ་རེ་འདུན་དང་བཅས་ལམ་སེང་ཚེས་ཐུབ་པར་ཤིན་ཏུ་རྔམ་དགོས་པ་ཞིག་བྱུང་།

ཁ་སང་། ཕྱི་ཟླ་གཉིས་པའི་ཟླ་རེའི་ཟླ་མཇུག་གི་དཔེ་ཀློག་གཞི་ནས་ཚགས་སུ་ཆུད། དེབ་འདི་ནི་སྔར་གྱི་དཔེ་དེབ་གཞན་དག་དང་མི་འདྲ་བར་ཅུང་བློ་བསྐྱེད་ཀྱི་ཆ་མང་ཙམ་བདོག ། ལྷག་ཏུ་དེབ་འདིའི་ལེའུ་ལྔ་པ་སྟེ། རྒྱ་ནག་སྐད་དུ祈祷的力量ཞེས་པ་ལས། ནང་གསེས་1.向水传递人的情感དང་2.语言的能量 3.七角形水结晶的秘密 མཐའ་མ4.超越时空的祈祷བཅས་ཀྱི་ས་བཅད་འདི་དག་གིས་བློ་སེམས་རབ་ཏུ་འཕྲོག ནང་སྒོས་ས་བཅད་གཉིས་པ་ངག་གི་ནུས་ཚད་ཀྱི་སྐོར་ལས། ངས་སྐབས་རེར་ཁ་བཏོན་བྱེད་བཞིན་པའི་གཟུངས་སྔགས་ཁ་ཤས་ཀྱང་དྲན་མུས་སུ་འདུག་ལ། ཞིབ་འཇུག་གི་གྲུབ་དོན་འདི་ཉི་ཧོང་སོགས་ཐེག་པ་ཆེ་ཆུང་གི་ཡུལ་ལུང་མང་པོ་ཞིག་དང་། ལྷག་ཏུ་ཞུན་ཆགས་ཟུར་བདུན་མའི་གསང་བ་ལས་ཐིང་ཡོན་ཆུ་རགས་(藤原大坝)གྱི་སྣང་ཚུལ་དེས། ཅོལ་ཆུང་བྱབ་ཆུང་ཚོས་རྨོངས་དད་རེད་ཅེས་པའི་སྐར་མ་རྒྱག་སྟངས་ལའང་ཕྱིར་རྟོག་ཐེངས་ཤིག་བྱ་དགོས་ཐུག མ་ཡེ། ཟླ་བ་འདིར་ཁྱེད་ཀྱིས་དཔེ་དེབ་ཅི་ཞིག་བཀླགས་པ་ཡིན། དེབ་དེ་བརྒྱ་ལ་འུ་གཉིས་ཀས་མཉམ་སྤྱོད་ཐེངས་ཤིག་བྱས་ཐུབ་ན། ང་རང་དགའ་བ་འབུམ་གྱིས་བརྟས་ངེས་པ་མཇུག་ཁྲུན་ཆོད་ཨང་།

—2024/02/29ཉིན་ལ།


发布     👍 0 举报 写留言 🖊   
✋热门推荐
  • 声门癌的传统治疗方式,主要是开放式手术或接受长达7-12周的放射治疗,尽管治愈率不错,但有很多病人的咽喉功能会严重受损,甚至永久性地丧失喉咙、无法自然发声和与人
  • 晚上和Lifan在VA博物馆的花园里吃晚餐,煎鱼和土豆算是另一种风味的fish and chips,之后又去再看了一次Food展览,试了试最后的特色料理。今日份
  • In Flanders fields the poppies blowBetween the crosses, row on row,That mark our
  • 不你要相信,这个世界运气是守恒的,你现在所受的苦最终会变成你 喜欢的甜,你就权当是尚处于在一个长假,好好休息,等到时来运转,人生才刚刚开始 。但时代会囤下一些优
  • 不过他很可能会拒绝,但你必须得2-3天做一次,让他明白你有想照顾他的心。简芯老师觉得不是的,你肯定很有吸引力,不然他也不会和你结婚了。
  • 作为西安文化产业的重镇,曲江新区将利用第二届进博会对进出口增长的拉动效应,积极组织区内外资企业对接洽谈,做好采购商招商,筹划国际贸易、投资和交流洽谈等一系列活动
  • 她将这些清澈透明、原始本真的日子记录成文#印度将中国领土划入所谓直辖区##陳雪溶[超话]#“这应该过了《偶像来了》3期节目,进度条至第五幕后面一些时,忽然有一阵
  • 专为敏感肌设计,质地是很清爽的水,油皮使用也完全ok,要知道现在找到一款适合自己不粘腻的爽肤水有多难~​水凝保湿重整配方,对抗游离基,令细胞恢复健康饱满。尤其是
  • Ps :one piece 不是宝藏,难不成路飞才是罗杰的儿子,而且还有个妹妹 安。 终于吃到了韩式饺子!
  • #刘宇宁热血少年卫乘风# #摩登兄弟广州演唱会# #摩登兄弟[超话]#摩登兄弟 mdxd 刘宇宁 lyn 宁哥 棚主 你今天的努力,是幸运的伏笔,当下的付出,
  • 搅沫沫APP为您提供新鲜资讯,靠谱招聘求职信息,实用二手信息以及让人心动的优质交友信息等等。搅沫沫APP为您提供新鲜资讯,靠谱招聘求职信息,实用二手信息以及让人
  • ……太多了,总之“因舞台而生,舞台为你而闪耀”“因为热爱所以纯粹,因为纯粹所以一直热爱”“如果舞台在我心里有确定的模样,那一定是你站在舞台上肆意浅笑的样子”“我
  • 『打卡宫崎骏动画取景地』这是个在盛产橘子的爱媛寻找宫崎骏的旅程,离开民宿主minmi的两层小别野,打卡了千与千寻里的油屋,海上的火车站,还有开进大海的火车轨道,
  • 我为了给阿部捧场还硬是提了一个,结果他死傲娇还说不用勉强自己提问题也行[微笑]下完课奇怪坂川为什么还不给我发答案让我整理发表,结果又他妈发现我星期日光给他发了个
  • #博君一肖[超话]#姐妹们我刚刚找了一些土味情话,我们去绿洲,微博上刷一刷,让哥哥开心一点。 抖音土味情话 1.人的一生就是在不断的遇见,再见,再相见,一个不
  • 影视宣发部具备全国47条主流院线及全互联网内容宣发能力,专业的宣发团队可以对院线电影及互联网网生内容进行有针对性的发行、宣传。影视宣发部具备全国47条主流院线及
  • #专家给您一个解答##通过专家的说法,我们可以知道其实孕妇朋友们是可以少量食用一些螃蟹的!没办法,我们厨师主动上,装修时间长,给很多老顾客带来了不便,在此我们真
  • 虾仁黄金豆腐每天限量20份,保证每一份都是最鲜最嫩那一份!这是2019年城北的第二场土拍,也是决定城北楼市走势的风向标!
  • ”除了数据方面的优势外,如果从产品经营思维变为用户经营的思维,网约车还将为公司获客带来帮助。欧了出行也存在类似的情况,“目前,欧拉新能源汽车和欧了出行是相辅相成
  • !这名村民是共和镇上直沟村的杨成莲,也是镇上的蔬菜种植大户,今年流转了镇上的13多公顷土地,种蔬菜和药材。