༈ སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ནི།
《十一种圣贤的特征》
༠༡ ཕྲག་དོག་དང་ང་རྒྱལ་ཆུང་བ་ནི་སྐྱེས་བུ་དམ་པའི་རྟགས།
01.嫉妒与骄傲微小,是圣贤的特征。
༠༢ འདོད་པ་ཆུང་ཞིང་དངོས་པོ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ནི་སྐྱེས་བུ་དམ་པའི་རྟགས།
02.贪心微小、安贫知足,是圣贤的特征。
༠༣ དཔའ་ཚུལ་དང་ཆེ་འགྱིང་དང་ང་རྒྱལ་མེད་པ་ནི་སྐྱེས་བུ་དམ་པའི་རྟགས།03.不炫耀气派、不摆架子、没有我慢,是圣贤的特征。
༠༤ ཚུལ་འཆོས་དང་ངོ་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས།
04.不装模作样、不表里不一, 是圣贤的特征。
༠༥ བྱ་བ་གང་ཡང་བརྟགས་ཤིང་དཔྱད་ནས་ཤེས་བཞིན་དུ་དྲན་པས་ཟིན་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས།
05.观察自己的一切行为,保持正念与正知,是圣贤的特征。
༠༦ ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་བ་ནི་སྐྱེས་བུ་དམ་པའི་རྟགས།
06.对待因果如护眼中珠,是圣贤的特征。
༠༧ སྡོམ་པ་དང་དམ་ཚིག་ལ་ངོས་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས།
07.对于戒律与三味耶的持守,没有人前人后的隐藏,是圣贤的特征。
༠༨ སེམས་ཅན་ལ་ཉེ་རིང་གསར་འགྲོགས་མེད་པ་ནི་སྐྱེས་བུ་དམ་པའི་རྟགས།
08.对众生不分亲疏远近,是圣贤的特征。
༠༩ གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས།
09.对造恶的人不怒、能容忍,是圣贤的特征。
༡༠ རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་ནི་སྐྱེས་བུ་དམ་པའི་རྟགས།
10.占便宜的事让给别人,吃亏的事自己承担,是圣贤的象征。
༡༡ བསམ་སྤྱོད་གང་ཡང་འཇིག་རྟེན་པ་གཞན་དང་མི་མཐུན་པ་ནི་སྐྱེས་བུ་དམ་པའི་རྟགས།
11.所作所思不同于世间凡俗,是圣贤的特征。
དེ་ནི་སྐྱེས་བུ་དམ་པའི་རྟགས་བཅུ་གཅིག་ཡིན་ནོ།།དེ་དག་ལས་ལྡོག་པ་ནི་སྐྱེས་བུ་ངན་པའི་རྟགས་ཡིན་ནོ། །
以上是十一种圣贤的特征,与此相反的即是“非圣贤”的特征。

བསོད་ནམས་ཉི་ཟླ་བཞིན་དུ་ལམ་སེ་ལམ།།
བརྩེ་བ་གངས་རི་བཞིན་དུ་བརྟན་སེ་བརྟན།།
ལོངས་སྤྱོད་རྒྱ་མཚོ་བཞིན་དུ་མེ་རེ་རེ།།
སྙན་གྲགས་གཡུ་འབྲུག་བཞིན་དུ་ལྡི་རི་རི།།
གཞིས་ཁྱིམ་ནམ་མཁའ་ལྟ་བུ་ཡངས་པ་དང་།།
འདོད་འདུན་སྐར་ཚོགས་བཞིན་དུ་རབ་བཀྲ་བའི།།
འཇིག་རྟེན་འདས་དང་མ་འདས་དགེ་ཚོགས་ཀུན།།
བློ་ལ་བླངས་པ་ཙམ་གྱིས་འགྲུབ་པ་ཡི།།
སྨོན་ལམ་ཆེན་མོ་རྗེ་བཙུན་ཏཱ་རེ་མས།།
དུས་ཀུན་སྐྱོངས་ཤིག་ཐུགས་རྗེས་མི་འདོར་རོགས།།

༢༠༢༤/༢/༢༧ མུ་ར་བས།

རང་ཉིད་རང་སྐྱོང་གི་བསམ་བློ།

     འཇིག་རྟེན་གྱི་ཐང་ཆེན་པོ་འདི་ནས་ང་ཚོ་སུ་དང་སུ་ཡིན་ཡང་གཅིག་པུར་སྡོང་པོ་སྐྱེ་བ་བཞིན་མིན་པར་ང་ཚོ་ལ་སྙིང་ཉེ་བའི་ཕ་མ། བློ་མཐུན་པའི་གྲོགས་པོ། སེམས་དཀར་བའི་མཛའ་གྲོགས། ལས་དབང་དང་སྟེར་དབང་གིས་འཕྲད་པའི་དགེ་སློབ། ཟུངས་ཁྲག་གི་ཆུ་རྒྱུན་འདྲེས་པའི་ཉེ་མའི་སོགས་རང་དང་ཉེ་བའི་འགྲོ་བ་གང་མང་ཞིག་ཡོད་པར་བདེན་མོད།  འོན་ཏང་དེ་དག་ནི་རང་གི་བཀའ་དྲིན་བཞག་ཡུལ། དྲིན་ལན་མཇལ་ས། ཕན་པ་སྒྲུབ་ཡུལ། བྱམས་བརྩེ་ཕུལ་ས། སྲི་ཞུ་ཞུ་གནས། ལྟོས་མེད་ཀྱི་དགེ་སེམས་སྐྱོང་ས། ཕངས་མེད་ཀྱི་དགེ་ལས་སྒྲུབ་ས་ཞིག་ལས། དེ་དག་ནི་ང་ཚོ་སྐྱོབས་པའི་ལྷ། གསོ་བའི་མགོན། ཚེ་འདིའི་དཔུང་གཉེན། ཕྱི་མའི་རྒྱབ་རྟེན། འགྱུར་མེད་ཀྱི་དཀོན་མཆོག ནུས་ལྡན་གྱི་སྲུང་མ། རང་ཉིད་དམ་པ་རུ་བསྐྲུན་པའི་བྱེད་པོ་གང་ཡང་མིན་ཏེ། ཕ་མས་འུ་ཚོ་བླ་ན་མེད་པའི་སྐྱེ་ཆེན་ཞིག་ཏུ་བསྐྲུན་ན་འདོད་ཀྱང་། འུ་ཚོ་རང་གིས་ལམ་དེ་མ་འཚོས་ན། ཁོ་ཅག་ལ་ཡོད་པ་ནི་བསམ་པ་ཙམ་ལས་ནུས་པ་མིན། གྲོགས་པོས་འུ་ཚོ་འཇིག་རྟེན་ཡང་དག་གི་ལམ་དུ་ཞུགས་ནས་འདི་བདེ་ཕྱི་སྐྱིད་ཀྱི་སྐྱེ་བུ་ཞིག་ཏུ་རེ་བ་བྱས་ཀྱང་། བཀའ་མོལ་གནང་ཡང་། འུ་ཚོ་རང་རང་གི་ལམ་འདི་མ་གདམ་ན་ནི། ཁོ་ཚོའི་རེ་བ་ནི་རྨི་ལམ་ཡིན་ལ། ཁོ་ཚོའི་བཀའ་མོལ་ནི་བྲག་ཅ་དང་འདྲའོ། །
              དགེ་རྒན་གྱི་རྟག་པར་འུ་ཚོའི་སྔུན་རྒྱབ་མདུན་གསུམ་ལ་ལྟ། འདས་མ་ད་གསུམ་ལ་སེམས། ཤེས་རབ་ལ་གོམ་འགྲོས་བསླབས། མི་གཤིས་ལ་མཛེས་རྒྱན་སྤྲད། ཁྱོད་རང་མཐའ་མེད་པའི་མཁའ་དབྱིངས་སུ་འཕུར་ནས། འགྲོ་བ་རིགས་དྲུག་ལ་བདུད་རྩི་དྲངས་པའི་དམ་པ་ཞིག་ཏུ་འགྱུར་གྱུར་སྐུལ་བ་བདེན་ནའང་། འུ་ཚོ་རེ་རེ་ནས་“རང་ཉིད་རང་སྐྱོང་གི་བསམ་བློའི”་འདུན་པ་དབུལ་ན། དགེ་རྒན་གྱི་ནུས་པ་ནི་ཆུ་སྐམ་པའི་ཞིང་ས་དང་འདྲ་བས། འབྲས་བུ་ཞིག་ཇི་ལྟར་སྨིན། ད་དུང་གཉེས་ཉེ་མཛའ་གྲོགས་སོགས་ཀྱིས་མཚོན་པའི་འུ་ཅག་དང་ཉེ་བའི་འགྲོ་བ་སུ་དང་སུ་ཡིན་ན། རང་ཉིད་དམྱལ་བ་ནས་ཕྱུང་སྟེ་ལྷ་ཡུལ་ལ་དྲངས་པའི་ནུས་པ་གཏན་ནས་མེད། དེ་བས་ཐུབ་པས་ཀྱང་“འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིག། ཉིད་ཀྱིས་རྟོགས་པ་གཞན་པ་སྤོབས་མིན་ཏེ།། ངས་ནི་ཁྱོད་ལ་ཐར་བའི་ཐབས་སྟོན་པས།། ཐར་བ་རང་ལ་རག་ལས་ཤེས་པར་གྱིས”་ཅེས་བཀའ་བསྩལ་བ་ལགས་སོ། །
           དེ་རིང་རང་ཉིད་བཟོད་དཀའ་བའི་སྡིག་རྩུབ་ཀྱི་བཙོན་དོད་དུ་ལྷུང་ན། ལུས་སྟེང་གི་ན་ཟུག་དང་སེམས་སྟེང་གི་མནར་བཅོད། མྱོང་བཞིན་པའི་དཀའ་སྡུག་དེ་ལ་ཇི་ལྟར་གཟུར་དགོས་མིན།  རང་རང་གི་ཤེས་རབ་དང་བྱམས་བརྩེ་སྙིང་རྗེ་བཅས་ལ་རག་ལས་པ་ལས།  ཨ་ཕ་ཨ་མའི་ཕྱག་གི་སེལ་མི་ནུས་ལ།  ཉེ་དང་གྲོགས་པོས་མེད་པ་གཏོང་མི་ནུས།  ཚེ་རབས་འཕྲེང་བ་བྱས་ནས་ཡོང་བའི་ཁྱོད་ཀྱི་དེ་རིང་གི་རྣམ་ཤེས་ཀྱིས། ཐོབ་པ་དཀའ་བའི་སང་ཉིན་གྱི་ཉི་མ་ལ། ལེགས་ཉེས་གང་ཞིག་གིས་འབྲས་བུ་མྱོང་པ་དང་། ཡག་སྡུག་གང་ཞིག་གིས་ལང་ཚོ་མངོན་པ་ནི། ད་ལྟ་ཁྱོད་ཉིད་ཀྱི་བསམ་གཞིག་དང་འདུན་པ། ཕུགས་བསམ་དང་རེ་བ། ཡིད་ཆེས་དང་ཕྱག་ལས། བཟོད་སྲན་དང་སྙིང་སྟོབས་ཁོ་ནའི་རྗེས་སུ་འབྲེལ་བ་ལས། སུ་ཞིག་གིས་ཁྱོད་ཀྱི་མ་འོངས་པར་བཀོད་སྒྲིག་མི་ཐུབ་བོ། །
           ཁྱོད་ཉིད་དམྱལ་བ་ལྷུང་ན་འཕེན་མཁན་ཡང་རང་ཉིད་ཡིན་ལ་སྐྱོབས་མཁན་ཡང་རང་ཉིད་ཡིན། “རང་ཉིད་རང་སྐྱོང་གི་བསམ་བློ”་ནི་ང་ཚོ་མི་ཞིག་ལྷ་རུ་འགྱུར་བའི་སྟག་གོན་ཡིན་ལ། རང་ལ་གཤོག་པ་ཐོག་པའི་སྔར་བརྟན་ཡིན། དེའི་ན་ངེས་པར་དུ་རང་ལ་འཕྲད་ངེས་སྐྱེན་གྱི་དགའ་སྐྱོ་ཆགས་སྡང་གི་བཙན་གནོན། ལྡོག་ཏུ་མེད་པའི་སྐྱེ་རྒ་ན་འཆི་ཡི་གཡུལ་འཐབ། གློ་བུར་དུ་འབྱུང་སྲིད་པའི་སྡུག་བསྔལ་གྱི་ཉེས་ཆད་དག་ལ། ཇི་ལྟར་གདོང་གཏོད་མིན་ནི་རང་ཁོ་ནས་ཐག་བཅོད་དགོས་པས། ང་ཚོར་ནམ་ཡང་“རང་ཉིད་རང་སྐྱོང་གི་བསམ་བློ”་མཁོ། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་ལྟ་ན་སྡུག་པའི་མི་ཚེ་ལ་མཛེས་སྡུག་བསྐྲུན་དགོས། དཀོན་པའི་མཆོག་ཏུ་གྱུར་པའི་རང་ཉིད་ལ་རིན་ཐང་སྩོལ་དགོས། སུ་ཞིག་གི་རྒྱབ་སྐྱོར་དང་ཡིད་ཆེས། སེམས་ཁུར་དང་བྱེད་མིན་ལ་རེ་བ་བྱ་རྒྱུ་མ་ཡིན་པར། རང་གི་རྐང་པས་རང་ཁོ་ནར་སྐྱབས་པའི་དབེན་དོན་དེ་ཤེས་པ་གྱིས། རང་ཉིད་རང་གི་སྐྱབས་ཡིན་ལ། རང་ཉིད་རང་གི་དགྲ་ཡིན་པའི་གནས་ལུགས་དེ་ངེས་པར་དུ་མཁྱེན་པ་བྱོས།


发布     👍 0 举报 写留言 🖊   
✋热门推荐
  • 我所有的秒回不是因为我很闲而是因为你很重要你所有的不回也不是因为你很忙而是因为我不重要如果有一天我不再对你微笑了请记得你也没有在意过我快不快乐如果有一天我变得不
  • #肉毒素#给大家分享一下财经郎眼统计的医美大数据,医美市场真的很乱的,时常看到很多非法机构给求美者们手术做失败而来进行修复的案例,甚至还有危及生命的情况,真的很
  • 还有阴天 电台情歌 忽然之间 他不爱我 爱 如果没有你 慢慢喜欢你 看看……好多喜欢的歌我圆梦了555我真的好爱Karen!郭德纲:现在和当年不一样了。
  • 房产事关民生,民生无小事,必须有社会公器来抗衡、监督房产质量,方能促该行业风清气正,维护社会安定团结。如今在金普新区不动产登记中心,“一窗受理”大厅井然有序,排
  • 这两天心情真的是糟糕透了,饿了一天没有吃一点东西,没胃口,吃不下,昏昏噩噩的,躺一天,躺着累了玩会手机,玩累了就眯一会,追了一下午剧,不知道看的啥,手里拿着手机
  • 最后一波大肚照~时间从三位数到两位数到倒数越来越膨胀的身体和越来越多的期待从前三个月的保胎到孕中期的身轻如燕再到孕晚期与羊水 妊娠纹抗争还好动宝是天使宝宝自己臀
  • 《梦授心经》 气定神清心梦宁,梦中天地任我行,傲啸江山逐梦远,百年遗梦逝身形,谁可得长生?心灯普光明,宇宙任纵横!思想导师明心路,爱语燃心灯;心境澄清光明景,自
  • 老公:让我最后一次这样叫你吧从周六上午,在商场偶遇她依偎在你怀里撒娇,你宠溺的笑着吻她到周六晚上,我们彻夜长谈,也不过才过去短短几天而已,可我竟然已经完全平静了
  • 全体绿岛人祝愿乔老师早日康复,我们等您回归最爱的讲台!狗狗今年已经12岁了,一直以来都是父亲照顾,看到虎子,就感觉父亲的灵魂还在。
  • 就单单今天 有三次我都以为我要玩儿完了的时候我都在最后几分钟被拯救了 归根结底大多数功劳在于我那帮家人朋友 一旦事情变得不妙我就逮住一个嘤嘤嘤 她们就帮我解决了
  • [二哈]”其他还有一些护肤品牌卫星会,主要都是以微生态和AI交叉为主题,我对这种“生物型量子力学”的玄学不太感冒,而且有炒冷饭、蹭热度嫌疑,就不细讲了。遮盖疗法
  •   17、消极性:  总是隐藏自己的内心世界,即便是想成为朋友,也很少主动搭话。  14、一针见血:  擅长观察人的她,总是可以轻易看穿人的想法,说话时常一针见
  • #好物推荐#会稽郡余饶县有个叫钱祐的人,半夜到房后解便,被一只老虎叼走了。想不到,十八天之后,他又自己回到了家中。他说:"老虎把我叼走后,来到一座官府,只看见有
  • 我把手放在它的肚子上抚摸一会,发现这是个弟弟,我甚至看到了它的dd[允悲],我很不好意思地把手移开,它又粘着我的手,非要让我摸它软乎乎的肚子……再写两年论文,我
  • #高杨[超话]# 小高故事会 - 《彩色的海风》 “告诉你故事是这样的,还是回到海边,真的不是编。这句话因为我当时理解不了,‘你在风中一次次低吟’,这个风
  • 接下来的心愿,就是希望在接下来的一个月里,不要再哭了!那个榜,比什么都重要,因为真金白银才能进小李的腰包,当年我们立志让她成为通州河边的富婆,我们没做什么,她已
  • 期待与希望期待能有个好运气 一直相信我的运气不是太差之前听到很多人说:“一辈子很长,一定要跟有趣的人在一起”。不知道从什么时候开始不再讨厌今天而期待明天了,能够
  • #驻马身边事#【传递温情天中义工联合会为残障儿童理发献爱心】11月9日下午3点,在驻马店市‘妈妈爱特教康复中心’的培训学校里,到处洋溢着欢乐的气氛。由天中义工联
  • !!
  • 时间12.3-12.9:€xff9YClvXxR€ 今年得冬天我不出意外我还是要在北方度过,但是!我忍了很久了!北方真的是干得要死,尤其是北京得天气真的干到你