དིལ་མཁྱེན་རྡོ་རྗེ་འཆང་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཞལ་གསུངས་མ། ༼61༽

ད་ལྟའི་བར་བཀའ་རྒྱ་དམ་པོས་ཆིག་བརྒྱུད་གནང་མཛད། ད་བརྒྱུད་པ་ལྔ་པ་མན་ཆད་བཀའ་ཅུང་ཟད་ཡངས་སྙམས་ཀྱང་ཁྱེད་རང་ནས་ཤེས་ཞེས་གསུངས། རྫོགས་ཆེན་སྡེ་གསུམ་གྱི་དབང་ལུང་སྐབས་ཀཿ ཐོག་མཁན་ཆེན་ནུས་ལྡན། གཏེར་སྟོན་དྲི་མེད་སྲས་འཇམ་མགོན་སྤྲུལ་སྐུ་པདྨ་ཐུགས་རྗེའི་དབང་ཕྱུག །གཏེར་སྲས་བདེ་ཆེན་རྣམ་རྒྱལ་གྱི་སྲས་དྲི་མེད་སྤྲུལ་སྐུ་སོགས་ཀྱང་ཕེབས་པས། སྤྲུལ་སྐུ་པདྨ་ཐུགས་རྗེའི་དབང་ཕྱུག་ལས་བཀའ་མ་དོང་སྤྲུགས་པདྨ་རྒྱ་ལྡན་གྱི་དབང་རྗེ་བླ་མས་གསན་པའང་ཞར་བྱུང་དུ་ཐོབ། གཏེར་ཆེན་དྲི་མེད་པདྨ་གླིང་པ་སྐུ་གཤེགས་ཏེ་ཟངས་མདོག་དཔལ་རིར་ཕེབས། རྗེ་བླ་མར་འདས་རྗེས་བླ་སྒྲུབ་ཁྱད་པར་ཅན་ཞིག་འདུག་པའི་དབང་ལུང་ཡང་བཀའ་དྲིན་བྱུང༌། མཁན་ནུས་ལྡན་པདྨ་ཤེལ་ཕུག་གི་མདུན་བཞུགས་པ་ལ། རྗེ་བླ་མ་རིན་པོ་ཆེས་ཕྱག་རྒྱ་པདྨ་ཅན་ལ་བརྟེན་ཏེ་རྡོ་རྗེའི་ཚེ་སྒྲུབ་ལམ་གྱི་རྟོགས་པ་སྤར་ཚུལ་ཐབས་ལམ་གྱི་ཟབ་གནད་སྐོར་གསུང་རྩོམ་བགྲོ་གླེང་མང་པོ་ཕྱག་བྲིས་ཕན་ཚུན་གནང་བར་མཛད། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཚོགས་འབུམ་ཕྲག་ལྷག་བསྒྲུབས། མཁན་ནུས་ལྡན་ནས་ཟབ་མོ་ཡང་ཏིག་གི་དབང་ཞིག་གསན་པའང་བཀའ་དྲིན་ཐོབ། མཁའ་འགྲོ་གསང་འདུས་ཀྱི་རྒྱུད་ལས་མདོས་ཆོག་གཙོས་གཏེར་ཁ་དགོས་གནད་ཆེན་པོ་དང་ལྡན་པ་རྣམས་ཕབ་པར་བཀའ་རྩོམ་ཚིགས་བཅད་བསྩལ་ཞིང༌། རྒྱ་དྲིལ་སྤུས་ལེགས་བཅས་གནང༌། ཁམས་བྱེའི་མཁན་པོ་ནས་ཞུས་པ་བཞིན་ལམ་འབྲས་སྦས་དོན་མ་ཞིབ་ཁྲིད་དུ་བཀའ་དྲིན་བསྩལ། འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེའི་སྐུ་ཚེ་མཐར་ཕྱིན་པ་དང་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་མཐའ་དམག་ཞི་བའི་རྟེན་འབྲེལ་གྱིས་ལུང་ཟིན་ཌཱ་ཀིའི་རྒྱལ་མོ་ཤེལ་དཀར་རྡོ་རྗེ་མཚོའི་རྣམ་འཕྲུལ་ལ་དཀར་སྲས་མོ་ཚེ་རིང་ཆོས་སྒྲོན་ཕྱག་རྒྱར་བཞེས་པའི་བརྟན་བཞུགས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་སྒོ་ནས་གུས་པས་ཕུལ་བའི་སྐལ་བཟང་བྱུང༌། རང་གཏེར་པདྨ་ཚེ་སྙིང་གི་རྩ་བ་གསུམ་གྱི་དབང་ཁྲིད་ཐམས་ཅད་ཕུལ། བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་སྟེང་དུ་གསེར་གྱི་རྒྱལ་མཚན་འཛུགས་པའི་ནང་གཞུག་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གནས་ཆེན་བྱིན་འབེབས་གདུགས་དཀར་གྱི་རྒྱལ་མཚན་འཛུགས་ཆོག་རྣམས་རེ་སྐོང་སྔགས་པ་བཀྲ་ཤིས་དཔལ་ལྡན་དང་གུས་པས་ཀྱང་ཞབས་ཏོག་ཞུས། བླ་མ་དགོངས་འདུས་ཀྱི་དབང་ཆེན་ཞིབ་རྒྱས་དང་སྡེ་དགེའི་བསྟན་སྲིད་ལ་ཕན་ཕྱིར་ཁྲོ་རི་ཟིལ་ཁྲོམ་གྱི་ལྷོ་ཕྱོགས་སུ་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་དུ་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བཅས་རྗེ་བཙུན་བླ་མ་རིན་པོ་ཆེ་དབུ་བཞུགས་ཀྱི་ཞབས་གྲས་སུ་གུས་ཀྱང་ཚུད་པའི་སྐལ་བཟང་བྱུང་བ་དང༌། སྒྲུབ་ཐབས་རྣམས་ཆོག་ཁྲིགས་བཀའ་དྲིན་བསྩལ། རྗེ་བླ་མས་པདྨ་ཚེ་སྙིང་གི་ཡང་ཟབ་རིག་འཛིན་ཚེ་སྒྲུབ་ལ་བསྙེན་འབྲེལ་གནང་བ་གཟིམས་ལམ་ལེགས་པོ་བྱུང་གསུངས། བྱ་རྒོད་གཉེར་པས་སྦྱིན་བདག་གིས་ཟིལ་ཁྲོམ་ཤར་ཕྱོགས་མ་ཎི་གད་མགོར་ཀློང་སྙིང་དཔལ་ཆེན་འདུས་པའི་སྨན་སྒྲུབ་སྒྲུབ་ཆེན་དང་འབྲེལ་བ་རང་དང་རྒྱལ་རོང་ནམ་སྤྲུལ། གཡག་ཟེ་བ་ཤུལ་བླ་སྤྲུལ་སོགས་འདུས་པ་བརྒྱ་སྐོར་ལྷག་དང་བཅས་པས་བསྒྲུབས། ལྷ་རི་ཕོ་བྲང་དུ་རང་གཏེར་གེ་སར་གྱི་རླུང་རྟ་སོགས་རྒྱས་སྒྲུབ་བྱས། རྒྱུད་སྡེ་བཞི་འབྲེལ་གྱི་སྒྲོལ་དབང་ཞུས་ནས་རྗེ་བླ་མའི་མདུན་ནས་བཏེགས་ཏེ། ཆོས་རྒྱལ་སྡེ་དགེ་དང་བྱ་རྒོད་ལྷན་རྒྱས་ཀྱིས་ཟིལ་ཁྲོམ་མདུན་དུ་རྩ་གསུམ་དྲིལ་སྒྲུབ་ཀྱི་གནས་ཆེན་བྱིན་འབེབས། གཞི་བདག་རྟེན་བཀོལ་བཅས་བསྒྲུབས། གཏེར་བུམ་དང་དཀྱིལ་འཁོར་སོགས་་་་་་་་

[合十]མུ་འགོད[合十]

རིས་མེད་རྒྱལ་བསྟན་འཛིན་པའི་སྟོན་པ།སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཆོས་ཀྱི་བང་མཛོད། རྒྱལ་བསྟན་སྲོག་རྩ་འཐུད་པའི་ཆོས་རྗེ། ཐུབ་དབང་གཉིས་པ་༧རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་རྫོགས་རྗེས་དྲན་ཞུ།

རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོར་ཁམས་སྡེ་དགེ་གཏེར་ལུང་དིལ་མགོ་ཚང་དུ་སྐུ་འཁྲུངས། ཆུང་དུས་ནས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་མཁས་གྲུབ་ཀྱི་གོ་འཕང་མངའ་བརྙེས། གསང་སྔགས་གསར་རྙིང་དང༌། ས་གཏེར།

ཡང་གཏེར། དགོངས་གཏེར།

རྗེས་དྲན། དག་སྣང༌། སྙན་བརྒྱུད་བཅས་ཀྱི་བཀའ་བབས་པས་རྙིང་མ་དང༌། བཀའ་གདམས། ལམ་འབྲས། མར་པ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད། བསྙེན་སྒྲུབ། སྦྱོར་དྲུག་བཅས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་རིང་ལུགས་གསལ་བར་མཛད་པའི་དཔེ་གཞུང་དང༌། སྒྲ་སྙན་བཟོ་གསོའི་སྐོར་སོགས་ཀྱི་གསུང་རྩོམ་མང་པོ་མཛད། ཕྱོགས་རིས་དང་གྲུབ་མཐས་ཞི་བའི་དམ་ཆོས་དྲག་པོའི་མཚོན་ཆ་རུ་བསྒྱུར་བའི་དུས་རབས་ཀྱི་ཁུག་སོ་དེ་ན་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་ཞལ་འཛོམས་པས་འབྲི་ཆུའི་ཤར་ནུབ་གཉིས་སུ་གྲུབ་མཐའ་རིས་མེད་ཀྱི་གཞི་རྐང་བཙུགས་ཏེ་བོད་གངས་ཅན་དུ་རིས་མེད་བསྟན་པའི་སྲོལ་ཕྱེས། བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་གདམས་ངག་གི་ཆུ་བོ་མ་ལུས་པ་གཅིག་ཏུ་བསྡུས་ཏེ་(གདམས་ངག་མཛོད་) ཀྱི་རྒྱ་མཚོ་བསྐྱིལ། བླ་སློབ་ཟུང་དུ་འབྲེལ་བ་འཇམ་མགོན་ཀོང་སྤྲུལ་དང་།

རྗེ་བཅོ་ལྔ་པ།

འཇུ་མི་ཕམ།

འཇམ་དབྱངས་བློ་གཏེར་དབང་པོ་སོགས་སློབ་ཚོགས་དུ་མ་བསྐྱངས། སྤྱིར་སྐབས་དེའི་བླ་ཆེན་དང་མི་དཔོན་ཚོས་རྗེ་འདི་ལ་མ་བསྟེན་པ་མེད། མཐའ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ལོར་ཞིང་དུ་ཕེབས་ཏེ་སྤྲུལ་པ་དང་ཡང་སྤྲུལ་དུ་མ་བསྟན་དང་འགྲོ་བའི་དོན་དུ་ཕེབས་པ་ཞལ་གྱིས་བཞེས་སོ། །རིག་འཛིན་རྒྱལ་མཚན་ནས།

རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ།
心 执常法唯是自欺诳。
བག་མེད་ངང་དུ་གནས་པ་བདག་ཅག་ལ།
我等恒处解怠放逸中。
དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས།
总集三宝上师悲眼视。
མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།
能念无常死亡求加持


发布     👍 0 举报 写留言 🖊   
✋热门推荐
  • ” 停了一下,她说:“当然,你也是我的孩子,我这边从养老钱拿出2万给你,算是我和你爸爸的一点心意。” 我看到老公的脸色大变,我赶紧抢先说话:“爸,我也不瞒你说,
  • #控制饮食减肥# 饮食:三顿都吃而且每顿都吃的很饱,坚持“两拳膳食纤维、一拳蛋白质、一拳碳水”的吃法,一直到减肥三个月的时候就已经100斤了,此时控制饮食的作用
  • 他应该是一直自信的,就像五年前那个唱《第一天》的小贺峻霖一样我心里的贺峻霖值得世界上最好的东西。好像他在摄像机面前表现出来的成熟通透让大家忘记了他还是一个未满十
  • 路边有乞丐在乞讨 孩子和父母手拉手一起经过 好奇心使孩子不时把目光瞥向路边 这时父母的谆谆教诲来了: 不好好读书,长大后就是这个样子 要么就去搬砖 那语气,多少
  • 皮皮加油,你可以的[加油][冲刺][冲刺][冲刺][冲刺][冲刺][冲刺]我为什么做什么他们都不开心,我以为我可以向他们倾诉的,为什么倾诉的话反倒成了他攻击我的
  • 泡脚只是养生的一种辅助手段,且有一定的人群禁忌,以下人群请注意: 1.严重心脏病、低血压病人当心晕厥热水泡脚或泡温泉,会导致人体血管扩张,全身血液由重要脏器流向
  • 7.20上市公司公告集锦 定增重组 600389 江山股份:以1.2亿元收购自然人股东持有的控股子公司33%股权 投资签约 002208 合肥城建:
  • 无论在头脑的世界依靠金钱,还是在心灵的世界依靠神通,都不能真正地解决你的苦恼,获得你的安宁……真正彻底全然的解脱,只有一条路可走:那就是了悟真相,识破所有的幻象
  • #李大辉[超话]##加州玫瑰李大辉# 220625 AB6IX 官推更新大辉相关 CHICAGO ABNEW MAKE SOME NOISE We were
  • 树木常被人们用来度量逝去的年月,是时间长河平凡而伟大的象征,人们会将自己的记忆投射到树的身上。一个攀树人穿梭在枝丫间,把迷人的故事说给全世界聆听。
  • 早上最想吐的时候刷个牙换套衣服就出门,看见街上的人感觉都很精神,所以我也要爱惜身体! #毕业后你会从事本专业工作吗# #幸运星指南# #手相面相解析#今日份打卡
  • 换而言之,通威比同行具备更强的盈利能力,一旦打起价格战,通威也更容易活到最后。正是这种执行力,到了2014年9月,这家全球最大的电池片单体工厂就实现满产,次月更
  • ” 那年平安夜,买不到车票,安慰他说不要紧反正你也不过平安夜,看着宿舍其他女孩和男朋友出去,你心里空落落的,晚上十一点小企鹅滴滴得响,他说“宝宝你看窗外”。最后
  • 万万没想到绯闻极少的沈腾也被爆料,还爆出了这样一个惊天大瓜,说起来实在是意外,如果博主爆料为真,原来沈腾喜欢的是殷桃这般清丽脱俗的女人啊但爆料是真是假还有待确定
  • 出一个佳能80d 国行 18-135IS USM套机(不单卖)快门九千左右,就暑假拍了一段时间,后来因为学业比较繁忙就一直闲置,保护得很好,屏幕、镜头光洁无划痕
  • 思绪,也随之缓缓的蔓延,丝丝都带着无法言说的孤寂……早安!路过南中环桥的时候,突然间就想到了以前在英国上学时候的样子,也是一样的阴冷,也是一样的云层很低,空气中
  • 结果那医生阿姨说门口没男的把门给我开开了[抓狂][抓狂]过了几秒就来一男的,还是青少年!去到皮肤科医生护士打锣在找我,问我去了哪里,我说喝茶去了[呲牙][呲牙]
  • 那些曾经在一起的美好瞬间,曾经想要相守一生的女人,是很难完全断掉,更没有办法忘记。或许,是因为当初的自己懵懂不知道如何去爱,又或者懊恼曾经的不够坚定,但都已经成
  • (来源:抚州交警)#北海身边事# 【搅拌车违规进入交通管制路段,撞上正常直行的电动车】2017年8月22日18时40分许,一辆混凝土车辆在平阳镇政府对面路段
  • 【 踏浪者原稿画展 ・ 画盒销售签名会 】展览日期:16/7/2022 星期六 17/7/2022 星期日展览时间:2:00pm - 9:00pm展览地点:九重