#刘宇宁帝林# | #刘宇宁紫川# | #摩登兄弟[超话]#

月亮躲进云端,星星不再眨眼,万物均已困倦,请你安然入眠,祝你晚安!ɢᵒᵒᵈ ɴⁱᵍʰᵗ ✩ིྀ@摩登兄弟刘宇宁

https://t.cn/A6YfvGc4
https://t.cn/A6YT4i6h
刘宇宁燕子京[给力]刘宇宁珠帘玉幕刘宇宁魏劭[给力]刘宇宁折腰
刘宇宁卓不凡[给力]刘宇宁天行健
刘宇宁帝林[给力]刘宇宁紫川
摩登兄弟刘宇宁[虎爪比心]刘宇宁[虎爪比心]宁哥[虎爪比心]棚主[虎爪比心]lyn

༄༅།།ཚོར་བའི་རླབས་རིས།

བཀོད་མཛེས་ཡིད་འོང་མདོ་རྒྱུད་ལེགས་བཤད་ཀྱི་ཁང་པའི།།
ངེས་ལེགས་ལོངས་སྤྱོད་རྫོགས་པའི་ནང་བཀོད་དེ་ཡག་ཀྱང་།།
མཚན་ལྡན་བླ་མའི་མན་ངག་ལྡེ་མིག་དེ་མེད་ན།།
ཤེས་རབ་ཨུ་ཚུགས་ཅན་དེ་ཐར་རབས་ནི་མི་འདུག།

བྱིན་རླབས་བདུད་རྩིའི་གདམས་ངག་སྙིང་དབུས་སུ་འཁྱིལ་བའི།།
ངེས་དོན་བུམ་པ་བཟང་པོའི་བཤེས་གཉེན་ཞིག་མེད་ན།།
ཚུལ་མིན་ལས་ཀྱིས་བསྐྱེད་པའི་ཐོག་མེད་ཀྱི་གཅོང་ནད།།
ཐ་མལ་ཆུ་རྒོད་ཙམ་གྱིས་དག་ཐབས་ནི་མི་འདུག།།

སྔོན་བསགས་རྣམ་དཀར་ལས་འབྲས་བསོད་ནམས་ཀྱི་ཞིང་སར།།
བརྟན་མཁས་བཤེས་གཉེན་ཨུ་དམ་ཝ་ར་ཞིག་འཁྲུངས་ཏེ།།
བྱམས་བརྩེའི་འདབ་མ་རིས་མེད་འགྲོ་བ་ལ་བརྐྱངས་ན།།
མ་འདྲིས་མཛའ་བཤེས་སྟོན་མཆོག་ཁྱེད་ཉིད་ལས་མི་འདུག།

གུ་ཡངས་བློ་བདེ་ཨ་ཏིའི་མཁའ་དབྱིངས་སུ་འབྱམས་ཤིང་།།
བསྒོམ་མེད་འོད་གསལ་འཁོར་ལོའི་སྲོག་གནད་དེ་ཆུབ་པའི།།
རྒྱལ་སྲས་ས་འཛིན་སྤྱོད་པའི་མཛད་པ་ལ་བསམས་ན།།
ཆོས་སྐུ་ཀུན་བཟང་ཟེར་བ་ཁྱེད་ཉིད་ལས་མི་འདུག།

དུག་ལྔའི་རྟོག་པའི་འཚང་ཁ་བར་མེད་དུ་རྒྱག་ཅིང་།།
བག་མེད་ཆང་གིས་སྨྱོས་པའི་ར་རོ་ཡི་བུ་ལ།།
ཞལ་གསུང་ལྷ་ཆབ་གཙང་མའི་ཞལ་ཏ་ལ་བསམས་ན།།
ཕ་གཅིག་བླ་མ་ཟེར་བའི་ངེས་ཤེས་ཏེ་རྙེད་ཡོང་།།

ཁྱེད་སྐུ་དཔག་བསམ་ལྗོན་པའི་བསིལ་གྲིབ་ལ་བཅར་ན།།
ངེས་འབྱུང་རླུང་བུ་འཇམ་པོའི་རེག་བྱ་དེ་མྱོང་ལ།།
ཉོན་མོངས་ཚ་གདུང་སེལ་བའི་ནུས་པ་ལ་བསམས་ན།།
སྙིང་རྗེའི་བྱིན་རླབས་གོས་ཀྱི་དྲོད་ཁོལ་དེ་ཚོར་ཡོང་།།

གུས་ལྡན་དོན་གཉེར་སློབ་བུ་སྦྲང་ཆུང་གི་ཚོགས་ལ།།
ཉིན་མཚན་མི་དལ་ཆོས་ཕུང་བརྒྱད་ཁྲི་ཡི་སྙིང་བཅུད།།
མདོ་སྔགས་ཟེ་འབྲུ་གསར་བའི་དགའ་སྟོན་ལ་བསམས་ན།།
ས་སྟེང་བླ་མས་གང་ཡང་ཁྱེད་ལྷག་ཅིག་མི་འདུག།

ཆོས་བརྒྱད་འབྲུག་སྒྲ་རྒོད་པའི་སྙིགས་མ་ཡི་དུས་འདིར།།
ཆོས་མིན་གཟིག་ལྤགས་གྱོན་པ་ཤ་མོ་བཞིན་རྡོལ་ཡང་།།
ཆོས་མཐུན་སྐྱེ་བུའི་མ་བཅོས་ལྷད་མེད་ཀྱི་རང་བཞིན།།
ཆོས་ཚུགས་གསེར་གྱི་གར་བུའི་རང་མདངས་ནི་ལྷམ་མེ།།

རྩོད་ལྡན་ཡང་མཐར་སྐྱེས་པའི་ལས་དམན་གྱི་ཁྱུ་ཚོགས།།
སྔོན་བྱོན་རྒྱལ་བས་མ་ཐུལ་ལྷག་མ་རུ་ལུས་ཀྱང་།།
ཐུགས་བསྐྱེད་གོ་ཆ་བཙན་པོའི་སྨོན་ལམ་ལ་བསམས་ན།།
ཐུགས་རྗེ་གཞན་ལས་མྱུར་བའི་ཨོ་རྒྱན་དང་མཚུངས་བྱུང་།།

ཅོལ་ཆུང་གཡམ་རྒྱུག་མཁས་པའི་ཅལ་འདྲོགས་ཀྱི་སྐྱེ་བོར།།
གཅམ་ཚིག་ངག་གིས་བཀུར་བའི་བླ་མ་ནི་མང་ཡང་།།
ཨུ་ཚུགས་ལྕགས་ལས་བརྡུང་བའི་ཐ་མལ་གྱི་བུ་ལ།།
ལྷ་གཅིག་གསོལ་བ་འདེབས་ས་ཁྱེད་ཉིད་ལས་མི་འདུག།


རྒྱང་ལ་སྤྲིང་པའི་འཕྲིན།

དུས་ཚོད་ལ་ངེས་བཟུང་མེད་པར།
དབུགས་འབྱིན་རྔུབ་ཀྱི་བར་ནས།
སེམས་ཀྱི་གཏིང་རིམ་ཉུལ་མཁན་གྱི་ཁྱེད།
ཐོགས་རེག་བྲལ་བའི་བརྩེ་དུང་གི་ནམ་མཁར།
ཟླ་བའི་ལྷ་མོ་བཞིན་དལ་གྱིས་རྒྱུ་ཡོང་དུས།
ཝ་ལེར་འཛུམ་གྱིས་ཕྱུག་པའི་ཀུ་མད་དག་ཀྱང་།
དུང་བའི་དམག་སྣ་འདྲེན་པའི་དཔུང་རོགས་དང་།
རེ་བའི་དན་རྟགས་ངོམས་པའི་ཟླ་གྲོགས་དེ།
ཁྱོད་ཁོ་ན་གཅེས་སུ་འཛིན་མཁན་གྱི་ཚོགས་དང་།
ཁྱོད་གཅིག་པུ་ལྷ་རུ་བཞེངས་ཀྱི་ངའི་དཔེ་མཚོན་དེའོ།།

སྐྱེས་པ་ནས་ཚེ་རབས་དུ་མར།
བག་ཆགས་ལ་བཏེགས་པའི་ཡིན་ནམ།
བག་ལྷོད་པའི་རང་གཤིས་དེ་ཞེ་ལ་ཐོགས་དྲགས་པས་ཡིན།
ཇི་ཙམ་འདྲིས་པ་བདེ་སྐྱིད་ཀྱི་གཞི་མ་དང་།
ག་ཙམ་འཕྲད་པ་སྙིད་དུ་སྡུག་པའི་གོམས་གཤིས་འདི།
ཁྱོད་ཀྱི་ནང་སེམས་ཀྱི་འཇིག་རྟེན་ཡིད་དུ་འོང་བས་ཡིན་ནམ།
ཁྱོད་ཀྱི་ལང་ཚོ་ལ་གཞལ་གྲངས་མི་འཇོག་པའི་མཛེས་སྡུག་ཅིག་ལྡན་པས་ཡིན།
སྙིང་ཉེ། རབ་དཀར་ཁ་བས་གཡོག་པའི་ཡུལ་ལྗོངས་འདི།
གསུམ་ལྡན་གོས་ཀྱིས་ཀླུབས་པའི་ལས་དབང་འདི།
དྲན་རྟགས་རི་མོར་ཕབ་པའི་སེམས་བྱུང་འདི།
ཁྱོད་དང་ང་ལ་དབང་བའི་གར་སྟེགས་དེ།
ངེད་གཉིས་མཉམ་འཚོ་ཆོག་གཞི་རུ་འབོད།

ཐུང་ཐུང་མི་ཚེའི་གཏམ་རྒྱུད་རིང་མོའི་ནང་།
རེས་སྐྱིད་རེས་སྡུག་ཁུར་སའི་ལ་མོ་དེ།
རེ་བའི་མིག་ཟུང་གཏད་སའི་གཞོན་ནུ་ཁྱོད།
དུང་བའི་སེམས་འདུན་གྱེར་སའི་གར་སྟེགས་དང་།
དགའ་བའི་ན་ཟུག་གླེང་སའི་སྙིང་སྡུག་དེ།
མིག་ཆུའི་གཙང་བོ་འདྲེན་སའི་ཡོད་ཚད་ཁྱོད།
ང་དང་མཉམ་འགྲོ་མཉམ་འདུག་ཆོག་པར་ཞུ།


发布     👍 0 举报 写留言 🖊   
✋热门推荐
  • 梦冉“梦”出自宋·秦观《鹊桥仙·纤云弄巧》“柔情似水,佳期如梦,忍顾鹊桥归路”文中指代梦境,用于人名指梦想,人有梦想就不会磨灭希望,有了希望做任何事才会有动力,
  • 眼看着消息热度做上了火箭,于正又跑出来装无辜,感慨为何自己一个随手的评论也热门事件,但话说到最后,又为此事添上一把火,爆料是自己撮合的两个人,说自己这两天和
  • 如摄影家黑明所言:这些照片不仅引领了当时的摄影潮流,更重要的是用摄影的方式呈现了新中国的觉醒与反思,体现了那个火热年代思想观念的转变,记录了新世纪的时代潮,更体
  • (建议把貂蝉删了)十一月也要对我好一点~让我各个考试顺利通过学业有成~十一月希望他们世冠比赛有好成绩!十月见证了姐姐步入婚姻殿堂,佳偶天成,百年琴瑟~✨十月遇见
  • #肖战[超话]#[心]#肖战NARS品牌代言人# [心]#NARS细管哑光唇膏#天哪天哪天哪!爱你一生一世[爱你][爱你][爱你]@X玖少年团肖战DAYTOY肖
  • 上周二分享(000665)湖北广电成功涨停10%,本周一关注中天金融上涨5.8%,16年从业经验,盘中参考指导,#财经##股票##股票[超话]##今日看盘#某建
  • 有好多话要对九尾说,不知从何说起, 记得是5月份,当时的不经意点进王者事,那天刚好是尾子哥战队的比赛,为了观看直播得奖励就随意看了几眼,没想到就发
  • 其宅僅蔽風雨,又不設垣牆,望之若逆旅之捨」。從陶淵明「採菊東籬下,悠然見南山」的閒情逸致,到周敦頤「出淤泥而不染,濯清漣而不妖」的自我修養,再到王冕「不要人誇顏
  • 11月8日感染者699、700、702至706、717诊断为无症状感染者,其余感染者诊断为确诊病例,临床分型均为轻型。11月8日感染者699、700、702至7
  • 4:我的路线是把零零碎碎的事情总和起来,大家可以参考这个灵活变通,一天不做没关系不要有负罪感,不要被游戏pua啦,当然为了自己想要的物品努力的宝子们都是最棒哒!
  • 而拉升这个动作,是需要资金的。与此同时,主力资金还有一个目的,就是让那些坚定看涨的资金,给他们在下跌途中买入的机会。
  • 11月21日-12月24日,生肖羊他们霉运不敢招惹,横财遍地喜相随,进入聚财快车道,事业一旺百旺,财运也会旺到爆棚,必定事业步步高,财运年年顺,未来几月里大运稳
  • #昆明大理约拍#我们都有个性,所以彼此谦让一点。#大理最美婚纱照#我们都有伤心,所以彼此安慰一点。
  • 截图中老王说"呃呃呃呃呃,tuannn",还写了句"哦咦你真让我头痛"tuan已经是老王对狮子专属称呼了,每次看到都觉得
  • 我就很疑惑,差不多的效果,为什么非要使用有更多副作用的药物?但在我们国内中文论坛上,布洛芬成了神药,几百万的育儿大V动不动就推荐父母给孩子使用布洛芬,咱也不敢问
  • 感性的男人在不断失望的过程中,爱意被磨灭得差不多了,感情再也无法支撑你们的关系,也没有理由再继续,于是分手;而理性的男人就算还爱,但他心里清楚爱你也没用,反正最
  • 喝着喝着也逐渐理解,实在的好茶并不是在咱们的家里,而是在咱们的心里,在咱们的感觉里,与钟情的至交一同品着茶,聊着日子的点滴,这种实在的好,才是沉着地享受着喝茶的
  • 这算是祖玛珑首次推出圆球形设计的瓶身磨砂玻璃质地,像极了圆滚滚的小雪球秋天的烦恼一定会被冬天的纷飞的大雪埋藏香未闻,只是看到一眼就怦然心动了潮湿雾感和清甜琥珀香
  • (南都晨报 张婵 全媒体记者 杜福建 通讯员 李彦 舒何龙)#强化新时代法律监督#【“百村千宿”中涌动“检察蓝”】因自然风光秀美,河南省栾川县形成了独具特色的乡
  • 女孩子就是要自信迷人每一天吖,变美秘籍大公开,还不赶快学起来[偷笑]~4个变美小心机,助你美出圈:勤护肤,做好保湿补水,避免干燥起皮穿搭上以显瘦、大方为主,拒绝