࿐གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལས།


སྔགས་ཀྱི་དམ་ཚིག་སྐབས་སུ།
དེ་ཡང་རི་སྒོག་ཞག་ལྔ་ཉམས༔
ཀླུང་གི་སྒོག་པས་ཞག་དགུ་ཉམས༔
ལྕེ་ཡི་དབང་པོས་ཉེར་གཅིག་ཉམས༔
ལྒ་གཡེར་ཟ་ཐུག་ཁུ་བ་ཡིས༔
ཞམས་གསུམ་ཉམས་པར་འགྱུར་བ་ཡིན༔
བྱིན་གྱིས་མ་བརླབས་ཤ་དང་ཆང་༔
ཞག་ལྔའི་བར་དུ་ཉམས་པར་འགྱུར༔
མདོར་ན་དྲི་ངན་ཀུ་བའི་རིགས༔
བཟའ་དང་བཏུང་བ་གང་ཡིན་ཀྱང་༔
ཞགས་མང་སྔགས་ཀྱི་ནུས་པ་གསོད༔
དེ་ཕྱིར་དེ་དག་སྤང་བར་བྱ༔ ཞེས་གསུངས།། །།

࿐༧རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལསཿ ࿑ མ་འོངས་མདོ་ཁམས་ཤར་ཕྱོགས་སུཿ ལུང་ཁ་ནུབ་བསྟན་མདའ་རུ་ཆོས་གྲྭ་ཡོདཿ གཡས་རི་གཡུ་འབྲུག་འཁྱུག་འདྲ་ཡོདཿ གཡོན་རི་སེང་གེ་འགྱིང་འདྲ་ཡོདཿ པདྨའི་སྒྲུབ་གནས་ལྷ་རིའི་མདུནཿ རིགས་སམ་རྒྱུད་ནི་གླིང་ལས་སྐྱེསཿ ཕ་ནི་ཀླུ་ལ་མ་ནི་ལུཿ སྐྱེ་བུ་མེ་ཡོས་ལོ་པ་ཞིགཿ ཕ་མ་ཆོས་ལྡན་པང་དུ་སྐྱེཿ ཕྱག་མཐིལ་གཡས་སུ་ཆེ་མཆོག་སྐུ་འདྲ་ཡོདཿ ཕྱག་མཐིལ་གཡོན་དུ་ཧོམ་ཁུང་རང་དོད་ཡོདཿ བརླ་གཉིས་མཐིལ་དུ་མེ་ཏོག་པདྨས་བརྒྱནཿ དབྲལ་བར་ཡི་གེ་ཨ་ཡིས་མཚནཿ གཞན་ཡང་མཚན་རྟགས་མང་དུ་ཡོདཿ སྐུ་གསུམ་ལྷུན་གྲུབ་སྨེ་བས་བརྒྱནཿ སྐྱེས་བུ་དེ་ཡི་ཞལ་མཐོང་ཙམ་གྱིས་ཀྱང་ཿ ལས་ངན་སྡིག་ཆེན་མང་པོའི་ལས་སྒྲུབ་འདགཿ སྐལ་ལྡན་མང་པོ་བྱང་ཆུབ་ལམ་ལ་འགོདཿ དད་ལྡན་མང་པོ་རིག་འཛིན་གནས་སུ་འཁྲིདཿ དམ་ཉམས་བདུད་སྤྲུལ་མང་པོའི་གཉའ་གནོན་བྱེདཿ ཟོག་པོ་གཏེར་རྫུན་མང་པོའི་རྫུན་ཕུགས་བཤིགཿ ས་གནད་གསོས་ཤིང་མཐའ་ཡི་དམག་དཔུང་བཟློགཿ ཁྱད་པར་གནས་གཏེར་འདི་རྣམས་ཞལ་ཕྱེས་ཙམ་གྱིས་ནིཿ དུས་འཁྲུགས་ཞི་དང་ལོ་ལེགས་འབྲུ་འཕེལ་འགྱུརཿ གཞན་ཡང་ལས་ཅན་སྐྱེས་བུ་དེ་ཉིད་ལཿ མི་ཡི་མཐོང་སྣང་མང་དུ་འབྱུང་ཿ རེས་འགའ་འཇའ་ཚོན་རེས་འགའ་སངས་རྒྱས་མཐོང་ཿ རེས་འགའ་ཐ་མལ་པ་ཡི་མི་རུ་མཐོང་ཿ ཞེས་གསུངས་སོཿ

࿐རྣམ་རྟོག
ཀུན་རྟོག་གཟུགས་མེད་རླུང་བུས།།
ཆགས་སྡང་རི་ལུང་མང་བོར།།
སྤུར་ཏེ་འགྲོ་བ་འདི་ཡང་།།
སྔོན་གོམས་བག་ཆགས་ཡིན་དང་།།
འཕྲལ་གྱི་རྐྱེན་དབང་བཙན་པ།།
གང་ཡིན་བདག་སེམས་དོགས་ཀྱང་།།
སོ་སོར་འབྱེད་ལ་རྨོངས་ཏེ།།
རྣམ་རྟོག་རྟ་རྒོད་འདི་ལ།།
བཞོན་ནས་འགྲོ་བགྲངས་མེད་ཀྱང་།།
ཐོབ་བྱའི་འབྲས་བུ་ཉུང་མོད།།
མི་བཞོན་ཐབས་ཤིག་མ་རྙེད།།
4—-12ཞོགས་པར་གང་དྲན་དུ་མཚལ་སྙིགས་པས་བྲིས་སོ།


发布     👍 0 举报 写留言 🖊   
✋热门推荐
  • 当然年产两款新作也是我们的最终奋斗目标,现在公司已有聘请外部程序员与设计师参与游戏开发,只是要一年做出2部《轨迹》系列等级的新作实在过于困难,仍需要升级所需的开
  • #每日一善[超话]##每日一善[超话]#☀#每日一善# ☀#阳光信用# 【不tun必hui】人生像一首曲子,离不开灵动的音符;每个人都希望自己的每一天都开开心心
  • @花火杂志 (本想发经纬度活动结果发不了图片[允悲][允悲])谁不辛苦啊,我今年刚毕业,一名人民教师,下班回来很累,本想做个饭可是又觉得没必要,泡个泡面,吃了一
  • 肖战正能量 我喜欢肖战。肖战正能量 我喜欢肖战。
  • 活动最后,执法人员现场开展农残和瘦肉精等项目快检实验,让孩子们在实验中有代入感的了解食品安全知识,提高自我保护能力,同时通过孩子带动家庭、学校,联动社会,营造社
  • 想把我对生活的感悟都灌输给你,可是,毕竟我不是你,未来还要看你自己。我现在想做的是,保持年轻的心态,一辈子当你的好朋友,不离不弃。
  • #博君一肖[超话]# 在超话抽奖是好事,但是太多了就有猫腻了,有些大大确实是真心抽的,你敢保证所有人都是真心的?还有新来的不要发帖说求踢升级之类的,说不好听的把
  • 尼泊尔精品唐卡-黑金点彩经文曼荼罗,画心尺寸约70×70cm,尼泊尔新派黑金唐卡大师Buddaha Lama作品,作品创意新颖,石墨研粉打底色,主体金粉绘制,局
  • 反正如果不是高级餐厅的话 一定只能吃大众点评必吃榜上的 或者排名高的 随便进一家真的很可能很可能踩雷[右哼哼][左哼哼][右哼哼][左哼哼]唉 我几乎每天都在感
  • 我真的要被自己笑死我很爱二狗 二狗很爱我两个人上次联系还是8月22我们前后天生日 我给忘记了但是最近不知道为什么我想起来我有个很爱的人叫二狗我决定去找她但是我突
  • #黄铉辰和花朵肋骨贴纸适配度# 铉辰尼吃巧克力蛋糕ฅ^•ﻌ•^ฅstay们我来吃蛋糕啦❣️( ˘ ³˘)♥︎闻起来好香啊| (• ◡•)|哇上面还有栗子诶(⊃。
  • 炒股你可以贪婪到无比极致而等待心中理想点与技术指标同步时分批买入,但你不可以贪心到每每都要抛售在理想的高位转折点上。#塔罗牌[超话]##塔罗牌占卜# 任何一个人
  • 第一个故事比较大众,印象中最深刻的地方就是几处“溺水”的意象,其余部分全凭讯姐和许娣老师演技撑起,个人觉得男主气场太弱了,加之某些尴尬的台词真的很难不吐槽[
  • ”面对记者的提问,阮怀军的回答信心满满:“虽然基地暂时受到了疫情影响,但红色研学培训作为未来文旅发展的大趋势从未改变。在中国经济全面超过日本之后,美国就开始了所
  • ˖⋆•ᴥ•ꔛ‬ꕤ   时常‭鼓励‬自己:别放弃,会‭熬过去‬人活一世,总会‭遇见‬各种各样的困难,‭面对‬大小不同的考验,有些人熬不过去,‭轻易‬就放弃了,半路
  • 所以这就导致了网上对它口碑的分化,爱剧情流的观众可能觉得配角戏份消耗了热情,主线不够明朗导致节奏不够明快但是这些小瑕疵如果可以接受的观众,真的觉得是部难得的佳作
  • 85度C母公司股价今日一度跌停 两天蒸发近9亿元】前天(8月14日)东方网·纵相新闻独家报道了台湾当局领导人#蔡英文“过境”美国#时,去往一家85度C咖啡连锁店
  • 我力挺王力宏,就因为他前妻的爆料都是多年前所谓的“黑料”;就因为太多颠倒黑白的小作文事件,但好在有#朱军胜诉# 、被污蔑的取快递女士胜诉等等的好消息,让在小作文
  • 大家聚在一起是巧台还是布局,台上的人是泄台下的人 又有什么秘密。为了打印出来方便看点 把历史文档重新排版了下 真的好累眼啊[awsl]历史老师也太不容易了[思
  • 幻视,幻听,幻痛,到幻想、幻觉。小时候我的朋友是这样不得了的东西。害怕的时候我就掐自己,咬自己的手臂。那个时候会觉得痛有一种美妙的快感,以至于我慢慢掀开了我的指