དགའ་དགའ་ན་གསང་བ་དེ་ཕྱི་ལ་ཤོར་འགྲོ་གི །
དུང་དུང་ན་མིག་ཆུ་དེ་དབང་མེད་བཞུར་འགྲོ་གི །
དྲན་དྲན་ན་སྙིང་ཁམས་འདི་ནད་གི་ལོག་འགྲོ་གི །
བསམ་བསམ་ན་འདི་ཚང་མ་སྐྱོ་བའི་གཞི་མ་རེད། །

༧ལ་མོ་ཡོངས་འཛིན་རིན་པོ་ཆེའི་གསུང་བཏུས་ཐོར་བུ།
ཁྱིམ་པས་ཁྱིམ་ཕྱགས་པ་དང་རབ་བྱུང་བས་ཁྱིམ་ཕྱགས་པ་གཉིས་མི་འདྲ། ཁྱིམ་པས་ཕྱགས་པ་གཙང་སྦྲ་ཙམ་རེད། རང་ཅག་གིས་ཁྱིམ་ཕྱགས་པ་རྒྱལ་བ་སྲས་དང་བཅས་པ་གདན་འདྲེན་པའི་ཆེད་ཡིན།
གནས་ཁང་བྱི་དོར་བྱས་པའི་ཕན་ཡོན་ལྔ་ནི།
༡རང་གི་སེམས་དང་བར་བྱེད་པ། ༢གཞན་གྱི་སེམས་དང་བར་བྱེད་པ།
༣དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བ།༤ དག་པའི་ལས་གསོག་པ།
༥ལུས་ཞིག་ནས་ལྷར་སྐྱེ་བ་དང་ལྔའོ། ། https://t.cn/EAwnWet

རེ་བ་མང་པོ་རྗེས་ཀྱི་རང་ཉིད་ལ་བསམ་པ།
མི་ནི་རེ་བ་དང་ཡིད་ཆེས་ལ་དགའ་མཁན་གྱི་སྲོག་ཆགས་ཤིག་ཡིན་པས་ང་ཡང་དེ་ལས་མ་འདས། ཡིན་ནའང་ངས་འདི་ལྟར་འཚོ་བཞིན་པའི་རང་ཉིད་ལ་བརྟག་དཔྱད་ཅིག་མ་བྱས་འདུག་ཐུབ་མ་སོང་།ང་ནི་ཉིན་མཚན་བར་མེད་དུ་ཕུགས་བསམ་ལ་བརྩོན་ནས་མི་ཁོམ་ཡོད་པའི་རིགས་དེ་མིན་རུང་། ངས་ཀྱང་རེ་བའང་ཡང་ན་ཕུགས་འདུན་ཞིག་གི་ཆེད་དུ་དུས་ཚོད་མང་ཙམ་བཏང་ཟིན། ལོ་འདི་ལ་ངས་རང་ཉིད་འདི་ལྟར་གསོན་པ་ནི་མང་གཙོ་བྱས་ནས་འགྲོ་བཞིན་པའི་ངང་ཚུལ་ཞིག་ཏུ་མཐོང་རྗེས་ང་ནི་ད་སྔོན་གྱི་རང་ཉིད་ལ་སོམ་ཉི་ཞིང་བློ་ལོག་མགོ་བརྩམས་དགོས་ཐུག ཤེས་བརྩོན་གྱིས་ཕྱུག་ནས་ཡོད་པའི་སྐྱེས་བུ་འགའ་རེ་ཞེ་ལ་འཁོར་ནས་མུ་མཐུད་དུ་འབད་དགོས་པའི་རང་ཉིད་ནི་དམིགས་ཡུལ་གྱི་ངོས་གཅིག་མ་གཏོགས་མཐོང་མེད་མཁན་ཞིག་ཡིན་པ་དང་། ནམ་ཞིག་ལ་ཉི་མ་དེ་རུ་བསླེབས་ནའང་རང་ཉིད་ལྟ་བུའི་བྱེད་པ་པོ་མང་ཞིང་བྱ་ཡུལ་ཉུང་བ་དང་། ད་ལྟའི་དུས་འདི་སུ་ལམ་འགྲོ་རྒྱུགས་ཡོད་མེད་མ་གཏོགས་སུ་ཞིག་ལེགས་འགྲུབ་བྱུང་ཡོད་མེད་ལ་ལྟ་མཁན་གཅིག་ཀྱང་མེད་དུས་ཤིག་ཡིན་པ་སོགས་ཀྱིས། ངས་འཇུག་གི་ཉི་མ་དེ་རུ་འགྲོ་འདོད་ཙམ་ལས་དེ་ནས་ཅི་འདྲ་ཡིན་པ་ཙམ་ཡང་སེམས་སུ་འཁོར་མྱངས་མེད་པའི་རང་ཉིད་བློས་གཏོང་མགོ་བརྩམས་པ་ཡིན། སྤྱིར་མི་ལ་ཕུགས་བསམ་མེད་ན་མི་རུང་ལ། ཕུགས་བསམ་ཡོད་པས་མི་ཆོག་པར་དེས་ཕྱོགས་སུ་འབད་འབུངས་ཀྱང་མང་ཙམ་དགོས་པ་དང་། འབད་པ་ཡོད་པས་ཀྱང་མི་ཆོག་པར་བསམ་གཞིག་གིས་འདང་དགོས་པ་སོགས་བདེན་པ་ཡིན་ལ་དེ་དག་དགོས་ངེས་ཤིག་ཡིན་མོད། ཇི་སྲིད་དགའ་སྐྱོ་ཆགས་སྡང་དང་མ་བྲལ་བར་མི་ཡུལ་དུ་མིའི་ཚུལ་གྱིས་གསོན་ནས་འདུག་དགོས་པ་དང་། ལུས་སེམས་གཉིས་ལ་ན་ཟུག་གང་ཡང་མེད་དུས་སུ། ཆེས་གལ་ཆེ་བ་ནི་མིག་སྔར་གྱི་རང་ཉིད་ལ་བདག་ཡག་པོ་བྱས་ཏེ་འཚོ་རྒྱུ་དེ་རེད་འདུག དེ་ཡང་ཡར་རྒྱས་ཟེར་བ་ནི་དུས་ཚོད་ཡུན་རིང་འགོར་རྗེས་སུ་ཁྱོད་རང་ལེགས་འགྲུབ་བྱུང་བའི་འཇུག་འབྲས་ཤིག་ཡིན་པ་ལས། སྟབས་ལེགས་ཏེ་རྒྱུགས་སྐར་འགའ་རེ་ཐོབ་པ་དང་ལམ་འགྲོ་འགའ་རེ་རྒྱུགས་པ་ལ་ནི་ལར་ནས་མི་ཟེར། དེས་བས་སྐྱེ་བ་དུ་མར་བསགས་པའི་ཤེས་བརྩོན་ལས་ད་བཟོད་ལེགས་འགྲུབ་བྱུང་བའི་ཆོས་ཉིད་དེ་གོ་རྗེས་སུ་ངས་ད་ལྟའི་རང་ཉིད་ནི་ཤིན་ཏུ་གླེན་པ་ཡིན་པ་ཡིན་པའི་ངོས་འཛིན་བྱས། འདི་ལྟར་བསམ་པ་དེ་སེམས་ནད་ཡོད་པའི་རྟགས་ཤིག་རེད་ཅེས་འདོད་མཁན་ཡང་ཡོད་སྲིད་མོད། གང་ལྟར་མ་འོངས་པ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་བར་ངེས་པས། ཁོ་བོས་དེའི་ཕྱོགས་ལ་སེམས་ཞིབ་མོས་འདང་ཞིག་མ་བརྒྱབ་པར་འདུག་ཐུབ་མ་སོང་ལ་འདུག་འདོད་ཀྱང་མ་བྱུང་།


发布     👍 0 举报 写留言 🖊   
✋热门推荐
  • #副业# ~什么风格都有美女帅哥都是house的~这个世界上根本没有正确的选择 我们只不过是要努力奋斗 使当初的选择变得正确所有拥有的东西都可能会贬值 只有拥有
  • #Daily 小申# -上午听了讲座 讲座上刷了网课-现在正在这个阴间课的答辩 呜呜呜今天就要结束了为了两个学分呜呜呜 为了庆祝特意点了奶茶!Recently
  • !#糖糖的吃喝日常##吃糖一口安利# 其他小盆友都在吃薛记炒货的奶枣!
  • 评论好迷 用得着这么上纲上线吗谁说怀孕就一定会变胖变得没腰身的事实上很多人都会控制得很好 在运动和饮食方面甚至有一小部分人不用刻意控制也不会发胖只要孕妇本人和宝
  • #杭州整牙##杭州正畸#分享自 @杭州牙齿矫正赵陈皖医生(赵医生是华西口腔正畸硕士,隐适美认证讲师,病例入选全球隐适美病例库(全球800w隐适美病例,入选隐适美
  • 然后,你会有1-2个人完全就是刺儿头,根本就很难搞,我自己无论是作为球员和教练都经历过,任何的球队都有这样的球员,我自己也是尽可能有啥说啥,把实话说出来。我觉得
  • 如果你自卑,不自信,那么来了解一下关于自卑的真相每个人都有自卑:自卑是人性深处的一部分昨天晚上,和一个好朋友聊天,她说,她加入一个社群,里面的人都好厉害,而她是
  • 女命“克夫”的几种常见类型:婚姻宫坐伤官者(如出生日干支为甲午、乙巳、庚子、辛亥)配偶身体不好、婚姻不顺利,如这个伤官又为忌神,会更加严重,伤官弱而有制会好些;
  • 生活依然像是单曲循环,在一首歌的悲欢里,众生在各自倾诉内心的汹涌,哀伤,庆幸与妥协。而孤独,是另一场纷扰的开始。
  • 该论坛也是2020中关村创新创业季精彩系列活动之一。趁着双十一,更有大惊喜,点击这里了解吧:#科学城中事#【拥抱RISC-V开放生态 赋能科研教育创新】近日,“
  • 这些孩子都是每一个家庭的希望啊!但是,童年的回忆永远是最珍贵的。
  • 而,倘若一个人总是睚眦必报,遇事总是咄咄逼人,那么这样的性格,最终很容易和人结下梁子,给自己招灾惹祸。当一个人,总是能够大度待人,宽容待人,那么我们就会发现,不
  • ——朱生豪20.“错有持花梦,不是持花人”20句你看一眼就喜欢的文艺句子:1.山河平静辽阔,无一点贪嗔痴爱,而我们匆匆忙忙,都还在路上。——海子15.从此以后,
  • 自分を知るために効果的なことは、「人と関わる機会をもち、自分と比べてみること」です。一如旧人社和新人设的对比,不光男主角是现在平成废萌黄油里见不到的肉食系,妹子
  • 结果确实发现,滤泡性淋巴瘤、慢性淋巴细胞白血病等亚型患病风险的升高与染发剂的使用有关,但这些风险主要发生在1980年以前就使用染发剂的女性中,对于1980年及之
  • 她俩躺在柔软的落叶上,一点也不想起来#胡一天[超话]##探剧##小风暴预告# 胡一天饰演的男主角在剧里的人设又欲又A,没想到在线下竟然会因为吻戏羞红了耳朵,这样
  • 如果云知道还记得那是在童年时才会有如此漂亮的云那时只有快乐没有烦恼是不是只有在春天里才会有如此美丽的云我不知道我只是心有点想奔跑我像云在跑我的脚步在笑只要还能走
  • 这位日本博主穿衣风格干净整洁、时尚减龄又不失温柔高级,在她的look中,一些裁剪简约保暖的经典款单品随处可见,如驼色长款毛呢大衣、深色系毛呢大衣、针织衫或者短款
  • 不光颜色美,持久度真的超级强 吃饭、☕喝水、打啵都不掉色哦~ 用了它,一天都不用补口红~ 推荐一些小二,比较心水的色号:118 熟番茄色 略带点橘调的红色,非常
  • 《秘密森林II》第三集裡面到了最後才揭示了檢警協商會議舉辦的地方-監查院(B.A.I.-Board of Audit and Inspection of R.O