ལས་དབང་།

གནམ་སྔོན་པོ་འདིའི་འོག་ཟུར་ཞིག་ན། སྒྱོགས་མདེལ་དང་དུག་རླངས་ཀྱི་དམག་འཁྲུག་རྒྱག་བཞིན་འདུག གཉོམ་ཆུང་གི་ཚེ་སྲོག་མང་བོ་ཁྲག་མཚོ་དང་བེམ་ཕུང་གི་གསེབ་ན་སྐྱོ་ལྷང་ངེར། དྲང་བདེན་དང་རྒྱུ་འབྲས་མེད་པའི་འཇིག་རྟེན་ལ་འཁང་བ་གཏོང་གིན་འཆི་སོང་། གནས་དེར་སྡུག་བསྔལ་དང་སྐྱོ་གདུང་གིས་མནར་བའི་ཉམ་ཆུང་ཚོས། མེད་མུག་དང་དངངས་འཚབ། རྨས་སྐྱོན་དང་ན་ཟུག བརྙས་བཅོས་དང་མུན་དཔུང་འབའ་ཞིག་འགམ་པ་ནི་ལས་དབང་ཡིན་ནམ། ཡིན་ནམ།

འཇིག་རྟེན་འདིའི་གྲུ་ཟུར་གཞན་ཞིག་ན། ཉི་འོད་དང་བདུད་རྩིའི་སྐྱེམས་བཟང་ངོམ་མེད་རོལ་བཞིན། འདོད་སྲེད་དང་ཆགས་སྡང་གི་མཆེ་རིང་གང་སར་གཙིགས་པའི་གཅན་གཟན་ལྟ་བུའི་རྐྱལ་སྟོང་ཚོས། གསེར་དངུལ་དང་འབྱོར་ཕྱུག་གི་དབལ་རྩེ་འགྲན་བཞིན་བག་མེད་དུ་གསོན་བཞིན་མཆིས། ཁོ་ཚོའི་མིག་ལམ་དུ་ལྷུང་བ་ནི་ཁེ་ཕན་དང་སྙན་གྲགས། དབང་ཤུགས་དང་སྒེར་སྤྱོད། ཉེ་རིང་སྡང་ཆགས་དང་གཉེན་འདུལ་དགྲ་སྐྱོང་གི་ལོག་འཚོ་དང་རུལ་སུངས་མ་གཏོགས་མེད་པ་ནི་ལས་དབང་ཡིན་ནམ། ཡིན་ནམ།

ད་དུང་མཐའ་འཁོབ་ཀྱི་གྲོང་གསེབ་ཆུང་ཆུང་ན། མངོན་ཆུང་དང་གཞན་ཕན་གྱིས་འཚོ་བའི་མི་སྡེ་ཉུང་ཉུང་རེའང་ཡོད་སྲིད། ཁོ་ཚོ་ལ་གནམ་ས་བླ་འོག་བསྒྱུར་བའི་ནུས་པ་དང་ཧམ་པ་མེད་ལ། གཉོམ་ཆུང་ཚུལ་མཐུན་དང་འདོད་ཆུང་ཆོག་ཤེས་ནི་ཁོ་ཚོའི་ནང་སེམས་ཀྱི་ཞེ་འདང་དཀར་བོ་ཡིན་ལ། གཞན་ལ་ཕན་ཆེར་མི་ཐོགས་ཀྱང་གནོད་འཚེ་གཏན་ནས་མི་བྱེད་པ་ནི་མི་ཚེའི་དམ་བཅའ་བརྟན་པོ་ཡིན། ལག་ན་ནམ་རྒྱུན་ལས་ཀ་ཡོད་པས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། སེམས་ན་ནམ་རྒྱུན་ལས་འབྲས་ལ་ཡིད་ཆེས་ཟབ་པས་བབས་ཆགས་ཤིང་རང་བཞིན་དྲང་བ་ཡིན། སའི་གོ་ལའི་སྒང་གཤོང་ཀུན་ལ་ངེས་མེད་ཀྱི་དྲག་རླུང་ལྡང་བྱུང་། འཐོར་རླུང་རྒོད་པོ་འདིས་ཡོད་ཚད་དམར་གསོད་དང་ཁྱུར་མིད་གཏོང་ཡང་སྲིད་ལ། ཡོད་ཚད་ཐལ་ཕུང་བཞིན་གང་སར་གཙུབ་ཀྱང་སྲིད། མདོར་ན་ས་ཆུ་མེ་རླུང་གི་གནོད་འཚེ་དང་དབྱར་དགུན་སྟོན་དཔྱིད་ཀྱི་གོ་རིམ་འཆོལ་བ་ལྟ་བུའི་འཁོར་བའི་འགལ་འཛོལ་ཁྲོད་ནས་ང་ཚོ་གར་སོང་ཆ་མེད་དུ་འགྱུར་བ་ལས་དབང་ཡིན་ནམ། ཡིན་ནམ།
༢༠༢༤ལོའི་ཟླ༣ཚེས༡༡ཉིན།

~~ དགའ་མིང་བས།

<

རྨི་ལམ་ཐེངས་གཅིག། >
ཞེ་འཁོར་བའི་གླིང་གི་བཙོན་ར་འདི།།
དུས་ནམ་ཡང་རེ་ལྷག་བཅོལ་ས་མེད།།
དུས་ནམ་ཞིག་ཚེ་འདིའི་རྨི་ཡང་།།
ལམ་ངེས་ཅན་ཞིག་ནས་རྫོགས་པར་འགྱུར།།

ཚེ་འདི་ཡི་རྨི་ལམ་མཐའ་དག་ཀྱང་།།
རང་ཁོ་ནའི་བདེ་སྡུག་བཙོན་ལགས་ཤིང་།།
གཞན་དགྱེས་པའི་སྦྱོར་བ་ཙམ་ཞིག་ཀྱང་།།
རྣམ་ཀུན་ཏུ་འབད་མ་ཅིའི་མི་འཚལ།།

མཛེས་ལང་ཚོའི་རྨི་ལམ་ཞིང་ས་ནས།།
སད་རན་པ་ད་ལྟ་མ་འོངས་རེད།།
སེམས་རྣམ་དཀར་དགེ་བའི་ཕྱོགས་སུ་ལ།།
གང་ཅི་ཐུབ་ཧུར་ཐག་འབད་རོགས་གནང་།།

ཚེ་བདེ་སྡུག་གཉིས་ཀྱི་རེ་མོས་སུ།།
སུ་འབྱུང་སྔ་མི་ཤེས་ད་ལྟ་རེད།།
དོན་ལྡན་པའི་ལས་ཤིག་བཤམས་གྱུར་ན།།
དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན།།

༢༠༢༤/༢/༢༠ཉིན་བྲིས་ཏེ༣/༡༡ཉིན་སྤེལ།

ཁ་བ་དང་མི་ལ་རས་པ།

མཛངས་བུ།

ཉམས་རྟོགས་ཀྱིས་ར་རོར་གྱུར་པའི་མི་ལ་རས་པ།
ཁ་བ་འདི་བཞིན་འཁོར་འདས་ཀྱི་ས་མཚམས་ན།
དཀར་བོང་བོང་ངང་རང་དབང་གི་གཤོག་པ་ཐོགས་འདུག

ངག་གི་སྒྲིབ་པ་དག་པའི་མགུར་མ།
རྫ་ཆུ་བསིལ་མ་བཞིན་ལྷུང་ལྷུང་གིས་འབབ།
ཚིག་གི་མདངས་ལ་ལྷུང་བའི་མི་ཚེའི་སྐྱིད་སྡུག
རྗེས་འཇུག་མང་པོ་ཞིག་གི་མི་ཚེའི་ནོམ་པ་རུ་བཟུང་།

རེས་འབབ་རེས་དྭངས་ཀྱི་ཁ་བ།
ཨ་མ་མྱང་ཚ་དཀར་རྒྱན་གྱི་ཞི་དྲག་གི་ངོ་གདོང་བཞིན།
མི་ཚེའི་སྣང་བ་འདི་ཡང་དགའ་སྐྱོའི་འཕྲེང་ལ་ཐོགས།

ཡུལ་གུང་ཐང་གི་ལུང་ཆུའི་སྣེ་རུ།
དབྱངས་མགུར་འགྲོས་ཀྱི་ཆུ་སྣ་མཐུད་དེ།
ཡུལ་འཛམ་གླིང་ལ་གཡས་བསྐོར་བརྒྱབ་པའི་རས་པ།

གནས་བྲག་དམར་གྱི་ཕུགས་པའི་མཐིལ་དུ།
ནང་ཉམས་རྟོགས་ཀྱི་མེ་ཁ་གསོས་ཏེ།
དྲོད་བསམ་གཏན་གྱིས་གླིང་བཞི་ཁྱབ་བའི་རས་པ།

༢༠༢༤/༡/༡༤ཉིན།[咖啡][合十]


发布     👍 0 举报 写留言 🖊   
✋热门推荐
  • #命运# 缺乏诚信的命理组合    俗话说得好,一言既出,驷马难追。 行莫于恭敬,善莫于用心。
  • ❺希望天南海北的我们,都能万事顺意❻坠入爱河吧,我来捞你❼如果肉能当钱花,我将富可敌国❽如果你有理想,就要努力实现。❺希望天南海北的我们,都能万事顺意❻坠入爱河
  • 游戏的话 人菜瘾又大[跪了] 彩六守望堡垒饥荒啥的都️ 来一起白给鸭hhhhh马来熊,又名小狗熊,太阳熊,是现存体型最小的熊。不知道怎么定义的央央子指南⬇️叫央
  • 不管处于什么样的年纪,你都要好好珍惜自己。 不管处于什么样的年纪,你都要好好珍惜自己。
  • 请问合照呢[微笑]我说今天还没有合照呢 然后过了马路看见出租车就把我赶上车走了[微笑]886哦 我今天见到了两年没见的顾玉琦 他说啤酒不好喝所以他喝了白酒 f
  • 平时他根本不让我碰到他的手机,甚至一靠近就躲开了,我也不知道他的密码,可是我的脸可以刷开他的手机啊!那时也顾不得这么多了,只想瘦下来,每次跑不动了脑子就会浮现出
  • 余生婚纱|婚礼返图手机拍图也很美 ✨ 当公主,当女王别致的手工蕾丝和顶级面料,每一处细节都透着优雅精致....简直让人眼睛挪不开#宜兴预约试纱#宜兴国际品牌
  • !!
  • 全心洋溢着的「谢谢大家」 今后,我桀骜不驯的儿子和其他4位骑士们也会以信念为剑不断战斗下去。 永远地、凛然地「饱含爱意地」 (注:此处意指Knights三专
  • ✦茜姐有话说✦#绿色乐园佰医堂藏红花膏远红外理疗贴##健康##V:380222894# 腿酸胀了一个晚上,睡不好一起来赶紧把藏红花膏贴上不知道你们有没有这种感
  • #天猫总裁夫人警告张大奕##孔雪儿哭了#但凡对梦想有一点点追求的人都会明白训练生在这个节目为什么会哭,而不是一天到晚揪着女孩子们不放在网络上当嘴炮王。我和你之间
  • 路上看见好多这样的情形,山高路远,有了这些善良的人陪伴,是否觉得轻松些呢。#Avengers#不知道该用什么华丽的词藻来描绘 就真的看到一望无际的河面内心的安宁
  • 【先强调,我即是嘉人,也是松果,我还是个小笼包[微笑],我还是东海的粉丝……我喜欢的多了去了,我一直喜欢的都是能给我带来正能量的主子,所以那些不理智的、缺根筋的
  • 他是大梁国赫赫有名的闲王,却也是暗夜中的狼主,他的隐藏足以世间震荡,却甘愿为她倾尽一生,擎天而立。他是大梁国赫赫有名的闲王,却也是暗夜中的狼主,他的隐藏足以世间
  • 哈哈哈哈哈哈哈哈哈哈哈 看到非主流小作文了我的妈呀[跪了]正经回答一下,一切都在变好,中间有过很努力的时间,现在确实优秀独立迷人,可能对于自己的事还不够理性,但
  • 舍利弗,下方世界有师子佛、名闻佛、名光佛、达摩佛、法幢佛、持法佛,如是等恒河沙数诸佛,各于其国,出广长舌相,遍复三千大千世界,说诚实言:汝等众生,当信是称赞不可
  • 成为简•奥斯汀最喜欢的两部电影之一另一部傲慢与偏见是简奥斯汀的作品傲慢与偏见是理想成为简奥斯汀是现实最后这一遍心境突然有了变化敏感又自我关注度高的人往往少了一点
  • 有人说:黑格尔不懂老子,道家思想是一种思维方式---在什么样的情况下做出什么选择决定,即动态平衡的思维模式,道家思想没有追求那根本不存在的绝对中线。关于“私货
  • #阳光信用[超话]#☀️#每日一善# ☘️#阳光信用# 【hu动指路 不吞必hui 不带 勿带hui字,带hui字降双方⭕】知行善、学行善、比行善,社会将更加美
  • 【【〖肖烟四起为战而来〗】#祝肖战 1005生日快乐#有种惦记,疏淡却很甘甜,有种问候,平常却很温暖有种信任,无言却最真切,有种感情,清澈但最长远人生只要,两次