ཆོས་མང་གསན་ཀྱང་ཆོས་གཅིག་ཉམས་སུ་མ་བླངས།།
ཡེ་ཤེས་ལྷ་ཚོགས་སྒོམ་ཡང་ལྷ་གཅིག་མ་འགྲུབ།།
རྟེན་འདིའི་ཡིད་ལུས་ཕྱི་མའི་རྐྱེན་དངོས་སོང་ན།།
བར་དོའི་གནས་སུ་འཁྲུལ་ནས་འཁྱམ་ཉན་འདུག་གོ།

གནའ་བོའི་ཡ་རབས་ཀྱི་ལུགས་སྲོལ་རྣམས་ཉམས་ཤིང་དེང་དུས་ཀྱི་སྤྱོད་ཚུལ་ངན་པ་དག་སྤང་ལ་ཤྭ་མོ་རྡོར་བ་བཞིན་རང་རེའི་ཡུལ་གྲུ་རྣམས་སུ་མཆེད་ཅིང་འཕེལ་བཞིན་ཡོད་པའི་དུས་འདིར་སྐྱེས་ཆེན་ཚོས་མཛད་པའི་ལུགས་ཀྱི་བསྟན་བཅོས་དག་འཆད་སྤེལ་སོགས་བྱེད་ཐུབ་ཚེ་ཡ་རབས་ཀྱི་སྤྱོད་བཟང་རྣམས་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་ཞིང་མ་རབས་ཀྱི་སྤྱོན་ངན་སྣ་ཚོགས་པ་ཞིག་གི་སྒོ་ཤུགས་ཀྱིས་བཀག་ཐུབ་པས་ད་ལྟ་ཉིད་ནས་བྱིས་པ་ཚོར་དེ་འདྲའི་བསླབ་བྱ་དག་བསླབ་ཏུ་འཇུག་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ་མོ།།[鲜花][鲜花][鲜花][鲜花]

རིག་པའི་རང་ཚུགས།

ཆོས་ཀྱི་མཁས་མིང་འཛིན་པ་ལ་ལས། ཆོས་པ་ཞིག་ལ་མཚོན་ན། བླ་མའི་གསུང་ལ་དོགས་སློང་བྱེད་མི་རིགས་ཟེར། འོ་ན། སློབ་དཔོན་ཆོས་གྲགས་ཀྱིས་ཁོའི་བླ་མ་དབང་ཕྱུག་སྡེའི་ལྟ་ཚུལ་དགག་བྱའི་གཙོ་བོར་བཟུང་བ་ལས། མིང་དུ་གྲགས་པའི་བསྟན་བཅོས་༼ཚད་མ་རྣམ་འགྲེལ་༽རྩོམ་ཐུབ་སོང་བ་དེ་ཅི་ཞིག་རེད།



ཡང་ཆོས་ཀྱི་མཁས་མིང་འཛིན་པ་ལ་ལས་ནི། ཆོས་པ་ཞིག་ལ་མཚོན་ན། རིགས་པའི་རྒྱབ་རྟེན་ལུང་ལ་གཏུགས་དགོས་ཟེར། འོ་ན། རྗེ་བཙུན་ཙོང་ཁ་པ་ཆེན་པོས། ༼མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་ནི་སྨྲ་པ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་༽ཞེས་གསུངས་པ་དེ་ཆོས་པའི་རྩ་དོན་དང་འགལ་ལམ།

རྒྱབ་རྟེན་ཞིག་ལ་མ་ཁེན་པར་ཚུགས་མི་ཐུབ་པའི་རིགས་པ་ནི། མ་གཞི་ནས་དོན་དམ་པའི་རིགས་པ་ཞིག་ག་ལ་ཡིན། རྩ་བ་གཞན་ཞིག་ལ་བརྟེན་པའི་ཡལ་ག་ནི་ནམ་ཡང་ཡལ་ག་ཡིན་པས། དེ་ལ་ཚུགས་ཐུབ་ཀྱི་སྟོབས་ནུས་ཤིག་ཡོད་མི་སྲིད།

གཙུག་ལག་གཞུང་ལུགས་ལ་བལྟ་རྒྱ་བསགས་པ་ཙམ་ཡོན་ཏན་གྱི་མཆོག་ཏུ་རློམ་མཁན་དང་། ཤེས་བྱའི་གནས་ལ་རང་སྟོབས་ཀྱིས་བརྟག་ཅིང་དཔྱད་དེ་བདེན་དོན་གྱི་གཏིང་འཚོལ་མཁན་གཉིས་ལ་གནམ་སའི་བར་ཁྱད་ཅིག་འཆོར་ངེས་ཏེ། སྔ་མ་ནི་རྩོམ་སྒྲིག་པ་ཙམ་ཡིན་ལ། ཕྱི་མ་ཁོ་ན་གསར་རྩོམ་མཁན་ཡིན་པས་སོ། །

འཇར་མན་གྱི་མཚན་ཉིད་རིག་པ་མཁན་སུའུ་པུན་ཧེར་གྱིས་ཀྱང་། འདི་ནི་སྤྱིར་བཏང་གི་རིག་པ་སྨྲ་པ་དང་མཚན་ཉིད་རིག་པ་པ་གཉིས་ཀའི་ཆེས་མི་འདྲ་ས་ཡིན་པར་བཤད་ཡོད་དེ། ༼སློབ་སྦྱོང་ལ་བརྟེན་ནས་ཐོབ་པའི་བདེན་དོན་ནི་བཅོས་མའི་སོ་དང་རྐང་ལག་གམ་པྲ་ཚིལ་གྱིས་བཟོས་པའི་སྣ་དང་ཡང་ན་སྐྱི་པགས་བརྗེ་ལྷན་གྱི་ལག་རྩལ་སོགས་ཀྱིས་ལུས་ཀྱི་དབང་པོ་ཆ་འདྲ་བ་བཅོས་པ་དང་འདྲ་བའམ། ཐ་ན་དེ་ཙམ་གྱི་ཚད་དུའང་མི་ཐོན་པ་འདྲ། རང་ཉིད་ཀྱི་བསམ་བློ་བཏང་བ་ལས་རྙེད་པའི་བདེན་དོན་ནི་ལྷན་སྐྱེས་ཀྱི་ལུས་ཀྱི་ཡན་ལག་དང་འདྲ་བར། རང་ཉིད་ལ་གཏོགས་ཁོ་ཐག་ཏུ་སྣང་། མཚན་ཉིད་རིག་པ་བ་དང་རིག་པ་སྨྲ་བའི་ཁྱད་པར་ཆེ་ཤོས་ཀྱང་འདི་ཙམ་ཡིན། དེའི་རྐྱེན་གྱིས་ཁོང་ཚོའི་བསལ་བློའི་ཐོབ་འབྲས་ཀྱང་ཤིན་ཏུ་ཐ་དད་དེ་༽ཞེས་པའོ། །

ངའི་ཡིད་ངོར་དུས་རྟག་ཏུ། ལུང་དང་ཡིག་ཆ་ནི་རྨད་དུ་བྱུང་བའི་དཔྱད་གཞི་ཡིན་པ་ལས། བཟློག་ཏུ་མེད་པའི་བཀའ་ལུང་མ་ཡིན་ཏེ། ང་ནི་རིགས་ལམ་ནས་བྱོན་པའི་སྟོན་པ་ཤཱཀྱ་ཐུབ་པའི་ཉན་ཐོས་ཡིན་པས་སོ། །

2007.3.16


发布     👍 0 举报 写留言 🖊   
✋热门推荐
  • 球球出门基本上都会带上小八一起溜达一起玩儿,别提多开心了孩子比我们更清楚,哪辆车更好骑#萌娃出行指南##bikeeight##儿童平衡车#220622 MCD
  • “四新金融”成效凸显,“郑科贷”规模稳居郑州市场第一名;108个郑州市重点小微企业园全部对接到位,累计投放及已审批待投放资金近人民币150亿元;全年新增惠农客户
  • 我的路威啊,新赛季在快船也加油吧!我的路威31岁生日快乐[心]去年在我湖的低潮期喜欢上你!
  • 杰星闪曜你转身 满目星辰 只为心守一个人那个人 温柔余生 细腻心思多撩人星海中 杰的歌声 抚慰孤单夜的星星会懂 台上种种 是你一生的旅程满天繁星爱你永恒不变舞台
  • 弟弟的祝福卡片中午给爸爸看完,下午就不见了[笑cry],依然爱心多多,孝心满满~希望两个小家伙这个假期少气你爸一些……[抱一抱][并不简单] 你是我的的莲花,那
  • [最右] 百滘峥嵘的北滘公园站是7号线—3号线的换乘枢纽站,广州大学城、狮山大学城都是这里可直达的人才流基地[围观]加上预计今年底开通的3号线、广佛南环,北滘将
  • 因下雨:​​​​★G2003太原绕城高速西北环段,因下雨,交警交通管制,冶峪,长风西,迎西,东社,柴村,向阳站入口禁止七座以上客车和危化品车辆上高速。★S56太
  • (4)【赤口】官事凶时,五行属金,颜色白色,方位西方,临白虎,谋事主四、七,十。失物在坤方(西南),行人立便至,交易甚是强,凡事皆和合,病者祈上苍。
  • 为你带来MUJI凉柔系列床品,触摸瞬间,即感凉爽,舒适、柔软、凉爽,许你夏夜凉眠。为你带来MUJI凉柔系列床品,触摸瞬间,即感凉爽,舒适、柔软、凉爽,许你夏夜凉
  • 禾点点{急就医社保卡不翼而飞热心人好铁警完璧归赵 }清风网讯(包头铁路公安处:袁磊)9月3日11时20分,包头铁路公安处临河车站派出所民警侯元利正在候车室开展
  • ”陈祉妍表示,“MBTI测试可以帮我们更好地了解人的性格特征,但不能仅以单一的测试结果,就推断一个人的心理特征。四个维度的不同偏好倾向经过排列组合就形成了16种
  • 会津若松至今仍有许多散发当时“大正浪漫”气氛的西洋建筑与店家,而行程的首站涩川问屋,正是这样一个地方。据说一般超市与店家很难买到的会津名酒“飞露喜”以及新鲜的生
  • 一定要平安啊…""何故,等我,我很快就回去了,等我"』「来战场这么久,也不知何时能回去,一天天的数着,真希望能早些回府,府邸还有人
  • 每天运动了才感觉自己是有做事情的,以前荒废了好多光阴啊,昨晚一个人睡小房间,看了书,纪录片,很充实,是在在成长啊。5y2m24d昨夜的画今晨的花带几朵奶奶种的美
  • 而舜只想着我小时候,父亲是如何爱我,今天不爱了,肯定是因为我没有尽孝,于是日夜反思,所以越能尽孝。他不知道自己的心已被后妻所移,总认为自己是慈爱的,反而越不能慈
  • 【袁家村餐饮10月8日撤出西安小寨赛格 村委会称未达到运营要求】在西安小寨赛格运营了5年的袁家村关中体验店,贴出温馨提示称,本店合同到期,届时将停止营业,请顾客
  • 【商品】:天猫【得胜人】户外情侣三合一冲锋衣~多色可选 【价格】:原价149元【券后99元】包邮 【领卷下单】: 【手机用户】:复制这条信息,打开→【手机淘宝】
  • 上周六,看着莹姐家闺宁手里的小黑汪我愣住了莹姐说这个狗必须得领来让我看看矮油喂,来刺激我,刺激我没有狗,真眼馋莹姐说你也喝不了奶茶,就给你买的果茶今晚莹姐领着闺
  • 6.因工作不确定,可提供全重庆房源换房服务。6.因工作不确定,可提供全重庆房源换房服务。
  • 而运营作为展馆之本,据此话题在会上也进行了多角度的剖析。科瑞康有近20年医疗器械研发积累,已成为国内领先的康复及监护领域设备制造商,致力于为全球客户提供优质 医