ས་གཞི་འདི། ཡབ་མེས་ཀྱིས་གསུང་ན།གླིང་རྗེ་གེ་སར་རྒྱལ་བོས་ཕྱུགས་འཚོ་སྐྱོང་བྱེད་ས་ཡིན་ཟེར།རི་ཐམས་ཅད་ཀྱི་མིང་ལ་ཡང་དེ་དང་འཕྲོད་པའི་མིང་རེ་བཏགས་ཡོད། ད་དུང་རྨ་ཁུག་མགོ་དགུ་ལྡན་གྱི་ཁུག་སོ་དང་བོ་རུ་འབོད།གང་ཡིན་ཀྱང་།མུ་མཐའ་མེད་པའི་སྤང་ཐང་ཆེན་མོ་འདི།ང་རང་གཉོམ་ལག་རྒྱས་ས་ཡིན།

࿑འབྲོག་པ།

ལྷ་ཐོག ཕོ་ལྷ།

འབྲོག་སའི་མཁའ་རླུང་གཙང་མོ་དྭངས་མོ་ཡིན། །
འབྲོག་མི་རྣམས་ཀྱང་ངོ་ནག་སེམས་དཀར་ཡིན། །
འབྲོག་གླུ་འབྲོག་གཞས་བོད་ཀྱི་སྙན་ངག་ཡིན། །
འབྲོག་ཕོ་འབྲོག་མོ་དག་ནི་ཤིན་ཏུ་གཙང་། །
འབྲི་མོའི་འོ་མ་ནང་བཞིན་དཀར་ཞིང་གཙང་། །
འབྲོག་པའི་སྣོད་བཅུད་གཉིས་པོ་ཨེ་མ་རྨད། །
འབྲོག་ས་གྲུ་བཞི་མ་དེ་མཛེས་ཤིངསྡུག །
འབྲོག་ལྷམ་ཡུ་རིང་མ་དེ་དྲོ་ཞིང་ཡང་། །
འབྲོག་རྟ་གོམ་ཆེན་མ་དེ་རྫིག་ཅིང་རྔམས། །
འབྲོག་ཕྲུག་གདོང་ནག་དེ་ཚོ་དཔའ་སྤོབས་ཆེ། །
མ་ཎི་ཡིག་གེ་དྲུག་མ་རྡོ་ལ་རྐོ། །
སྐྱབས་འགྲོ་ཁ་འདོན་བྱེད་དེ་ཕྱུགས་རྗེས་ཆས། །
རི་མཐོ་ས་གཙང་གངས་ཀྱི་དབུ་རྩེ་ནས། །
ཉི་མ་ཟླ་བའི་ལྷན་དུ་འཚོ་བ་རོལ། །
རྒྱུ་འབྲས་བློ་མིག་བཅས་ཏེ་ལས་ལ་བརྩོན། །
ཨུ་ཚུགས་ཆེ་བས་མི་འགྲུབ་བྱ་བ་མེད། །
རྩམ་པ་མགོ་བོ་ཙམ་རེ་ཐེངས་མང་ཟ། །
ཤ་ཚིལ་གཉིས་པོས་ལུས་ཀྱི་འབྱུང་ཁམས་གསོ། །
འོ་ཞོ་མ་གཏོགས་རྒྱ་ཟས་མི་ལེགས་སྨྲ། །
རྡོ་བས་ཨོང་སྐྱག་ཕྱི་ལ་རྡོ་མཁར་ལས། །
འབྲོང་ཁྱུ་མཉམ་འགྲོགས་བྱས་པས་ཨེ་རེད་ཀོ །
ལ་རྒྱའི་རི་བོ་བརྟན་ཞིང་བརྗིད་པ་ལ། །
གྲོགས་ལ་རབ་ཏུ་བརྩེ་བས་གྲོགས་དོན་ལ། །
རང་སྲོག་ཕངས་མེད་བཏང་མཁན་འབྲོག་མི་རེད། །
མནའ་ཚིག་གཉིས་ལ་རྩི་ཞིང་ནམ་ཡང་སྲུང་། །
གཏམ་ལ་ཁ་ཆད་ཡོད་པ་འབྲོག་པ་ཡིན། །
གྲི་རིང་གཟུགས་ཚད་མ་རེ་སྐེད་པར་འདོག །
གསེར་གྱི་རྟ་སྒ་དངུལ་གྱི་གའུ་བཅས། །
ཡུལ་ལྷ་ཡུལ་བསང་བྱེད་པའི་ལས་ལ་བྲེལ། །
ཆོས་ལ་དགའ་བས་ཆོས་ཕྱིར་དཀའ་བ་སྤྱད། །
ཆུང་མར་རྩི་ཞིང་ཕ་མར་རབ་ཏུ་བྱམས། །
སྐྱེ་ལྷ་བསྟོད་ཅིང་དཀོན་མཆོག་རྟག་ཏུ་བཀུར། །
སྐྲ་ལོ་རྡུལ་གྱིས་ཁེངས་ཀྱང་སྡུག་སྣང་མེད། །
ཁ་མཚར་ཀུ་རེ་བྱེད་པ་རང་གཤིས་ཡིན། །
སེན་མོ་དྲེག་ནག་བཅས་ཏེ་རྩམ་པ་རྫི། །
གཙང་སྦྲ་འཕྲོད་བསྟེན་ཟེར་བ་མ་དར་ཡང་། །
སྐུ་ཚེའི་རྣམ་ཐར་རིང་བ་ཨེ་མ་རྨད། །
རྟ་ཕོའི་བང་རྩ་འགྲན་ལ་རབ་ཏུ་མཁས། །
གཟི་ཡི་ལོ་རྒྱུས་བཤད་ལ་ཁ་ལྕེ་རྣོ། །
རང་ཚུགས་རི་བོ་བཞིན་དུ་བརྟན་པོ་ཡོད། །
རང་སྐད་མ་གཏོགས་མི་བཤད་བཤད་མི་ཤེས། །
དོན་གྱི་འདི་ཡང་དགེ་མཚན་རྩི་ཆོག་འདུག །
སྲོལ་རྒྱུན་རྒྱུད་འཛིན་བྱེད་ལ་ཁྱེད་ཚོ་མཆོག །
བྱིས་པ་དག་ནི་རང་བྱུང་ཁམས་ལ་དགའ། །
སྤྲིན་པའི་འགྲོས་ལས་གནམ་གཤིས་འགྱུར་བ་ལྟ། །
གངས་ཆར་བུ་ཡུག་འཚུབ་ཀྱང་མི་འཇིགས་པ། །
པགས་དོར་གྱོན་ནས་ལ་དང་ལུང་པ་བརྒལ། །
གཅན་གཟན་དྲེད་མོང་སོགས་ལ་སྦར་འཛིང་བྱེད། །
ཟླ་བའི་འོག་ནས་མེ་ཕུང་སྐོར་བྲོ་གདུང་། །
བོག་(བོའུ)དང་འུར་རྡོ་འཕེན་ལ་སངས་རྒྱས་ཡིན། །
ལྟེ་ཁྲག་འཕོས་སའི་ཡུལ་ལ་ཤིན་ཏུ་དགའ། །
དགའ་བས་རོ་ཡང་ཡུལ་འདིར་གཞག་དགོས་བཤད། །
གདོང་ལ་གཉེར་རིས་མང་བའི་འབྲོག་པ་འདོད། །
སེམས་ན་འགྱུར་བ་མེད་པའི་འབྲོག་པ་འདོད། །

༢༠༢༢/༡༢/༡༥/ཉིན་རང་ཡུལ་གཞུ་ཆུང་སྒང་ནས་མཇུག་གྲུབ་པ་བྱས་སོ།།

“མི་མང་ཆེ་བས་དཔེ་ཀློག་ལ་རིན་ཐང་མི་འདུག་ཟེར། དོན་དངོས་སུ། དཔེ་ཀློག་ལ་རིན་ཐང་མེད་པ་མིན་པར། ཁྱོད་ཀྱིས་བཀླགས་པའི་དཔེ་ཆ་དེ་ཚོ་ན་ཅང་མེད་སོང་བས་རེད། དེའི་རྐྱེན་གྱིས། དུས་ཚོད་མང་བོ་ཞིག་ཆུད་ཟོས་སུ་བཏང་ནས་གཞན་ལ་རྒྱུས་ལོན་བྱེད་པ་ལས། དུས་ཚོད་མང་བོ་ཞིག་བཀོལ་ནས་རང་ཉིད་འཐུས་སྒོ་ཚང་བ་ཞིག་ཏུ་ཐོངས་དང་དེ་བཟང་། གོ་སོང་ངམ།”


发布     👍 0 举报 写留言 🖊   
✋热门推荐
  • 但是还有另外一种情况,是由于我们自己的退缩,与自己“亲密”的妥协没有坚持到底的意识,才使得机会逝去,颗粒无收。通宵持续看完10集老上头咯 汁源可遇不可求[冲刺]
  • 为什么要去看看湖南电视台呢 因为2007年的那个夏天他走进了我世界从小学➡️初中➡️高中➡️大学➡️工作 认识的朋友都知道我最喜欢的明星就是—张杰2004073
  • [打call][打call][打call]P7熊爪咖啡☕️,就在滨江绿地,稚内禧柿拿铁,真不错,不会像星爸爸的圣诞新品一样那么甜腻,就是有一股柿子的甜味,很香。
  • 亚马逊怎么做? 我想说亚马逊并不是适合所有人去做的,最近一些人找到我问这个亚马逊怎么做,这里先排除有些人是不是跟风凑热闹的今天,我们来说说大部分人做这个事情需要
  • 会川升曾在Twitter上表示,他在执笔《剑》的时候没有见过今井诏二,制片人也没有把“今井对于剧情是这样想的”强加给他)——作为观众的心情,岛(升/Tarant
  • 佐藤弘和的《易逝的景象》可能这曲子和我现在的心境很匹配,作为观众真的能感受到易逝的景象。帕赫贝尔的D大调《卡农》家喻户晓的曲目,平静地进行,简约的曲目却那么好听
  • 聖人的心二六時中處處迴光返照說自己不對,他的煩惱自然就會變少了。我們之所以有這麼多的苦惱,完全就是因為我們對這個心的悟不深透。
  • hhh快来一句话证明你看过葫芦兄弟~~1️⃣跟bb上次去盒马买的小菠萝兽已经从绿色变成黄色啦!#童年回忆# 一听到古茗和葫芦兄弟联名,立马和我的搭子下手了杯杯如
  • 一位菲律宾当地知情人士告诉《环球时报》记者,如果到菲律宾的公开市场上询问能否买到砗磲,得到的答案多半是否定的,因为这些珍稀物种在菲律宾的法律中也是禁止售卖的,但
  • ​​​爱有回音,你的最大声,我听的最清楚 你有一双会爱人的眼睛 不管粉丝们为谁来 她们的祝福给了谁 全程都只有你一直盯着屏幕接收了所有祝福 不管属不属于你 眼睛
  • 我们真的要住在这里吗,我突然感到一阵疲倦,脑子里第一涌现出来的竟然是已经蒙上灰的斯特拉斯堡的记忆,还有因特拉肯的清冷的空气,那绚丽的晚霞和朝霞,还有比时间还慢的
  • 迷你手帐上癮中~~ 這本是前幾天直播中貼的迷你本~use: 文具少女便箋系列 / 隨筆 Stationery Girl Note Series / Handbo
  • 」Travis Japan 川島如恵留最近起来,满脑子都是どうか、正真正銘のこの思いを 聴いて 私、全⾝全霊で歌うから [加油][话筒]⼤丈夫、世界はこんなに綺
  • 呵你太小瞧香水届的物价了前几天宇宙无敌想开店 今天拎着两杯奶茶找头头取经 咱就是说除了店里我还没见过这么多戴森[送花花][送花花][送花花]想开店的心在头家门口
  • 藤本树确实是个天才,大概比富坚更加天才,我始终觉得他不是“自由的精神病”而是个“不知羞耻的文艺青年”(所以电锯人的动画部分表现虽然一般但我始终觉得是有抓住原作的
  • 迎接周末~来一顿~ 大佬:宝宝你是一本好账。 前文: 43. 研究员是渴醒的,身体提示他前一晚哭出了太多水分,头昏沉着,想要抬起胳膊,却发现自己被紧紧控制在大
  • 666…这周末手机消失2天,老爽了,果然我发现手机和人际关系就是让人不开心的根源…woc...打工人没有周末吗?以前大家都挣一千八,我想了想,以前人均也就一两千
  • 是谁一早收到爸爸和妈妈发来的红包小满长乐,方是圆满如果要定义昨天,那就是自己和自己的约会巷子的咖啡店,淋着雨大步走向午饭的地方,「入口幸福」名字取得真好呀,石锅
  • cpsp不愧是二次元军训啊(肥宅的感叹)全程都是各种抓马事件,从开头进馆之前就走错了门,迷路迷到有个工作人员都看不下去亲自绕了个大圈送我一个人去了vip票的路口
  • 总销量3亿册的正版皮皮鲁图书:赵丽颖,刘亦非,杨紫,赵露思,虞书欣,杨蓉,关晓彤等当红女星入围2022年第34届华鼎奖!赵丽颖,刘亦非,杨紫,赵露思,虞书欣,杨