࿐ཚ་འུག་རི་ལ་འགྲིམ་པའི་ཀ་རྩོམ།

ཀ་ནས་དག་པའི་རང་སེམས་གཅེར་བུ་འདི།།
ཁ་ཞེ་མེད་པར་ཆོས་ལ་ཞུ་གཏུག་བྱ།།
ག་ནས་བསམ་ཡང་ཕ་མཆོག་འཇིག་རྟེན་མགོན།།
ང་ཡིས་དྲན་ནོ་བྱིན་རླབས་གྲུ་ཆར་ཕོབས།།

ཅ་ཅོ་འདུ་འཛིའི་གྲོང་ལ་ཐུགས་སུན་ཏེ།།
ཆ་མེད་དབེན་རི་འགྲིམ་པའི་རྣམ་འབྱོར་པ།།
ཇ་ཡུན་ཙམ་གྱི་མཇལ་འཕྲད་ཐུང་ན་ཡང་།།
ཉ་མོ་ཆུ་ལ་དུང་འདྲའི་དགའ་བ་འཕེལ།།

ཏ་ལའི་མདངས་ལ་འཁུ་བའི་ནགས་ཁྲོད་དུ།།
ཐ་དད་མེ་ཏོག་དཀར་དམར་ལང་ཚོ་ངོམ།།
ད་ལྟ་རྒྱུས་ཡོད་འདྲ་བའི་རི་དྭགས་ཚོགས།།
ན་རྒ་མེད་པར་བག་ཡངས་ངང་ལ་རྒྱུ།།

པ་ཏྲའི་རི་མོ་ལྟ་བུའི་བརྩེ་དུང་གིས།།
ཕ་རོལ་སེམས་ཀྱི་ལོངས་སྤྱོད་མི་འཕྲོག་པར།།
བ་བརྒྱའི་འོ་མ་ལྟར་དཀར་ལྷག་བསམ་འོག །
མ་བཅོས་སེམས་ཀྱི་སྤྲོ་སྣང་ཐེངས་གཅིག་མྱངས།།

ཙཱ་རི་ལ་སོགས་གནས་གསུམ་བདག་པོ་ཡི།།
ཚ་རླབས་བདེ་དྲོད་འབར་བའི་དབེན་ཕུག་ཏུ།།
ཛ་ཡས་མགུར་དུ་བཞེས་པའི་སྙིང་གི་གཏམ།།
ཝ་ལེར་གསོལ་འདེབས་ངང་ནས་ཐུན་གཅིག་གྲུབ།།

ཞྭ་ལྟར་གཙུག་ཏུ་བཀུར་བའི་ལྷ་སྐལ་གཅིག །
ཟ་འཐུང་འཚོ་བ་རྒྱས་པའི་འབྲོག་སྡེ་གཉིས།།
འ་ཅག་ཟ་སྐྱིད་ཆོས་རྣམས་འཛོམས་དང་གསུམ།།
ཡ་མཚན་ངོ་མཚར་ཆེ་ན་དེ་རང་ཆེ།།

ར་རིའི་ཕྱོགས་ལྷུང་དྲི་མས་མ་ཉོག་ཅིང་།།
ལ་ལུང་སྐྱིད་ཆུ་བཞིན་དུ་དྭངས་གཙང་གིས།།
ཤ་ཚ་མགོན་མེད་བུ་ལ་གནང་བའི་འབབ།།
ས་གཞི་གང་དུ་སོང་ཡང་མ་བརྗེད་ཨང་།།

ཧ་ཧ་དེ་རིང་མཛའ་མཐུན་མཆེད་དང་ལྷན།།
ཨ་ཇོ་སྒོམ་པར་མགུར་ཞིག་འཐེན་བཅུག་པས།།
ཧ་ཅང་དགའ་བཞིན་ཚ་འུག་རི་ཁྲོད་ནས།།
ཨ་བུ་འབྲི་གུང་པ་ཡི་རྟོགས་མགུར་བཞེས།།

ཨ་ལ་འབུམ་ཕྲག་ཚོགས་པའི་གདན་ས་ཆེ།།
ར་བ་སྐྱིད་ཆུ་སྔོན་མོའི་རླབས་རྒྱུན་ཁྲོད།།
ཞ་འབྲིང་བླ་མ་མཉེས་པར་མ་ནུས་ཀྱང་།།
རྩྭ་ཐང་མེ་ཏོག་འཐུ་ཞོར་རྟེན་འབྲེལ་དུ།།

པ་སངས་ལྟར་དཀར་ཕ་ཇོའི་སྨོན་ལམ་དེ།།
ཏ་ལའི་འདབ་ལྟར་ཡངས་ཤིང་རྒྱ་ཆེ་རུང་།།
ཅ་རེ་ཙམ་ཞིག་དད་པའི་དབྱིིངས་ལ་འཁོར།།
ཀ་ཡེ་ཚུར་གཅིག་གསོན་དང་དོན་བསྡུས་ན།།

ཧ་ལམ་ཕྱི་དྲོའི་དུས་ཚོད་གཅིག་ཡུན་དུ།།
ཨ་ཐང་གསོ་ཕྱིར་བདུད་རྩི་སྨན་ཆུ་ནམ།།
ཨ་ནེ་དགོན་པའི་གཏེར་སྒྲོམ་ཆུ་ཉལ་བྱས།།
ཧ་ཅང་རན་པས་ལུས་ཁམས་བདེ་ལ་འཁོད།།

ཀ་ཡེ་འདྲིས་བདེའི་གྲོགས་ཁྱོད་ལྷན་ཅིག་ཏུ།།
ཁ་ཟིན་གནས་མཇལ་གང་དག་དགེ་ཡང་སྲིད།།
ག་ན་ལྗོངས་ཉུལ་དེ་ཚོ་སྤྲོ་སྣང་ཡིན།།
ང་ཡི་ཀ་རྩོམ་ལེ་འུ་གཅིག་གིས་རྫོགས།།

2023/6/22

སྒྲ་དབྱངས་འཕྲུལ་སྲས།

࿐མཁན་ཆེན་༧བསོད་དར་རྒྱས་ཀྱི་ཞབས་བརྟན།

སྟོན་མཆོག་མཉམ་མེད་ཐུབ་དབང་སྲས་དང་བཅས། །
འཕགས་བོད་པཎ་གྲུབ་བདེན་ཚིག་གྲུབ་པའི་ཚོགས། །
ཁྱད་པར་ཚེ་ལ་དབང་བའི་རིག་འཛིན་བཅས། །
དེང་འདིར་དགེ་ལེགས་སྣང་བའི་ཤིས་པ་སྩོལ། །

མཁྱེན་པའི་ཤེས་རབ་མཁའ་ཡི་འོད་སྣང་གསལ། །
བྱམས་བརྩེ་ལྷག་བསམ་དུང་གི་ཟླ་བ་མཛེས། །
མཁྱེན་གཉིས་ཉི་ཟླ་ཟུང་གི་རྣ་ཆ་ཅན། །
བསྟན་འགྲོའི་གཉེན་གཅིག་སྐུ་ཚེ་བརྟན་པར་ཤོག །

ཤེས་རིག་རིན་ཆེན་ནོར་གྱི་བང་མཛོད་ཆེས། །
ས་ཆེན་གོ་ལའི་ཁྱོན་འདི་ཡོངས་བཀང་སྟེ། །
བརྒྱུད་འཛིན་བུ་སློབ་རྒྱུ་སྐར་བྱེ་བའི་གྲངས།།
སྐྱོང་མཛད་སྐྱེས་ཆེན་དམ་པའི་ཞབས་བརྟན་གསོལ།།

མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་།།
ཚེ་འཛིན་གྲུབ་པའི་ཚོགས་ཀྱི་བདེན་སྟོབས་ཀྱིས།།
ཚེ་ཡི་མི་མཐུན་བར་ཆད་ཀུན་ཞི་ནས།།
སྨྲ་བའི་ཁྱུ་མཆོག་ཞབས་པད་བརྟན་གྱུར་ཅིག།

མི་ཤིགས་མི་འགྱུར་གསང་བ་སྐུ་ཡི་ཁམས།།
མི་འགག་མི་འགྱུར་གསང་བ་གསུང་གི་ཁམས།།
མི་གཡོ་མི་འཕོ་གསང་བ་ཐུགས་ཀྱི་ཁམས།།
གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།

ཅེས་པ་འདི་སྙིགས་དུས་ཀྱི་སྐྱེ་འགྲོའི་མགོན་དང་དཔུང་གཉེན་དམ་པར་གྱུར་པ་མཁན་རིན་པོ་ཆེ་༧བསོད་ནམས་དར་རྒྱས་ལགས་སྙུན་གཞི་ལས་གྲོལ་བའི་མཐུན་རྐྱེན་དུ་ཤར་མི་ཉག་འཁྱམ་པོ་པ་༧ཐུབ་བསྟན་ཉི་མར་འབོད་པ་དེས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

࿐དྲིན་གྱི་སྐྱོང་མཁན་གྱི་མ་ལོ་ལགས་དང་ཚེ་གཅིག་ལས་ལ་བཀོད་པའི་གཅེས་པའི་ལྕམ། དེ་མིན་ལམ་གྱི་ཉག་ཕྲན་སོ་སོ་ནས་འཕྲད་པའི་གྲོགས་དང་ནམ་ཞར་སེམས་ཁྲལ་དང་ཐུགས་ཁུར་གནང་མཁན་གྱི་གཉེན། ལམ་སྣ་རེ་ལས་འཇལ་བའི་བརྩེ་བའི་དགེན་དག ལས་ལ་བཀོད་པའི་འཇལ་འཛོམས་ཀྱི་ལོ་ཟླ་དག་སྙེམས་པའི་རི་མོ་ལྟར་གསལ་ལ་སེམས་ཀྱི་སྤང་ས་དེ་ནས་ངང་གིས་བཞད། ནམ་རྒྱུན་དྲན་པ་མནོག་མོ་དེ་ཁྱེད་ཅག་གི་ཕྱོགས་སུ་ངང་གིས་ཕྱིན་ལ་ཕྱིར་དྲན་རེ་ཞིག་དྲན་པའི་སྒོ་ངོས་སུ་ལྷང་ངེར་འཆར། དུས་དང་ལས་ལ་སྐལ་རེ་ཡོད་ཚེ་ངའི་ཁྱེད་ཅག་གི་བདེ་བར་སྨོན་ལམ་དང་སྔ་ནས་མཉམ་འཛོམས་བྱུང་བར་གསོལ་འདེབས་བྱེད། ཚེ་གཅིག་ལས་ཀྱི་འཕྲད་པ་འདི་ལ་དགའ་བ་དང་སྐྱིད་པའི་ཁེངས་ལ། ལྗན་ལྗིན་མ་འགོས་བར་བརྩེ་བ་བསྩོལ་རོགས།


发布     👍 0 举报 写留言 🖊   
✋热门推荐
  • 特别是爸爸,日夜不辞劳苦的照顾爷爷,我想如果爷爷在天上把他记起来了,一定会很欣慰。于心有愧的是,我伤心的原因是想起世界上真正爱我的人就这样,真的少了一个——身边
  • #男人们的恋爱[超话]#有点小剧透,但好想分享一下(怕剧透的可以不点开)……我想说,看完感觉大家关系都挺好的,氛围还不错,34交流头天晚上没接到电话的那一段属实
  • 【in高颜值年轻人哄趴 长城广告节斩获多项大奖】第24届中国国际广告节上,专注于年轻人生活记录与分享的社交平台in app获得了多项权威大奖,其中“谁是OPPO
  • 你想得到一只好碗,首先要保证自己拿的那只也是只好碗…… 就像一只碗与另一只碗的碰撞一样,一颗心与另一颗心的碰撞,需要付出真诚才能发出清脆悦耳的响声。 他
  • 16.城市慷慨整夜光 如同少年不惧岁月长17.我是一支没有感情的冰淇淋18.请带上128G的胃跟我走19.生死有命,胖瘦在天20.布置作业:今晚想我21.“虚度
  • 记得我们刚开始训练时,我的动作总是不够标准,若男说的最多的就是“诶呀没事~,慢慢来,一切都会好的”然后陪着我把一个个动作练标准,每一次我都感觉心里暖暖的,受到了
  • 和老大一起喊了祝陈创老师杀青快乐[哈哈]#王一博这就是街舞4# 看了4届街舞,从第一届只是当综艺看明星队长,到第4届,舞种,舞者的名字也都能叫的出来,以前一直以
  • 希望政府严查非法网贷平台,规范 ​​​​【大学生欠“校园贷”6.7万 为躲催债10多天离家3次】悲剧啊,大学生欠“校园贷”6.7万躲债离家!希望政府严查非法网贷
  • #中国杯帆船赛##第十一届中国杯帆船赛# 【比奥运会历史更久,比F1技术更高的百年美洲杯,即将来到你身边![鼓掌][鼓掌]为了让参加中国杯的各国帆船运动员、贵宾
  • 连问题都不看直接回复一条消息,如果是这样的工作内容的话,恐怕连保洁阿姨都是可以轻松胜任的吧[微笑]#地铁跑酷登顶8月全球手游下载榜榜首#【2022年8月全球热门
  • 上赛季我们板凳席上坐着本-西蒙斯和乔-哈里斯,加起来薪资5000万美元的球员,我真的很想见识一下我们全员出战的实力如何。杜兰特所言极是篮网球星凯文-杜兰特近日接
  • #ChrisEvans[超话]# #克里斯埃文斯[超话]# 依然是来自Backstage,Jack Smart的采访:三次在Seth Rogen面前出糗,克里斯
  • 在世上可以做许多错事,但绝不能做伤害女孩子的事——唐敏《女孩子的花》 ​当我跟他在一起的时候,我不需要改变我的理想,我的兴趣爱好,他是一个平 易的人,单纯、清
  • 而且还越卖越疯狂‼️——原因很简单,产品不是用来上头条,更不是用来炒作招代理的‼️[得意] 我们实实在在地不将就,唯心动的理念,做人,做事,做产品!而且还越卖
  • 事情都做的差不多了,才能去完善各类表格,补充信息,更加提高效率【哦莫,表格还没升级】如果我能分身就好了。纯粹靠花花哥哥吊着一口气看来在KTV连唱五个小时确实不行
  • ①,好贵。②,擦药。
  • :昨天晚上在隆源遇到了你的好朋友,琳琳,她已经比我还高一些了,从前那么瘦小的的人儿也长成青春美少女了,妈妈多么羡慕她们的妈妈,有女儿的陪伴,多么渴望妈妈的身边也
  • 当日解除医学观察的无症状感染者635例,其中境外输入68例,本土567例(贵州183例,西藏143例,黑龙江55例,四川43例,山东24例,湖北19例,天津15
  • 值得收藏很久的宝藏短句[心]1.飞鸟与鱼不同路 从此山水不相逢2.要喜欢那些心情不好 也不舍得凶你的人3.世上无奈千百种,唯有沉默最心酸4.这世上只有和好,没有
  • 我觉得马蓝星对独孤月更多的是愧疚和自责,愧疚自己把他落在月球上,人家这么喜欢自己,自己却不知道或者对他没意思,而在影片接近尾声的按按钮的镜头,有把她在影片开头按