མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཇལ་ཚུལ་གླེང་བ།    
མདོ་འཛིན་པ།
ཁྱོད་རང་བོད་རྒྱུད་ནང་བསྟན་གྱི་མཚོན་མདོག་དང་། དགོན་པའི་མདོག་དབྱིབས།  བོད་པའི་ལྷད་མེད་ཀྱི་དད་པ་དག་གིས་སེམས་ལ་གཡོ་འགུལ་ཐེབས་ནས་བོད་རྒྱུད་ནང་བསྟན་ལ་རྒྱུས་ལོན་མང་ཙམ་བྱེད་འདོད་བྱུང་བ་རེད་དམ།‍‍‍   
ཞེ་ཅཱ་ནིང་།
ངས་བསམ་ན་ངས་ངོ་གདོང་མི་འདྲ་བ་དང་། མིག་ཟུང་མི་འདྲ་བ་ཞིག་མཐོང་སོང་སྙམ་ཞིང་། ང་རང་ཁོ་ཚོའི་མིག་ཟུང་ལ་ལྟ་བར་ཤིན་ཏུ་དགའ། ཁོ་ཚོའི་ཕྱག་འཚལ་བ་དང་གུས་པ་བྱེད་པའི་རྣམ་པ་དེ་ནི་ཧ་ལས་པའི་རྣམ་དག་དང་ཟོལ་མེད་ཅིག་རེད། ཁོ་ཚོ་ལ་ལྟ་བ་ན་ཁྱོད་ལ་ཁོ་ཚོའི་འཚོ་བ་དེ་ཙམ་ཕྱུག་པོ་མིན་ན་ཡང་ཧ་ཅང་ཟོལ་མེད་དང་རྣམ་དག་ཡིན་པ། མིག་ཟུང་དེ་ཁོ་ནས་ཀྱང་ཁོ་ཚོ་སྤྲོ་སྣང་གིས་ཕྱུག་ཡོད་པའི་ཚོར་བ་བསྐྱེད་དུ་འཇུག ཁོ་ཚོས་མཆོད་མེ་སྒྲོན་པ་སོགས་ཅི་ཞིག་བྱས་ཀྱང་ཕྱིའི་རྣམ་པ་ཙམ་མིན་པར་སེམས་བསམ་པའི་གཏིང་ནས་སྒྲུབ་ཀྱིན་འདུག དེ་དག་གིས་ངའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་སོང་། དེ་ནས་ང་རང་འགྲོ་ཆོག་ས་དང་འགྲོ་ཐུབ་སའི་དགོན་པ་ཚང་མར་སོང་བ་ཡིན་། དེ་དུས་ངས་བསམ་ན་རང་གིས་དེ་སྔོན་མཐོང་མ་མྱོང་བའི་དགོན་པ་གཞན་ཞིག་དང་འཇིག་རྟེན་ལྟ་ཚུལ་གཞན་ཞིག་རིག་སོང་བའི་སྣང་བ་བྱུང་།  དེ་རྗེས་ང་རང་ཕྱིར་ལོག་དུས་འགའ་ཞིག་གིས་སྲོག་བླུ་བྱེད་བཞིན་འདུག་ཅེས་ཐོས་པས།  ངས་ཁ་ཡོད་ལག་ཡོད་ཀྱི་དོན་ཞིག་བསྒྲུབ་འདོད་པས་སྲོག་བླུ་ཞེས་པ་ཅི་འདྲ་ཞིག་འདུག་ལྟ་རུ་སོང་བ་ཡིན། ལས་དང་སྨོན་ལམ་འདི་འདྲ་ཞིག་གིས་དུས་དེར་ང་རང་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཐེངས་དང་པོ་མཇལ་སོང་། ཁོང་ལ་མཇལ་ཁ་ཞུས་ཟིན་རྗེས་ཁོང་གིས་ང་ལ་《ཤེས་རབ་སྒྲོན་མེའི་འོད་སྣང་།》གི་དེབ་ཆ་ཚང་བ་ཞིག་གནང་བྱུང་། དེ་ནས་ངས་ཕྱིར་ཁུར་ཡོང་རྗེས་ད་རུང་དེབ་དེ་དག་ཀློག་རྒྱུ་བྱུང་མ་སོང་། ང་རང་༢༠༡༥ལོར་ལྔ་རིག་ནང་བསྟན་སློབ་གླིང་དུ་ཐེངས་དང་པོར་སོང་ནས་ཕྱིར་ལོག་རྗེས་གཟོད་དཔེ་དེབ་དེ་ལ་ལྟ་རྒྱུའི་མགོ་བརྩམས་པ་ཡིན། དུས་དེ་ནས་གཟུང་སྟེ་ངས་བསམ་ན་རང་གི་མི་ཚེ་ཡང་མི་འདྲ་བ་ཞིག་ཏུ་གྱུར་སོང་སྙམ། དཔེ་དེབ་དེ་ལས་ངས་ཤེས་རབ་དང་ནང་སེམས་ལ་མཁོ་བའི་དངོས་པོ་མང་པོ་ཞིག་མཐོང་སོང་ལ། འཚོ་བ་དང་བྱ་བ་ལས་ཀ་སོགས་གང་ཐད་ནས་ང་ལ་བློ་སྒོ་མང་པོ་ཞིག་ཕྱེས་སོང་། ངས་ནམ་རྒྱུན་པོད་ཕྲན་ལས་ལོ་འདི་དག་ལ་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཕྱག་དེབ་ལ་མཇལ་བ་ནི་ངའི་འཆར་ཅན་གྱི་སློབ་ཚན་ཞིག་ཡིན་ཞེས་བཤད་ཀྱིན་པ་ང་ལ་རྒྱུས་ཡོད་པའི་མི་རྣམས་ཀྱིས་ཤེས་གསལ་ལྟར་རེད་ལ། ངས་ཉི་མ་རེ་རེ་བཞིན་བླ་མའི་གསུང་ལ་མཇལ་གི་ཡོད།  དེ་ནས་ང་རང་རིམ་གྱིས་ནང་ཆོས ལ་ཆོས་སྐྱབས་སུ་འགྲོ་བའི་མགོ་བརྩམས་པ་ཡིན། 

རྨི་ལམ་ལས་མགོ་རྩོམ།

ལས་ཀྱིས་གཏན་དུ་འཁེལ་བའི་ཕུགས་བསམ་རེ་རེ་ནི་ཀྱག་ཀྱོག་གི་ལམ་བུ་ཇི་ལྟར་དོག་ཀྱང་མདུན་ནས་མདུན་དུ་བསྐྱོད་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན། ཆོས་ཉིད་ཀྱི་ལམ་བུ་དེའི་ཆེད་དུ་ང་ལ་དཀའ་སྡུག་ཇི་ལྟར་འཕྲད་ཀྱང་ངས་དང་ལེན་ཐུབ་ཁོ་ཐག་ཡིན། ལམ་བུ་དེའི་ཆེད་དུ་ཕ་མས་ང་ལ་གནང་བའི་ཨུ་ཚུགས་ཀྱི་བཟོད་སྒོམ་དེ་ཡང་ཕུལ་ན་འདོད། རླུང་ཁའི་མར་མེ་དང་ཤིན་ཏུ་མཚུངས་པའི་བདག་གི་མི་ཚེ་ནི། ལམ་བུ་དེའི་ཆེད་དུ་དུས་གཏན་དུ་གནས་ན་འདོད། མི་ཐམས་ཅད་ལ་ཕུགས་བསམ་ཡོད་པ་འདྲ་མཉམ་ཡིན་ཀྱང་ཕུགས་བསམ་གྱི་གྲུབ་འབྲས་མངོན་དུ་གྱུར་མིན་མི་འདྲ་བ་ནི་ཀྱག་ཀྱོག་གི་ལམ་བུ་ལ་བཟོད་སྒོམ་ཐུབ་མིན་ལ་རག་པ་དྲན་ཡོད། རྒྱུ་མཚན་དེས་ན་ཕུགས་བསམ་གྱི་གྲུབ་འབྲས་མཁོ་བའི་མི་ཞིག་ཡིན་ཚེ་གྲུབ་འབྲས་ཀྱི་རྒྱུའི་དུས་སུ་་དཀའ་སྡུག་དུ་མ་ཞིག་བརྒྱུད་དགོས་པ་དང་བཟོད་དགོས་པ་ནི། ཅིའི་ཀྱང་མི་ཐམས་ཅད་ལ་འདྲ་མཉམ་རེད། དེས་ན་འདྲ་མཉམ་དེའི་རྒྱབ་ལོག་གི་བསམ་གཞིག་རེ་རེས་ང་ཚོའི་ཕུགས་བསམ་གྱི་བྱ་བ་རེ་རེར་གསོན་ཤུགས་བསྐྲུན་དགོས། སྐུལ་འདེད་ཀྱང་གཏོང་དགོས། དེས་ན་ངས་མི་ཚེ་ལ་དཀའ་སྡུག་ཇི་ལྟར་བརྒྱུད་དགོས་ཡང་ང་ཡི་མི་ཚེའི་ཕུགས་བསམ་གྱི་ནུས་མཐུ་རུ་འགྱུར་བར་ནམ་ཡང་སྨོན་ལམ་འདེབས་ཡོད།

ལར་རང་རེའི་སྐད་ཡིག་འདི་ཉིད་སྤྱོད་མཁན་གྱིས་འདང་གྱིན་མེད་པའི་དུས་སྐབས་འདིར། འདི་དང་འདི་ལྟ་བུའི་ཐ་སྙད་དག་ཚུལ་ཇི་ལྟར་བྲིས་ཀྱང་འགལ་བ་ཆེར་མ་མཆིས་མོད། རྒྱུ་མཚན་དང་གནས་ལུགས་ཤིག་ལ་ཕུགས་གཏད་ཅིང་ཁུངས་བཅོལ་ཏེ་གཅིག་གྱུར་གྱི་ཚུལ་དུ་བཀོལ་ཐུབ་ན་ཡང་ཤིན་དུ་ལེགས་པར་མཐོང་བས་འདི་སྤེལ་འཇོག [鲜花]


发布     👍 0 举报 写留言 🖊   
✋热门推荐
  • 43岁巴特尔近照曝光:红光满面不再消瘦,腾格尔宴会上凭身高抢镜
  • 愚人节不看人鱼看什么?
  • “星巴克事件”终获和解 两名非裔男子各获赔1刀?!
  • 武汉“绝命毒师”案已发回重审 曾被指“事关中国化学界安危”
  • 刘若英回应退票事件;惠若琪最高伴娘团养眼;张若昀怒斥私生饭......
  • “蛇!蛇!” 男子夜里抱蟒蛇到餐厅吃饭,店长当场被吓晕!
  • 美国女孩穿旗袍,惹怒了一帮闲人,在网上围攻
  • 黄子韬爸爸偶遇古天乐
  • 头条 | 尤长靖重修、陈立农补作业...这届偶像学习“不太行”!
  • 看看不正经的老师脑洞有多大!这次的考试范围是星辰大海!
  • 尹建莉:爱孩子的妈妈也可以穿得漂亮,吃得优雅,玩得愉快
  • 安迪与安娜-像花儿一样的我们
  • 因一张照片损失14万!这些信息千万别存手机里!
  • 马云的五一“假期”:带高管到以色列学科技创新
  • 妈妈是超人,打败湿疹从这几个护理方法开始
  • 李嘉欣豪宅晒自拍,时隔一年,有钱老公变化实在太大!
  • 一家四口都是网红主播 家庭年入上千万!
  • 《爸爸去哪儿5》一波表情包大赛来袭!Jasper眉毛是要完胜的节奏嘛?
  • 24h:王源/易烊千玺/刘昊然/吴磊/何炅/黄子韬/潘玮柏/Selina
  • 讲真,张杰有可能变成“第八名“跑男