ཚངས་དབྱངས་རྒྱ་མཚོའི་༼མགུར་གླུ།༽
仓央嘉措《情歌》
དཀར་ནག་ལས་ཀྱི་ས་བོན།།
ད་ལྟ་ལྐོག་ཏུ་བཏབ་ཀྱང་།།
འབྲས་བུ་སྦས་པས་མི་ཐུབ།།
རང་རང་སོ་སོར་སྨིན་ཡོང་།།
—ཚངས་དབྱངས་རྒྱ་མཚོ།
黑业白业的种子,虽是悄悄地播下,
果实却隐瞒不住,自己在逐渐成熟。
—仓央嘉措
仓央嘉措《情歌》
དཀར་ནག་ལས་ཀྱི་ས་བོན།།
ད་ལྟ་ལྐོག་ཏུ་བཏབ་ཀྱང་།།
འབྲས་བུ་སྦས་པས་མི་ཐུབ།།
རང་རང་སོ་སོར་སྨིན་ཡོང་།།
—ཚངས་དབྱངས་རྒྱ་མཚོ།
黑业白业的种子,虽是悄悄地播下,
果实却隐瞒不住,自己在逐渐成熟。
—仓央嘉措
ཆོས་ཉིད་མངོན་སྤྱོད་རོལ་བའི་ཏིང་འཛིན་དང་ལྡན་ན།།
ལམ་འདྲེ་འཁྱམས་པོ་བསྒྲུབ་ཀྱང་ཡི་དམ་ཀྱི་ལྷ་ཡིན།།
ཉམས་ལེན་གནད་ཀྱི་དགོངས་དོན་ཟབ་མོ་ཞིག་མེད་ན།།
གསང་བདག་ཕྱག་རྡོར་སྒྲུབ་ཀྱང་གཉིས་འཛིན་གྱི་རི་མོ།།
-རིག་འཛིན་འཇིགས་མེད་གླིང་པས།
ལམ་འདྲེ་འཁྱམས་པོ་བསྒྲུབ་ཀྱང་ཡི་དམ་ཀྱི་ལྷ་ཡིན།།
ཉམས་ལེན་གནད་ཀྱི་དགོངས་དོན་ཟབ་མོ་ཞིག་མེད་ན།།
གསང་བདག་ཕྱག་རྡོར་སྒྲུབ་ཀྱང་གཉིས་འཛིན་གྱི་རི་མོ།།
-རིག་འཛིན་འཇིགས་མེད་གླིང་པས།
མཚན་མོའི་རྡུང་ལེན་སྙིང་འདར་མ།
ཨ་ལགས་ཆོབ་ཚེ།
ཅང་མེད་ཁོག་སྟོང་ཤོག་ལོས་དབང་བསྒྱུར་ཅན།།
རྐང་ཐང་གོམ་ལ་གཡོ་སྒྱུས་རྫུ་འཕྲུལ་བ།།
མགོ་ནག་མགོ་སེར་སྐྱ་ཐོ་སྔོ་ཐོ་དག།
ཞེ་ལོག་ཁོ་ཆད་སེང་གེ་ལ་ཡང་བྱུང་།།
མངོན་ལྐོག་མི་མཚུངས་ཁ་དོག་དཀར་ནག་ཅན།།
ཁ་ཁོག་མི་མཐུན་འཇའ་ཡི་རི་མོ་བ།།
རེ་འཛུམ་རེ་ཁྲོ་རེས་མོས་ཆད་མེད་དག།
ད་ཡོད་ད་མེད་ཕྱོགས་བསྐྱོད་བྱ་སྤུ་རེད།།
དབུལ་ཕྱུག་མི་འདྲ་ངོ་གདོང་ཁེ་མཚར་ཅན།།
ལག་སྐྱེས་མི་གཅིག་མཐོ་དམན་གནམ་ས་བ།།
ལེགས་ལེགས་ཉེས་ཉེས་ཐུབ་པའི་ཁེ་དབང་དག།
གང་ནས་གང་ལ་བསམ་ན་ཅོལ་ཆུང་རེད།།
བཙན་གཉོམ་མི་མཚུངས་བྱ་བ་སྣ་ཚོགས་ཅན།།
གང་ཐུབ་མི་འབད་མགོ་བོ་མཐོ་མཐོ་བ།།
ཅི་ཡོད་འདོད་ཀྱང་ཤོག་བུས་བྲན་གཡོག་དག།
བསམ་གྱིན་བསམ་གྱིན་ཁོག་བགད་ཁ་རུ་ཤོར།།
བོད་རྒྱལ་ལོ་༢༡༥༡-༢-༨ལ་ཁང་ཆུང་སྣང་བའི་གཞས་ར་ནས།
ཨ་ལགས་ཆོབ་ཚེ།
ཅང་མེད་ཁོག་སྟོང་ཤོག་ལོས་དབང་བསྒྱུར་ཅན།།
རྐང་ཐང་གོམ་ལ་གཡོ་སྒྱུས་རྫུ་འཕྲུལ་བ།།
མགོ་ནག་མགོ་སེར་སྐྱ་ཐོ་སྔོ་ཐོ་དག།
ཞེ་ལོག་ཁོ་ཆད་སེང་གེ་ལ་ཡང་བྱུང་།།
མངོན་ལྐོག་མི་མཚུངས་ཁ་དོག་དཀར་ནག་ཅན།།
ཁ་ཁོག་མི་མཐུན་འཇའ་ཡི་རི་མོ་བ།།
རེ་འཛུམ་རེ་ཁྲོ་རེས་མོས་ཆད་མེད་དག།
ད་ཡོད་ད་མེད་ཕྱོགས་བསྐྱོད་བྱ་སྤུ་རེད།།
དབུལ་ཕྱུག་མི་འདྲ་ངོ་གདོང་ཁེ་མཚར་ཅན།།
ལག་སྐྱེས་མི་གཅིག་མཐོ་དམན་གནམ་ས་བ།།
ལེགས་ལེགས་ཉེས་ཉེས་ཐུབ་པའི་ཁེ་དབང་དག།
གང་ནས་གང་ལ་བསམ་ན་ཅོལ་ཆུང་རེད།།
བཙན་གཉོམ་མི་མཚུངས་བྱ་བ་སྣ་ཚོགས་ཅན།།
གང་ཐུབ་མི་འབད་མགོ་བོ་མཐོ་མཐོ་བ།།
ཅི་ཡོད་འདོད་ཀྱང་ཤོག་བུས་བྲན་གཡོག་དག།
བསམ་གྱིན་བསམ་གྱིན་ཁོག་བགད་ཁ་རུ་ཤོར།།
བོད་རྒྱལ་ལོ་༢༡༥༡-༢-༨ལ་ཁང་ཆུང་སྣང་བའི་གཞས་ར་ནས།
✋热门推荐