ཁ་སང་། འདི་ཀའིXiHuaསློབ་ཆེན་གྱི་མི་ཆེ་གེ་མོ་ཞིག་ལ་དུས་ཆད་བཏབ། ང་རང་སྔོན་མ་ནས་སློབ་ཆེན་འདིའི་ཕྱི་ནང་གསང་གསུམ་ལ་ལྟ་སྐོར་ཐེངས་ཤིག་འཁྲིད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། གུས་པ་རང་སྙོམས་ལས་ཅན་ཤ་སྟག་ཏུ་འདུག་པས། དོན་དེ་ལེ་ལོས་རྒྱུ་བྱས་ཏེ་ཧ་ལམ་ལོ་ངོ་གཅིག་གཉིས་ལྷག་ཙམ་འགོར། ཡིན་ན་ཡང་། གཟའ་མཇུག་གི་ཁོམ་སྐབས་འདི་ལ་ཆེད་དུ་སློབ་གྲྭའི་སློབ་གླིང་རེ་རེ་དང་དཔེ་མཛོད་ཁང་། སྤྱི་གླིང་། ད་དུང་ལུས་རྩལ་རྭ་བ་གསར་རྙིང་སོགས་གང་སར་འཆམ་ཉུལ་ལྟ་བུ་ཞིག་བྱས་སྟབས་འགྲིག སློབ་གྲྭའི་ནང་བཀོད་དང་སྐྱེད་མོས་ཚལ། སྔོ་ལྟེམ་མེར་འཁྱིལ་བའི་མཚོ་མོ་སྦྲུལ་སྲིན་གྱི་ཁུགས་པ་ལྟ་བུས་བློ་སེམས་རབ་ཏུ་འཕྲོག་ཅིང་། སྣུམ་ཞགས་ལྡེམ་པའི་མེ་ཏོག་རྐང་རེ་རེས་ཁྱེད་རང་ཕེབས་པས་ཡག་བྱུང་། །བཞུགས་གྲལ་སྔར་ལས་སྐྱིད་བྱུང་། །ཞེས་པའི་ཉམས་ཤིག་དོད་འདུག་པའི་ཉམས་སྣང་བརྗོད་མི་ཤེས་པ་ཞིག་བྱུང་། བྱས་ན། དེ་རིང་ནི་དགོས་མེད་ཡེང་ཡེང་ངང་ཉི་མ་འཕུལ་དགོས་པའི་དོན་དེ་ལྟ་བུ་ལ་གླགས་མ་འཁེལ།

ལམ་བར་ནས་ངས་ད་དུང་གློག་བརྙན་ནང་གི་སྣང་བརྙན་མང་པོ་ཞིག་དྲན་འཛིན་གྱིས་ཡེ་ནས་མི་གཏོང་ཞིང་། མཚམས་རེར་གློག་བརྙན་དེས་རང་གི་རྣམ་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་བྱས་སོང་བའི་སྣང་བ་འགོག་མེད་དུ་སྐྱེས། ཅིག་ཐང་ན། ངེད་གཉིས་གློག་བརྙན་དེ་ལ་ལྟ་བར་ཁ་དུམ་པས་ཡིན་ཡང་སྲིད། གང་ལྟར་འདི་ཀོ་ལྷན་རྒྱས་ལ་འོས་སྦྱོར་གྱི་ཚུལ་དུ་གཏམ་ཉུང་ཙམ་བསྙད།

གློག་བརྙན་འདི་ནི་ཉེ་ཆར་སྤྱི་ཚོགས་དྲ་ལམ་དུ་གླེང་བརྗོད་སྣ་ཚོགས་མོད་བཞིན་པའི་ཐེ་ཝན་གྱི་གློག་བརྙན་ཞིག་སྟེ། ཞང་ཀཱང་གི་ཧང་ཅིན་ཕུའུ(Ching Po Wong)ཡིས་འཁྲབ་གཞུང་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་བཞེས་པ་ཞིག་རེད། གློག་བརྙན་གྱི་ཁ་ཡིག་ནི་ཨིན་ཇིའི་རྨང་གཞི་ཏོག་ཙམ་ཡོད་པས་འཐུས་ཏེ། དེ་ལ་ཞེས་བྱའོ། །

གུས་པས་གནས་སྐབས་སུ་འདི་ལ་དུག་གསུམ་ཞེས་དོན་བསྒྱུར་སྒོས་ད་དུང་རྒྱུ་མ་རིག་པ་ལས་བྱུང་བའི་དགེ་ཕྱོགས་འཇོམས་བྱེད་ཀྱི་དུག་ལྷག་མ་ཞིག་ཀྱང་ཁར་བསྣན་བཞག་ན་དགོས་པ་ཕྲན་ཚེགས་ཤིག་ཀྱང་མཐོང་ལུགས་ཀྱིས་དེ་གར་བྱས། གློག་བརྙན་མགོ་རྩོམ་སྟངས་ནི་རྦད་དེ་ཅ་ཟིང་དགུ་ཟིང་ཞིག་ཏུ་མཐོང་ཡང་། བལྟས་ཀྱིན་བལྟས་ཀྱིན་དེ་ལ་དགོངས་དག་ཐུགས་བདེན་རེ་ཞུ་དགོས་ཐུག་སྟེ། སྒྲིག་གཞི་དང་མཚོན་སྟོབས་ཀྱི་ཤེད་ཆེ་བའི་བཀོད་པ། བརྙན་མིག་གི་ཟིན་ཚད། ནོངས་པར་མི་སྔངས་པའི་ཤོ་བེ། བསྙེངས་པ་བྲལ་ཞིང་ཤི་མིག་དུར་ཁུང་ནས་ལྟ་བའི་མིག་དབང་དེ་དག་གིས་སྲིད་པའི་འཁོར་ལོ་དྲན་གསོ་བཏང་ཞིང་། ཉོན་མོངས་དུག་གསུམ་གྱི་རི་མོ་དེའང་ཝལ་ཝལ་ཤར།

དེ་ན་བྱས་འདོད་ཆགས་དང་། སྦྲུལ་གྱིས་ཞེ་སྡང་། ཕག་པས་གཏི་མུག མ་ཟད། བྱ་སྦྲུལ་གཉིས་ཕག་གི་ཁ་ནས་ཐོན་པར་བྲིས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གཙོས་པའི་འཁོར་བའི་ཉེས་པ་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བྱུང་ཞིང་། ཆགས་སྡང་གཉིས་ཀྱང་རྩ་བ་གཏི་མུག་ལས་བྱུང་ངེས་པའི་བསྒོ་བའམ་རྒྱུན་ཤེས་ཕྲན་ཚེགས་ཤིག་ཀྱང་ཞར་ལ་བསོགས་རྒྱུ་བྱུང་། ད་དུང་སྟོང་ཆེན་རབ་འཇོམས་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཞེས་དང་། དྲི་མེད་ཀུན་གསལ་ལས། དང་པོ་བདག་མེད་པ་ལ་བདག་ཏུ་བཟུང་བས་འདོད་ཆགས་སྐྱེས། དེ་ལ་རང་གི་གྲིབ་མ་ལ་རང་འཚེ་བ་བཞིན་དུ་རང་མདངས་ཀྱི་ཡུལ་ལ་གཉིས་སུ་བཟུང་བས་ཞེ་སྡང་སྐྱེས། དེ་ལྟར་གཉིས་སུ་མེད་པ་ལ་གཉིས་མེད་ཀྱི་དོན་མ་རྟོགས་པས་གླེན་ཞིང་གཏི་མུག་པར་གྱུར་པས་གཏི་མུག་སྐྱེས་པའི་ཚུལ་ཞིག་ཀྱང་གསུངས་བཞག་པ་མཐོང་། སྣང་མེད་བརྟད་པ་ཞིག་ལ་ང་རང་འདི་དག་གི་ནང་ནས་མགོ་མ་འཚོད་པ་དང་། སྐབས་རེ་རེར་གུ་གེ་སོགས་ཀྱི་དུས་སུ་ཨ་ཙ་དམར་པོས་གསང་སྔགས་ཐིག་ལེའི་སྐོར་དང་། པཎྜི་ཏ་ཤམ་ཐབས་སྔོན་པོས་སྦྱོར་དགྲོལ་གྱི་ཆོས་བསྟན་པའི་སྔགས་ལོག་ཅེས་པ་འདི་འདྲ་ལེ་ཞིག་ཡིན་ངེས་པ་དྲན། ལན་རེར་དིང་སང་མཁན་སྤྲུལ་རྫུན་མས་ཆོས་ལོག་སྤེལ་བའི་དོན་དངོས་གཉིས་ཤིན་ཏུ་ར་འཕྲོད་པས་ངེད་ཀྱི་བསམ་པ་ལ་ནི་ཨེ་ཨེ་བསམ་པ་རང་བྱུང་ངོ་། །

ཕུགས་བསམ།

                         —ཁྱུང་སྨུག་ལོང་།

རེ་བའི་མེ་ཏོག་གི་མཆོད་རྫས་འབུལ་སའི་དད་ཡུལ་གྱི་ལྷ་མཆོག
ངལ་རྩོལ་བྱེ་བ་ཡི་རྔུལ་ཆུ་འཐོར་སའི་དཔྱིད་དུས་ཀྱི་ཞིང་ས་གཤིན་པོ
རྨི་ལམ་དུའང་དྲན་གདུང་གི་གླུ་ཆུང་འགུག་སའི་རེ་བའི་གར་སྟེགས

རྒོད་པོ་ཚོས་འགྲོ་ལམ་རླུང་གིས་བཀག་ཀྱང
གཤོག་ཟུང་གི་བར་སྣང་གཅོད་བཞིན་ཁྱེད་ཉིད་འཚོལ་བཞིན་ཡོད་ལ
གཞོན་པ་ཚོས་དཀའ་སྡུག་སྟོང་ཕྲག་གི་ཆུ་འཛིན་འཁྲིགས་ཀྱང
རེ་སྒུག་ངང་ཁྱེད་ལ་འཐམ་གྱིན་ཡོད

ཁྱེད་ནི་རྒས་འཁོགས་ཚོའི་རེ་བའི་ལ་རྩེ་རུ་བསྒྲངས་བའི་དར་ལྕོག་ཟད་པོ་དེ་ཡིན་ལ
ན་གཞོན་ཚོའི་སྣང་བའི་རི་གྲོང་ལ་སྐྱེས་པའི་དཔྱིད་ཀྱི་དཔལ་ཡོན་དེ་ཡིན

                                         ༢༠༢༤•༣•༢༦ ལ།

࿑རང་ཉིད་ཇི་ལྟར་རྒུད་པའི་མཐར་ལྟུང་ཡང་།།
བྱས་དང་བཤད་པ་བདེན་པའི་གཞི་ལ་འཛིན།།
ངན་སྤྱོད་ཁོ་ནས་མི་ཚེ་ཟད་གྱུར་ཀྱང་།།
ད་དུང་གནས་ལུགས་མཐའ་ལ་མ་རྨོངས་ཚུལ།།
རང་རང་ས་ན་བདེན་པའི་ངག་རེ་ཡོད།།
རང་གི་བུ་མོར་སྤྱོད་པའི་ཐབས་ལམ་དུ།།
གང་ཡང་མེད་པར་ལྟ་བའི་མེད་སྨྲ་བའི།།
སྲོལ་དེ་འཇིག་རྟེན་མིག་གིས་ཕྱེས་པ་བཞིན།། ༢༠༢༣\ ༢\ ༡༧\ ཉིན་རྨ
པྲཛྙཱས།


发布     👍 0 举报 写留言 🖊   
✋热门推荐
  • #发现诗人# ●一切都很美好作者:管永安累了,就找一块铺满灿烂阳光的草坪躺下来好好地睡上一觉不管姿势高雅还是糟糕闭上眼睛至少自己看不到耳朵里塞上一团无论是柳絮、
  • 我“三叔”把我家最会抓老鼠的黄猫杀了吃了,还把一只黄猫和黑猫生的小猫咪送了人,我奶奶第二天就把猫咪的饭碗扔了,想要把最后的黑猫也扔了,快要气哭我了,一直只会说猫
  • 回头率近100%!这只是迈锐宝XL四大魅力之一 试驾车回头率接近100%这种事,只发生过三次,一是迈凯伦570S,二是科迈罗,三就是今天的主角雪佛兰迈锐宝XL
  • #成都#无论是擦肩还是错爱,无论是守望还是背叛,能够在最深的红尘里遇见,相知相爱过,本身就是一种幸福,总要好过从来没有得到的空旷与荒凉。到底该怎么形容成都呢 我
  • 打完这段我都快哭了!!
  • “以果地觉,为因地心”以阿弥陀佛果地所成的正觉佛力、愿力,作为众生往生的增上缘,也可以说作为众生往生的功德资粮,往生的正因、正业、正定业。善导大师说净土法门是“
  • 看到齐衡为明兰祈福 觉得他们可能真的适合 只要岁岁平安,哪怕生生不见 他们都会有属于自己的生活 只有我还在难过,还在意难平 那个带来春天的少年,终究还是被春天带
  • ”这个人说:“我求子,是希望将来有人养老送终。僧人说:“我与他前生一定有怨,他今天打我,各位又难为他,难道不是叫我白白受打?
  • ​​​#美到心间的话[超话]#今天是6月13日,星期四。懒惰不会让你一下子一无所有,但会在不知不觉中减少你的收获;勤奋也不会让你一夜成功,但会在不知不觉中积累
  • 你的健康就是全家的幸福 ,你的快乐就是全家的源泉。如果你有什么好的想法,那就立即行动;如果你遇到一个好的机遇,那就立即行动。
  • 早安吉祥如意 #正能量语录[超话]##国庆节在家看堵车[超话]##互粉[超话]##情感[超话]##搞笑[超话]##快马速上[超话]##世界那么大[超
  • ” “我可不知道。我说,那么,好吧,我们就只好去找那些魔术师算账。
  • 〔早餐〕无蔗糖咖啡/一点零食/土豆丝卷饼〔午餐〕豆角炒香干/番茄炒蛋/菜心/冰美式〔加餐〕芥末味杏仁〔晚餐〕娃娃菜/菜心/蒜苔炒香干/米饭/冰美式这两天真的吃
  • 天秤是属于回报型的恋爱星座,只要你对他好,他可以为你放弃天使般的生活,带着爱去旅游天秤座从不介意过着平淡的生活,他让你的生活充满乐趣。没有什么不可以,只要你认为
  • #王琳凯壁纸# [威武]#王琳凯可爱# [威武]#王琳凯创作型歌手# [威武]#王琳凯现场# [给你小心心]#小鬼王琳凯首张EP《Lil Ghost2.0》#
  • 实力招商意向代理✘ ❹如果我当初没有接触朵色 我不敢想象二十多岁的时光怎样一点一点浪费的因为我看到太多周围的人每天无所事事 打游戏堡剧 然而月光族也跟着朵色接触
  • 去年,主编说我写的东西一点都不用心,我都不愿意承认,我还说我觉得我写的很好,其实,我自己都看不下去,哪里来的感情。 #今日贴纸打卡# 和一个懂你的人说话,是一种
  • 这是发微博就是比发朋友圈舒服系列小蒋今天终于20了我的朋友说我离30岁又近了一步其实很多时候人未老心先老了今年想不出什么愿望了得到与不得到也不重要了希望我的家人
  • 和一个懂你的人说话,是一种减压;和一个不懂你的人说话,是一种无聊。和一个懂你的人说话,是一种减压;和一个不懂你的人说话,是一种无聊。
  • 最近才感觉到,我就是那种典型的想要自己做人生重要决定的“独立”型女儿,不能给爸妈的那种依赖和满足也并没有别的人格魅力来替代。有人说:并不是所有的付出都有回报,既