️
#མི་ཚེའི་སློབ་གསོ།
དཔེ་ཆ་དང་ཁ་འབྲལ་མི་རུང་བ། དཔེ་ཆ་དང་ཁ་བྲལ་བ་ནི་གནས་ལུགས་དང་ཁ་བྲལ་བ་ཡིན། གནས་ལུགས་དང་ཁ་བྲལ་རྗེས་བྱ་ངན་སྤྱོད་ངན་གྱི་མགོ་བརྩམས་གྲུབ་པ་ཡིན་པས་གནས་བབས་གང་འདྲ་ཞིག་ཏུ་གྱུར་རུང་དཔེ་ཆ་དང་གཏན་ནས་ཁ་འབྲལ་མི་རུང་། སློབ་སྦྱོང་ལ་རྒྱབ་གཏད་རྗེས་རང་གི་མ་འོངས་པའི་མདུན་ལམ་ལ་རིན་ཐང་མེད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན།
#མི་ཚེའི་སློབ་གསོ།
དཔེ་ཆ་དང་ཁ་འབྲལ་མི་རུང་བ། དཔེ་ཆ་དང་ཁ་བྲལ་བ་ནི་གནས་ལུགས་དང་ཁ་བྲལ་བ་ཡིན། གནས་ལུགས་དང་ཁ་བྲལ་རྗེས་བྱ་ངན་སྤྱོད་ངན་གྱི་མགོ་བརྩམས་གྲུབ་པ་ཡིན་པས་གནས་བབས་གང་འདྲ་ཞིག་ཏུ་གྱུར་རུང་དཔེ་ཆ་དང་གཏན་ནས་ཁ་འབྲལ་མི་རུང་། སློབ་སྦྱོང་ལ་རྒྱབ་གཏད་རྗེས་རང་གི་མ་འོངས་པའི་མདུན་ལམ་ལ་རིན་ཐང་མེད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན།
#悦读那曲# གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན། རྒྱ་མཚོ་ཡིན་ཀྱང་རུལ་བར་འགྱུར་ལ།གསར་བཏོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན།གསར་བ་ཡིན་ཀྱང་སྙིང་བོ་ག་ལ་ཡོད།---དཔལ་དོན་གྲུབ་རྒྱལ། https://t.cn/A6XH4Ivv
མུན་ནག་གི་རླབས་རིས།
མགོ་ལོག ཨ་ལགས་ཆོབ་ཚེ།
རླབས་ཕྲེང་སྐྱོམས་པའི་རྒྱ་མཚོ་ལ།།
ཀོ་གྲུ་གཏོང་བར་སྤོབས་མིན་ཡང་།།
ལས་ཀྱི་གཟུགས་མེད་ཨ་ལོང་དུ།།
ངེད་ཅག་དམ་ལ་བཅིང་བ་ལགས།།
གཏམ་ཞིག་ལུད་དེ་སྙིང་ལ་ཕོག།
རི་ཆུ་འགུལ་ཙམ་བྱུང་བ་འདྲ།།
དུས་ཀྱི་མུན་པའི་མེ་ལོང་དུ།།
ངེད་ཅག་ཉེས་མེད་བཙོན་པ་ལགས།།
ཀྱེ་ཧུད་འཁོར་བའི་ལན་པོ་ཆེ།།
ཆོས་ཉིད་རྒྱལ་མོའི་སྡང་མིག་དག།
མེ་སྟག་ལས་ཀྱང་མེ་སྟག་སྟེ།།
བརྗོད་དུ་མ་སོང་ཐབས་མ་བྱུང་།།
ཟད་དུ་མེད་པའི་འཁོར་བའི་རླབས།།
རྟག་ཏུ་མེད་པའི་སྣང་བའི་ཁམས།།
སུ་ལ་མ་ངེས་ཀློང་ན་འཕྱུར།།
དགའ་སྡུག་བར་མའི་ལྷས་ན་འགུལ།།
དངོས་སམ་ཤུགས་སུ་གཏོང་བྱེད་པའི།།
ཁྲོ་འཛུམ་དཀར་ནག་གདོང་གི་ཉམས།།
ང་ལ་ཡོད་དེ་ཁྱེད་ལ་ཡོད།།
ཀུན་ལ་ཐུན་མིན་ཆོས་སུ་འགྲུབ།།
བོད་རྒྱལ་ལོ་༢༡༥༡-༢-༡༩ཉིན་ཁང་རྙིང་དུ།
མགོ་ལོག ཨ་ལགས་ཆོབ་ཚེ།
རླབས་ཕྲེང་སྐྱོམས་པའི་རྒྱ་མཚོ་ལ།།
ཀོ་གྲུ་གཏོང་བར་སྤོབས་མིན་ཡང་།།
ལས་ཀྱི་གཟུགས་མེད་ཨ་ལོང་དུ།།
ངེད་ཅག་དམ་ལ་བཅིང་བ་ལགས།།
གཏམ་ཞིག་ལུད་དེ་སྙིང་ལ་ཕོག།
རི་ཆུ་འགུལ་ཙམ་བྱུང་བ་འདྲ།།
དུས་ཀྱི་མུན་པའི་མེ་ལོང་དུ།།
ངེད་ཅག་ཉེས་མེད་བཙོན་པ་ལགས།།
ཀྱེ་ཧུད་འཁོར་བའི་ལན་པོ་ཆེ།།
ཆོས་ཉིད་རྒྱལ་མོའི་སྡང་མིག་དག།
མེ་སྟག་ལས་ཀྱང་མེ་སྟག་སྟེ།།
བརྗོད་དུ་མ་སོང་ཐབས་མ་བྱུང་།།
ཟད་དུ་མེད་པའི་འཁོར་བའི་རླབས།།
རྟག་ཏུ་མེད་པའི་སྣང་བའི་ཁམས།།
སུ་ལ་མ་ངེས་ཀློང་ན་འཕྱུར།།
དགའ་སྡུག་བར་མའི་ལྷས་ན་འགུལ།།
དངོས་སམ་ཤུགས་སུ་གཏོང་བྱེད་པའི།།
ཁྲོ་འཛུམ་དཀར་ནག་གདོང་གི་ཉམས།།
ང་ལ་ཡོད་དེ་ཁྱེད་ལ་ཡོད།།
ཀུན་ལ་ཐུན་མིན་ཆོས་སུ་འགྲུབ།།
བོད་རྒྱལ་ལོ་༢༡༥༡-༢-༡༩ཉིན་ཁང་རྙིང་དུ།
✋热门推荐