དེ་ཡང་༧འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་མཆོག་གིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀུན་གཞི་མི་བཞེད་པར་ཞིབ་པར་བསྒྲུབས་སུ་ཟིན་པ་ལ། སྔ་རབས་པའི་ཕྱོགས་འཛིན་པའི་མཁས་པ་འགའ་ཡིས། དེ་ལྟར་ན། ཀླུ་སྒྲུབ་ཀྱིས་མཛད་པའི་«རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་»ལས། ཀུན་གཞིའི་རྣམ་བཞག་གསལ་བར་བསྟན་པ་མི་འཐད་པར་འགྱུར་རོ། །ཞེས་རྗེ་བླ་མ་འགོག་པར་མཛད་མོད། བོད་དུ་བཞུགས་པའི་«རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་»ལ་ཡང་ཀླུ་སྒྲུབ་མཛད་ཅེས་བསྒྱུར་བྱང་དུ་འཁོད་པ་དང་། དབྱིག་གཉེན་གྱིས་མཛད་ཅེས་འཁོད་པ་གཉིས་ཡོད་ཅིང་། དེར་མ་ཟད། དེའི་རྒྱ་ཡིག་གི་འགྱུར་ལས་ཀྱང་དབྱིག་གཉེན་གྱིས་མཛད་ཅེས་བསྒྱུར་བྱང་དུ་བཞུགས་ཡོད་ལ། ལྷག་པར་དུ། ཉེ་རབས་ཀྱི་ནང་ཆོས་ཞིབ་འཇུག་པ་ 西勒万•烈維( Sylvain Levi)ལཱེ་ཝས་ཞུ་བའི་ཞིབ་འཇུག་པ་འདིས་བལ་ཡུལ་ནས་«རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་»ཞེས་པའི་བསྟན་བཅོས་དེའི་ལེགས་སྦྱར་གྱི་མ་དཔེ་གསར་རྙེད་བྱུང་ཡོད་པ་དེའི་མཛད་བྱང་དུ་ཡང་དབྱིག་གཉེན་གྱིས་མཛད་པར་འཁོད་ཡོད་པར་འདུག་པས། རྩོད་པ་དེ་རང་བཞིན་གྱིས་ཞི་བར་གྱུར་སོང་ངོ་། ། https://t.cn/A6tCn4m0

      ཚེ་རིང་སྐྱིད་ལ་སྐུར་བས་དྲན་པ་མུ་ཏིག་སྔོན་པོའི་དོ་ཤལ།
                                   
                                     རྩོམ་པ་པོ། པོ་ཏ་ལའི་མྱི

སྤྲིན་པ་ཐར་ཐོར་རེ་དང་ཉི་འོད་མག་མོག་ཅིག་ལས་ཅི་ཡང་མི་མཐོང་བའི་དེ་རིང་། གྲོང་སྡེའི་མཐའ་འཁོར་ན་རྡུལ་ཕྲན་བཞིན་དུ་འཚང་ཁ་རྒྱག་རྒྱུར་དགའ་བའི་རྒྱུས་མེད་ཀྱི་མི་སྣ་དེ་དག་ཀྱང་མཐོང་ལམ་དུ་མི་སྣང་ཞིང་། ལྷིང་འཇགས་ཡིན་ལ་ལྷིང་འཇགས་མ་ཡིན་པའི་ཁོར་ཡུག་ཅིག་ནས། ངའི་ད་ལྟའི་དྲན་པ་མཚོན་པའི་ཐ་སྙད་མང་པོ་ཞིག་ང་དང་མཉམ་དུ་ཟི་ལིང་མཁར་ན་ལུས་ཡོད།

ངའི་སྤྱི་སྤྱོད་རླངས་འཁོར་གྱི་དྲྭ་མ་ལས་ཁམས་དང་དབང་པོ་ཕྱི་རོལ་དུ་ཕྱོགས་ཤིང་ཕྱི་རོལ་གྱི་ནམ་ཟླ་དང་ངའི་ནང་སེམས་ཀྱི་ཚོར་འདུ་གཉིས་གཅིག་ཏུ་འདྲེས་ཏེ། བར་མཚམས་མེད་པའི་ཀུན་རྟོག་གི་ཀློང་ནས་ཁྱོད་མཚོན་པའི་ཐ་སྙད་དེ་དག་ཆུ་མིག་བརྡོལ་བ་ལྟར་དུ་ང་ཡི་ངག་སྒོ་ན་འཕྱོ།
ད་དུང་ཁྱོད་རང་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པར་སྤྲུལ་ཏེ་ངའི་འཚོ་གནས་ཀྱི་ཤོག་དཀར་སྟེང་ན་འབབ།

གོམ་པ་མདུན་ཕྱོགས་སུ་སྤོས་ཀྱང་སེམས་པ་རྒྱབ་ཕྱོགས་སུ་ལུས་སོང་བ་ལྟ་བུའི་གློ་སྙིང་གི་གས་སྲུབ་བར་ན་ལྷོད་ཀྱིས་ལྡང་བའི་དྲན་གདུང་གང་དེ་རོལ་དབྱངས་གང་ཞིག་གི་མཚོན་དོན་དུ་འགྱུར་སྲིད། དེ་རིང་ངའི་ཁྱོད་ཡོད་སའི་ས་ཕྱོགས་དེར་འཆར་ཡན་ཁྲི་ཕྲག་གིས་བརྒྱན་པའི་མེ་ཏོག་སྣ་བརྒྱ་ཞིག་བཏབ་སྟེ། ནམ་ཞིག་ཁྱོད་ཁོ་ནར་དབང་བའི་མེ་ཏོག་ལུང་པ་ཞིག་འཛུགས་འདོད། དེ་རུ་སྐྱེས་པའི་མེ་ཏོག་གི་འདབ་མ་རེ་རེ་ངའི་དྭངས་གཙང་གི་སེམས་འདུན་མཚོན་པའི་བརྩེ་ཞེན་གྱི་དྲོད་ཐིག་རེ་རེ་ཡིན། 

ག་ཤེད་ཅིག་ནས་སྤྲིན་ནག་འཁྲུག་པ་བཞིན་གློ་བུར་གློ་བུར་དུ་དྲན་ཡོང་བའི་ཁྱོད། ཁོམ་རྒྱུ་དེ་འདྲ་མེད་པའི་ཁོར་ཡུག་དེ་ན་བདེ་བར་གནས་སམ། ད་ལྟ་དུས་ཚོད་ཀྱི་དབང་གིས་ཆམ་ནད་ཚབ་ཆེན་རེ་ཐོན་ཡོད་པར་གོ་དུས་སྐྲག་སྣང་གིས་སྒུལ་བའི་གློ་སྙིང་བར་ནས་ཁྱོད་ཉིད་དྲན་ཡོང་། གཞན་ལ་ཁ་དེ་ཙམ་གྲགས་རྒྱུར་མི་དགའ་བའི་ཁྱོད་ཀྱིས་ལུས་སེམས་ཀྱི་སྐྱོ་གདུང་མཐའ་དག་རང་ཉིད་གཅིག་པུའི་ཁུར་ནས་ཡོད་དམ།

ཕར་བལྟས་ཚོད་ལ་ཆ་ཡོད་རྒྱུས་ཡོད་ལྟར་དུ་སྣང་ནའང་དོན་དངོས་སུ་ཕན་ཚུན་ལ་གཅིག་ཀྱང་རྒྱུས་མེད་ཡིན་པའི་ལྷིང་འཇགས་ལ་ཕྱོགས་པའི་བུ་མོ། ཁྱོད་ཀྱིས་རང་དབང་གི་ནམ་མཁའ་རུ་རྒྱུ་བའི་ལྷོད་ཡངས་ཀྱི་ཆུ་འཛིན་དེར་རང་ཉིད་ཀྱི་ལས་དབང་ལ་ཅོ་འདྲི་བྱེད་མྱོང་ངམ། རྙོག་འཛིང་དང་འཁྲབ་སྟོན་ལ་དགའ་བའི་དུས་རབས་འདིར་ཁྱོད་ཀྱིས་ཀྱང་སྒྱུ་རྩལ་པ་ཞིག་བྱེད་ན་འདོད་དམ། ཁྱོད་ཀྱི་ལང་ཚོ་དང་ཚེ་སྲོག་ཁྱོད་རང་ཉིད་མ་གཏོགས་གཞན་དག་སུ་ལའང་མི་དབང་བའི་མག་མོག་གི་འཇིག་རྟེན་འདི་ནས་རང་དབང་གི་གནམ་འཕངས་གཅོད་པའི་ཁྲུང་ཁྲུང་ཞིག་ཅིས་ཀྱང་ཡིན་དགོས།

གཞས་གཏོང་བར་དགའ་ཞིང་ཐང་གའི་སྒྱུ་རྩལ་གྱི་ཞིང་ཁམས་ལ་སྙེགས་པའི་འབྲོག་གི་བུ་མོ། ལྷད་མ་འདྲེས་པའི་རོལ་དབྱངས་དེ་དང་བཙོག་མ་སླད་པའི་སྒྱུ་རྩལ་དེས་ཁྱོད་ཀྱི་སྨྲེང་བ་གསོས་བྱུང་ངམ། ངའི་རྒྱང་རིང་གི་གནམ་སའི་མཐའ་ནས་ཁྱོད་ཀྱི་འོད་ཟེར་དཀར་པོའི་སོ་ཕྲེང་དང་གཉོམ་དུང་དུང་གི་གཤིས་རྒྱུད། ཟོལ་མེད་ཀྱི་འཛུམ་མདངས་དང་དགའ་ལྷང་ལྷང་གི་རྣམ་འགྱུར་བཅས་དྲན་གྱིན། སེམས་ཀྱི་གནས་སྟངས་མཚོན་པའི་ཐ་སྙད་འགའ་བྲིས་ཏེ་ཁྱོད་ཁོ་ན་གླེང་གིན་ཡོད། 
ཁྱོད་ཕྱོགས་སུ་འཕུར་བའི་དྲན་པ་འདི་ལ་མཚམས་འཇོག་མེད་པ་ནི་གཙང་བོའི་བཞུར་རྒྱུན་བཞིན་རི་ལུང་ཐང་གསུམ་དུ་ཁྱབ་ནས་ཡོད་ཚད་ལ་རེ་དོག་བྲལ་བ་ཞིག་ཏུ་གྱུར་འགྲོ།

རི་ཆུའི་ཟོ་མདངས་དང་ས་གཞིའི་ཟིལ་ཤུགས་ལ་བལྟས་ན་དཔྱིད་ཟླའི་འབོད་སྒྲ་སྙན་མོ་དེས་གངས་ལྗོངས་ལ་དབྱིབས་དང་ཁ་དོག་མང་པོ་ཞིག་ཁྱེར་ནས་ཡོང་ཡོད་པ་འདྲ། ཡིན་ནའང་ཁྱོད་རང་མ་མཐོང་བའི་ལོ་ཟླ་འདི་དག་ང་ལ་མཚོན་ན་དཔྱིད་ཟླ་ནི་དཔྱིད་ཟླ་རང་རེད། འཁྲུལ་སྣང་དང་ཁེར་རྐྱང་ལས་སོན་པའི་ན་ཟུག་གི་ལོ་ཟླ་ཅིག་རེད། ཕྱི་རོལ་ན་ཆར་བ་འབབ་གིན་མེད་ནའང་ནང་སེམས་སྔ་མོ་ནས་རླན་པར་བྱས་ཟིན་པ་འདི་ང་རང་མ་གཞི་ནས་དྲན་གདུང་གི་ལྕགས་སྒྲོག་རྒྱབ་པས་ཁྲམ་པ་ཞིག་ཏུ་ལོག་སོང་བས་ཡིན་ནམ། 

ངས་ཁེར་རྐྱང་དང་རེ་སྨོན་གྱི་ཁྲོད་ནས་ཞོགས་པའི་སྐྱ་རེངས་ལ་བལྟས་ཤིང་དགོང་མོའི་མཚམས་སྤྲིན་ལ་ཅེར་ཏེ། དྲན་འཛིན་ཡིད་ཀྱི་དཀྱིལ་འཁོར་ན་བཞེངས་བའི་མཚར་སྡུག་གི་སྣང་བརྙན་གང་དེར་བསུབ་ཏུ་མི་བཏུབ་པའི་ཁྱོད་ཀྱི་མིང་ཡིག་མང་པོ་བྲིས་ཤིང་ཀུན་གཞིའི་ཀློང་གི་བག་ཆགས་དེ་དག་ལ་བརྩེ་འཕྲིན་གྱི་ཆོ་ལོ་བསྩལ་བ་ཡིན། ཁྱོད་ཀྱི་གནག་སྣུམ་ལན་བུའི་བར་གསེང་རེ་རེ་ན་བཞུར་བའི་རྔུལ་ཆུའི་ཐིགས་པ་རེ་རེ་ནི་ངའི་ཞེ་འདང་གི་གཞུང་ནས་བཏུས་པའི་མེ་ཏོག་གི་འདབ་མ་རེ་རེ་ཡིན་ལ། ཚེ་རབས་ལས་ཀྱི་འདུན་པ་རྒྱང་ལ་ཕྱོགས་པའི་མི་ཚེའི་དེབ་ཐེར་ངོས་སུ་ངས་འབྲི་མི་ཚར་བའི་གཏམ་རྒྱུད་དང་བརྗོད་བྱ་མཐའ་དག ཡང་ན་ལོ་ཟླའི་སེམས་འདུན་ལས་འཁྲུངས་བའི་ཁྲེལ་གཞུང་གི་བརྩམས་ཆོས་མཐའ་དག་ནམ་ཡང་ཁྱོད་དང་འབྲེལ་ནས་ཡོད། 

ཁྱོད་རང་མེད་པའི་ཁེར་རྐྱང་གི་ལོ་ཟླ་ཞིག་སྨྲེང་བའི་བསུས་ཤིང་ཡི་ཆད་དང་སུན་སྣང་གི་མནར་བས་བས་མཐའི་གྲོང་ཁྱེར་ཅིག་ནས་ཝུ་ཆང་རྒྱལ་མོའི་ལག་ཟུང་ལ་དམ་དུ་འཇུས་ཏེ་དོན་འགྲུབ་རྒྱལ་གྱི་ཤ་དང་རུས་པའི་བརྩེ་དུང་ལ་སྙིང་ཤ་གླན་བཞིན་ཁྱོད་དང་ཁྱོད་ཀྱི་རྒྱབ་གཟུགས་ལ་མིག་ཞགས་འཕངས་ཡོད།  

              སྟོ་ལོ་ཉེར་བཞི་ལོའི་ཟླ་གསུམ་པའི་ཚེས་27ཉིན།
        ཁྱོད་དང་རྒྱང་ཐག་རིང་བའི་མགྲོན་ཁང་ཅིག་ནས་སྦྱར་བའོ།

ཝེ་ཞུའུ་ཡེའུ་ཡིས་སྒྲིག་རྩོམ་བྱས་ཤིང་རུ་མང་ཀླུ་མཁར་རྒྱལ་གྱིས་བོད་འགྱུར་ཞེས་པའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ལས།དོན་འཁྱོངས་འདོད་ན་ནམ་ཡང་སྒྱིད་ལུག་གི་སྒོ་མོ་རྡུང་མི་རུང་། #gebaxiT[超话]#


发布     👍 0 举报 写留言 🖊   
✋热门推荐
  • 一审法院认定,江苏某网络科技公司构成不正当竞争,判令其立即停止通过旗下APP允许未成年人提供“王者荣耀”游戏代练的行为,同时赔偿腾讯方面经济损失及其他合理开支6
  • 镜头也很美,说一下最喜欢的两个场景的镜头,第一个是周也在陈飞宇家捧着蜡烛许愿时,那一刻的周也真的很有不失破碎感的美~太抓我心了!剧中的cp感达到了巅峰~#陈飞宇
  • 同时,我国从碳达峰到碳中和时间过短,这就造成了我们面临的压力和挑战将是全球最大的。他指出,二氧化碳排放无论谁排放,在哪里排放,都是一个积累的过程,有些排放物随着
  • )小区里,我在外面等他的时候会放,当时看了贫民窟的百万富翁,觉得印度歌舞真带劲~P4 为准备中考体测,有半年,每周六上午都去上培训班。这是有一次练完出来,我妈接
  • -极具个性外折设计:华为Mate Xs 2屏幕超级大沉浸式追剧看电影简直不要太爽这种折叠款的样式真的很少见只是走在街上回头率就能达到100%#国内首款共创6
  • 盘两件换着穿【79】kissy氧心 果冻胶无痕内衣2件装 【89.9】氧心 冰丝无痕裸感透气内衣2件 【39.9】雅鹿 u型聚拢无痕美背内衣 【26】魅角 半杯
  • 参观结束后,校领导班子与考察团一行齐聚文化大厅,方业菊校长就校园文化建设体系、课程体系、学校愿景目标等方面做了精炼的分享,区领导与考察团一行纷纷对学校独具特色
  • ” 所以,作本色人,说真心话,干近情事,这样的人生,才是最好的拥有。 若是在这个世界上,真诚老实成了缺点,那么,说真话,办实事的人也就会越来越少。
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。先帝在时,每与臣论此事,未尝不叹息痛恨于桓、灵也。
  • 加油✧٩(ˊωˋ*)و✧[干饭人][干饭人][干饭人]近日牢骚大学时候虽然说过无数次类似“讨厌江苏”这样的话,再回来还是会有一些归属感和熟悉感.这个差出得实在是
  • #网传中国说唱巅峰对决全阵容名单# 炸了!热狗、GAI、谢可寅、法老、瘦子、小春、大渊、艾热、杨和苏、早安、黄旭、李佳隆、派克特、白景屹、盛宇、PSY.P、功夫
  • 谷歌战略谈判代表阿尼迪塔•萨曼塔(Anindita Samanta)表示:“印度是一个非常大的中转站,如果要利用这一巨大商机,就需要进行一些政策干预,以简化数据
  • 大家想试试的可以平论领卷~#90后女生睡觉打呼噜获赔5万# 到底什么是睡眠呼吸暂停综合征呢? #cv夙七烈[超话]# 今天的东西不太一样,是拜耳集团旗下复合维生
  • zlqz和gyyw的芙兰都是单枪匹马追杀犯人(虽然其中一次完全被当工具人)让我感觉无人生还这个元neta并没有被无视(突然兴奋的患者.jpg x 3)#时空中的
  • 云评:改造没问题,但我想保留F20C,这样可以吗~[吃瓜](Evasive Motorsports)#本田S2000# #改装车# #TC车闻#近日工作疏忽,后
  • #SVT中转周边[超话]#借图出 SEVENTEEN hanabi 场周 崔胜澈 95在途 需tq 走海鲜市场(ml切卡有风险 不包瑕疵) tag:seven
  • #网易云十年听歌报告#看来tanya提前锁定笨人2023年年度歌单一个席位虽然4.29不能去青岛见lala了但是我相信在未来的某一天我一定会见到你(这一天应该不
  • 那么,当经验丰富的浙江黄金联盟与朝气蓬勃的天津登场破万象狭路相逢,今日对决哪队能笑到最后?南京海选赛场,天津登场破万象在甲C组预赛中位列第3,排名甚至比此前已经
  • 韩国电竞协会公布亚运备选名单:Ruler、Kanavi、Viper在列上单:Kiin、Zeus、Doran、Kingen打野:Canyon、Oner、Kanav
  • 结果它摇摇尾巴去找主人了呜呜呜店铺即使到了晚上也忙的热火朝天的 收茶叶炒茶叶打包茶叶…这烟火气让人很想凑个热闹当我拿起簸箕摆拍时公公最紧张 以为我要帮忙干活 劝