སྙིང་ཉེ་བའི་མི་ལགས།
མཚམས་མཚམས་སུ་ང་ཚོས་འབད་པ་ཇི་སྙེད་བྱས་ཀྱང་།
འཚོ་བ་ནི་དབྱངས་རྟ་དབེན་པའི་གཞས་ཚིག་ཚན་པ་ཞིག་དང་
འདྲ་བར་གསོན་ཤུགས་བྲལ་བ་ཅིའི་ཕྱིར་རེད།

བྱ་ཁྱུ།

________སྤྱང་གུ་རུ་འཇིགས་མེད།
ས་སྲོད་འདིར་ང་བྱ་ཁྱུ་དང་ལྷན་དུ་རྒས་བཞིན་ཡོད་ལ། བྱ་ཁྱུ་ང་དང་ལྷན་དུ་མཚར་ལོང་འབྱུང་བཞིན་ཡོད།ང་དང་བྱ་ཁྱུས་བརྩེ་བའི་དགོད་སྒྲའི་ཁྲོད་ན་ཤེས་རིག་གི་མེ་ཏོག་འཐུ་བཞིན་བྲེལ་ཟིང་གི་འདུར་རྒྱུགས་ཁྲོད་ན་མེས་པོ་ཚོའི་ཞབས་རྗེས་འཚོལ་བཞིན་ཡོད་མོད། ལན་རེ་ང་དང་བྱ་ཁྱུའི་བར་ན་མི་གཤིས་དང་ཀུན་སྤྱོད་ཀྱི་འགལ་འདུའི་མེ་སྟག་ཀྱང་མཆེད་བཞིན་ཡོད་པས། བསམ་གཞིགས་དང་སེམས་ཁྲེལ་གྱིས་མིའི་གཤིས་སུ་གྲུབ་པའི་ལྐོག་གྱུར་གྱི་ཆོས་ཉིད་ཅིག་མི་འཚོལ་ཀ་མེད་དུ་གྱུར། ང་ཚོས་མཁའ་དབྱིངས་སུ་གཤོག་རྩལ་བསྒྱུར་དགོས་པ་བདེན་མོད། ཡིད་ལྐུགས་པའི་ལྕགས་བྱ་ལྟ་བུ་ཞིག་ཏུ་འགྱུར་མི་རུང་ལ།

ཁྲ་ཁྲ་རིག་རིག་གི་གྲོང་ཁྱེར་ལ་འགྲོ་དགོས་པ་བདེན་མོད་ཤོག་བྱ་ལྟ་བུའི་ཁ་ཕྱོགས་མེད་པ་ཞིག་ཏུ་འགྱུར་མི་རུང་། དེ་ལས་ཀྱང་ང་ཚོ་རྩྭ་ཐང་གི་མཁའ་དབྱིངས་སུ་རང་བྱུང་ཁམས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ནུས་པའི་བྱ་སྐད་སྒྲོག་པའི་བྱ་ཁྱུ་ཞིག་ལས་ཨར་འདམ་སྟེང་གི་འཕྲུལ་ཆས་གོ་ཆོད་ལྟ་བུ་ཞིག་མ་ཡིན་ནའང་ཆོག རྒྱུ་མཚན་མི་ནི་བྱེད་པོ་ལས་བྱེད་པ་ཞིག་མིན་པས་ཡིན། ཕ་ཡུལ་གྱི་རི་ཁུག་དང་ལུང་གྱོག གནའ་བོའི་ཤུལ་རྙིང་དང་ཁང་རྙིང་དག་ན་རིག་གནས་ཀྱི་ལོ་རྒྱུས་ཡོད་ལ། རྫོགས་མི་ཚར་པའི་གླེགས་བམ་ཁྲོད་ན་ཤེས་རབ་ཀྱི་མེ་ལྕེ་སྦར་བའི་བུད་ཤིང་ཡོད་མོད། བྱ་ཁྱུ་མང་པོ་ཞིག་གྲོང་ཁྱེར་ལ་འཕུར་ནས་ཕྱིར་ཡོང་དུས་བྱ་སྐད་སྒྲོག་མི་ཤེས་པའི་ལྐུག་པར་གྱུར་ཡོད་ལ། མནོག་ཆུང་གི་ཤེས་བྱ་འགའ་ཁྱེར་ཡོང་ནས་ལྷན་སྐྱེས་ཀྱི་མི་གཤིས་དང་བརྩི་བཀུར། ལྷག་བསམ་དང་བརྩེ་བ། གཞུང་དྲང་སོགས་ཡ་རབས་ཀྱི་གོམས་སྲོལ་བོར་བས། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་བའི་དཔེ་རུ་གྱུར་ཡོད། གོ་ཐོས་སུ་ཡ་རབས་ཀྱི་གོམས་སྲོལ་དེ་དག་ནི་གྲོང་ཁྱེར་དང་རྫོང་མཁར་ལ་ཁ་ཐག་རིང་ཞིང་འགྲོ་འདུག་སྟབས་བདེ་མིན་པའི་རི་ཁུག་དང་ལུང་ཁུག རྫ་འདབས་ཀྱི་འབྲོག་པའི་ལྷས་ར་ན་ད་རུང་ལྷག་ཡོད་སྐད་འདུག་པས། ལན་རེ་ང་ཚོས་གྲོང་ཁྱེར་ཁོ་ན་མ་ཡིན་པར་དེ་དག་ལ་ཕྱིར་མིག་འཕངས་ནས་སློབ་སྦྱོང་བྱ་འོས་ལ།


རིག་གནས་ཀྱི་ཁ་དབུགས་གཙང་པའི་ཁོར་ཡུག་ཅིག་ནས་མི་གཤིས་ཀྱི་ཀུན་སྤྱོད་ལེགས་པའི་ཤེས་རིག་གི་མེ་ཏོག་ཅིག་ཏུ་འགྱུར་རྒྱུ་ནི། གཡོ་རྒྱུ་ཤེས་རབ་ལ་རློམ་ཞིང་། ཧམ་བཤད་པ་དང་བསྐུར་འདེབས་པ་ནི་མཁས་པ་དང་བསམ་བློ་པ་རུ་རློམ་པའི་མི་རབས་ཤིག་སྐྱོབ་པའི་རེ་བ་ཉག་ཅིག་ཡིན་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།

པདྨ་བཞུགས་དུས་ཁོང་དང་འབྲེལ་ཡོད་ཀྱི་བོད་མི་ཚང་མས་ཚ་ཚ་འུར་འུར་གྱིས་པདྨའི་གློག་བརྙན་ཁྱབ་བསྒྲགས་བྱེད། པདྨ་འདས་རྗེས་དེ་ཚོ་གྲགས་འགུལ་གཅིག་ཀྱང་མི་འདུག པདྨའི་གློག་བརྙན་གསར་བ་འདི་ཁོ་ཚོས་མ་མཐོང་པ་འདྲ་ཞིག་བྱེད། མཚར། མི་ཟེར་བ་དེ་འདྲ་རེད།


发布     👍 0 举报 写留言 🖊   
✋热门推荐
  • 据任某供述,其自己患有慢性病需要经常配药,后在医院遇到黄某得知可以通过刷自己或他人医保卡获利后,便起了贪念,其妻子等人也均通过任某与药贩子联系,并逐步形成一条“
  • 被童鞋们选出来的最优作品[good][good][good][鼓掌][鼓掌][鼓掌]作者来自19级3班法语系CRQ~被童鞋们封号为“人民的艺术家”‍[鼓掌]昨晚
  • 居民(各类风险管控人员除外)在严格做好个人防护的前提下,凭24小时核酸检测阴性证明、健康码绿码“点对点”出行,不得前往涉疫区域。五、全力保障群众生活保障居民基本
  • 美剧 Wednesday Addams End好喜欢wednesday复古血腥暴力恐怖怪诞有趣魔幻一点点的爱情一点点的友情一点点的亲情哥特风简直汇聚了我所有的
  • 这种时候就是谁不记得谁尴尬,哼我……好像是七夕那晚聊到他很爱的一款白葡当时我觉得可能是最后一次见面了吧奇妙的是在一起也是计划外上周陪我加班的时候送了一支他喜欢的
  • #韩国留学[超话]# 22年9月韩国外国语大学——KFL大学院招生进行中(夜间上课) 特别遴选:2022.4.25-2022.5.6, 面试:2022.5.1
  • 因为人生的路,每一段都有意义,失败也好,走错路也好,最后都让你变成今天的自己。生活在这纷繁世间,总有人说你好,也有人说你不好,只要我们做人做事无愧于心,就不必执
  • ”也是与片头形成了很好的首尾呼应,除了“轨道电梯”“公主”这样的设定太有高达机战内味儿而出戏以外,别的没有什么挑剔了,从PSP时代的皇牌空战2玩过来的,可能情怀
  • #狼队第五人格[超话]#我已经很久没有无辜拉黑一个人,但是今天在超话刷到一个说87bo2是去贪的时候我震惊了。(虽然说现在不玩游戏了主要就是看剧情舔新卡)/会打
  • #封控日记##不出门的日子在家咋过的# 最近又冷了一些 咪mer开始睡我枕头旁边 我起来他也跟着起来 不管我去上厕所好小声 从厕所出来他一定在门口趴着 身下还要
  • 你這樣子生活,生活到十二劫之後,到十二劫阿彌陀佛本願不加持,你也入了,你也在這個地方了,就這麼個意思。換句話說,十二劫之前,你跟這些大菩薩一天到晚平起平坐,把手
  • I Got You Babe你说的都对 ✔️目光伴随我指引正确的方位 I Got You Babe 马上☝就起飞 飞到只属于我们‍❤️‍俩的甜蜜派对Find a
  • 手写板基础知识,不一定好看,但一定是体会最深的一个,希望大家都能在节假日有所收获!#任嘉伦[超话]#rjl#任嘉伦宣夜# rjl#任嘉伦祁连山# rjl #任嘉
  • 无独有偶,风电今年很热,且不论3毛还是3毛5上网,风电上量是事实的,其中海风搞的比较猛,电缆厂像不要钱似的供货,也不是不知道垫资有风险,你不垫资供货,还有几十个
  • 八周年生日,小姑娘将化身探索者,走向绚烂的世界,用歌声传播斑斓的梦想٩(๑•̀ω•́๑)۶ 在这里,我们诚挚邀请各领域的探索者加入!✨详情请见:p9 活动报名
  • 当然,看过这本书也会打破一部分人对日本美好的想象:那里不只有壮丽的富士山、浪漫的樱花树、充满回忆的镰仓、干净整洁的街道,藏在看不到的地方,是毫无生机、发展受阻,
  • 他说考研压力好大,他报考那专业要400才能上线,说着都快哭了,我说可以,考上了啥时学东西都不迟,爽快让他请假备考。——杏仁郎中【近日碎片】1这周每天上课前课代表
  • 你是在搜影帝朱一龙吗【一番中国影史家庭片票房冠军《人生大事》17.12亿】【一番大男主剧《叛逆者》收视率破二 年度央卫前十】【一番大男主网剧爱奇艺热度年冠且集均
  • 【理解海德格尔 | 人生在世,总归是个烦】存在(Sein)同存在者(das Seiende)有别。在是最高的普遍性,一切在者都存在。但在不是族类上的普遍性,因为
  • 三层龙虾塔~足足有麻辣、蛋黄、鱼香肉丝三种口味…裹满了料汁,每一种都很入味~超爱酸酸甜甜的鱼香肉丝,咸蛋黄味口感沙沙的,吃起来咸香味很足,经典的麻辣味怎样都不出