གངས་རིའི་རྩིབས་མ་དུམ་བུ་ཞིག་གི་ཆག་འཕྲོ། ཞི་གནས་ཀྱི་ཟླ་བ་སྒོར་མོའི་ནང་གི་བླ་ཟོག་ཁེར་འགྲོ། ཤིན་ཏུ་རྒྱུས་ཡོད་པའི་མི་དེ། ཐག་རིང་གི་དགུ་ཚིགས་ནང་ཡལ་རྗེས། ཁྱོད་རྨི་ལམ་གྱི་ཡོལ་བ་འོད་ཀྱིས་འབྱེད་བཞིན། འཁྱུག་ཙམ་མངོན།—“གསའ”དང་དེའི་བདག་པོ་མཆོག་ལ་རྗེས་དྲན་དུ་ཕུལ།

འཁོས་ཆུང་བདག་ལ་ཚུགས་ཐུབ་གཤིས་བྲལ་བས། །
མི་བརྟན་འཁོར་བའི་རླབས་ཀྱི་ཡང་ནས་གཡོ། །
འཁོར་འདས་ལམ་ལ་གདམ་ག་འབྱུང་བའི་དུས། །
བློ་གསལ་གྲོགས་བཟང་ལྟ་བུའི་ཁྱེད་ཉིད་དྲན། །

རྟོག་ཚོགས་སེམས་ཀྱི་འཁྲུགས་པ་ཤིན་ཏུ་སྐྱེན། །
བདེན་རྫུན་ཐག་པའི་སྤུ་རིས་རབ་ཏུ་མོག །
གང་བྱས་ཡིད་རྟོན་བྲལ་བའི་ཐང་སྟོང་ནས། །
ལོང་བའི་ས་མཁན་ལྟ་བུའི་ཁྱེད་ཉིད་དྲན། །

བརྩམས་པའི་ལས་ཀུན་ལྡོག་པའི་ཉེས་པས་བཅུར། །
བྱས་པའི་དོན་ཡང་འགྲུབ་ཏུ་མེད་པས་ནོངས། །
གང་བྱས་ལེ་ལོའི་རྔམ་གྱི་ཟ་བའི་དུས། །
བརྩོན་པ་ཆུ་རྒྱུན་ལྟ་བུའི་ཁྱེད་ཉིད་དྲན། །

གོམ་གང་སྤོ་ས་འཆུགས་ཀྱང་འབོད་ས་དང་། །
སོར་གང་ལས་ལམ་ནོར་ཀྱང་རེ་ས་སྟེ། །
བླ་མ་ཡི་དམ་ཆོས་སྐྱོང་ཀུན་འདུས་སུ། །
བདག་གི་འདྲེན་མཆོག་དམ་པ་ལོས་ཀྱང་བཞུགས། །

སྲིད་པའི་ཕུན་ཚོགས་འདོར་བའི་བློ་སྟོབས་བྲལ། །
འཁོར་བའི་དགའ་བདེ་སྐྱུར་བའི་འདུན་པ་འགགས། །
འདི་སྣང་ཚོགས་དྲུག་སྲེད་པའི་མངར་ལ་ཆགས། །
སེམས་ཀྱི་རི་མོ་ཡང་དང་ཡང་དུ་མོག །

ཁྱེད་ཞལ་དྲན་པའི་ནམ་མཁའ་ཤར་ཐེངས་རེར། །
ལོག་ཞུགས་སེམས་ཀྱི་རྟོག་ཚོགས་ཅུང་འགགས་ཀྱང་། །
རྣམ་རྟོག་ཡུལ་རྐྱེན་དྲག་པོའི་གཟིར་བའི་དུས། །
ད་དུང་ཡིད་འདི་ཕྱི་བཞིན་འབྲང་བར་འགྱུར། །

མི་དང་མི་བཞིན་ཐུག་པ་མི་སྲིད་ཀྱང་། །
རྨི་ལམ་ཚུན་དུ་ཞལ་མཇལ་གསུང་ཐོས་ཏེ། །
འདུན་མའི་རེ་བ་བརླགས་ལ་ཉེ་བ་ན། །
བཀའ་བསྐྱོན་དྲག་པོའི་ལམ་བཟང་ཁྲིད་དུ་གསོལ། །

ཇི་སྲིད་བདག་གི་འཆར་ཡན་མ་འགག་བར། །
དེ་སྲིད་པའི་དད་པའི་འོད་གོར་མི་ནུབ་པས། །
བྱིན་རླབས་གཟི་བྱིན་དཀར་པོའི་སྣང་བ་ཡི། །
བདག་ཉིད་ད་དུང་ཡང་ཡང་སྐྱོངས་དུ་གསོལ། །

ཉི་ཟླ་ནམ་མཁར་རྒྱུ་བ་ངལ་གསོ་ཞིང་། །
ཀླུ་རྒྱལ་ནོར་གྱི་ལོངས་སྤྱོད་ཕོངས་སྲིད་ཀྱང་། །
རྩེ་གཅིག་ཁྱེད་ལ་དད་པའི་འོད་གོར་འདི། །
ནུབ་ཏུ་མེད་པ་འདི་ཀོ་ཆོས་ཉིད་ལགས། །

ཞོགས་པའི་དུས་ཚོད་ལ་དམ་འཛིན་ཐུབ་པའི་མིས་ད་གཟོད་མི་ཚེ་ལའང་ཚོད་འཛིན་བྱ་ཐུབ། གལ་ཏེ་མི་ཞིག་གིས་ནང་སྔ་ལངས་ཙམ་ཡང་བྱ་མི་ཐུབ་ན། ཁྱོད་ཀྱིས་ད་དུང་ཁོ་ལ་ཉིན་འདིར་ཅི་ཞིག་བསྒྲུབ་ཐུབ་པར་རེ་བ་བྱ་ཨང་། གནའ་མིའི་གཏམ་དཔེར། ཉིན་མོ་གཅིག་གི་འཆར་གཞི་ཞོགས་པར་རག ། ལོ་ངོ་གཅིག་གི་འཆར་གཞི་དཔྱིད་ཀར་ཐུག ། ཅེས་ཞོགས་པའི་དུས་ཚོད་ཙམ་ཡང་དམ་འཛིན་བྱ་མ་ཐུབ་ན། ཉིན་དེའི་དུས་ཚོད་དམ་འཛིན་ག་ལ་ཐུབ་ཨང་།

—— 南怀瑾


发布     👍 0 举报 写留言 🖊   
✋热门推荐
  • 那段时间看谁都不顺眼误把好心当恶意,我把自己封闭在真空被罩中,闷得实在透不过气来,生活被我带上恶意的眼镜,似乎谁要靠近我,我都想推他远远的。2、我们来自泥潭,我
  • 刘宇宁不愧是粉圈和平鸽️️️@摩登兄弟刘宇宁#檀健次[超话]#我不摘月亮,我要它永远高悬天上,皎洁流芳,他始终陌生,才允许诸多浪漫想象,作为我理想。别家粉丝搞应
  • 一、身法:一身:不盘坐就垂腿坐,若要精进则从散盘、单盘、双盘而坐;二目:闭眼平视,心意带眼神余光下观丹田,如登高望远;三耳:收听于身内,若不能则听双臂,若不能则
  • 处女座做人的底线主要特点:处处都在反思自己处女座的人对自己的要求是很严格的,当别人让他们不满意的时候,他们经常会想,是不是自己出了问题。底线三:骂过我的人,脏话
  • 岁月之匆匆,年少时的意气风发,早已不见了踪影,正像明媚的春光已走远,曾经的万紫千红随风吹落,心中不免有一片萧瑟,人到了这个年纪不得已,拿个保温杯来泡枸杞,这个年
  • 世紀21奇豐分行經理楊麗娟表示,沙田第一城39座中層A室,284方呎,532萬成交,呎價18732元,低市價約4%。祥益高級分行經理林英傑表示,屯門龍門居9座高
  • 但贴了我才知道,这个没耐心,甚至说对于这个人没有爱,是完不成的。但在联合公演那天,得到了大家的肯定后,却哭的像个三岁的孩子,队友怎么劝都没劝住。
  • #吴世勋0412生日快乐# 세훈아~ 알게 되어서 너무 기쁘다. 시간이 너무 빨리 지나가서 옛날 기억이 조금씩 나온다. 초콜릿 맛 밀크
  • #喵星人[超话]##布偶猫[超话]##喵星人##猫##布偶猫找家[超话]##布偶猫舍[超话]##我爱布偶猫[超话]##大连布偶猫舍##宠物烘焙##宠物零食#阿狸
  • 如果你开始扳着手指,一一细数“我管A、B和C……”那么你将犯下管理大师彼得所说的两大误谬:第一,错以为要管的只有人;第二,过度简化管理,错以为把下头的人管好就好
  • 事实告诉我们:土匪不可怕,就怕土匪有文化!剪开你自制的文件夹 信我看了 很不争气的哭了[泪][泪][泪]默默拿出了舍不得用的梦法儿水彩本 想用我才买的墨水给你画
  • ❗️小苗幼稚园的主要任务⏺微博转/赞/评⏺ 微博热/评⏺ 微博热丨转和轮 | 博⏺ 超话互动丨发帖基本要求:1️⃣尚九熙唯粉 2️⃣有耐心和责任心,非三分钟热度
  • 尋晚第一集《360秒人生課堂》播完之後,電話收到幾十個朋友嘅Whatsapp,社交平台收到過百個PM,過千個留言,衷心多謝各位嘅嘉許、支持、鼓勵。好多謝Ben
  • 2031—2040年为壬寅运,大运天干地支财官相生,从格之格局有破,命局变正格就是所谓偏财格,用神有变,用神:金水木,其实日元戊土旺,那么此运人到中年可谓到了事
  • 不过它家刮毛刀不是很好用,建议仔仔们自备嗷~这个还是无限次数的,更耐用有五档可调节,第一次用的仔仔可以先从一档开始,适用后慢慢提档,档位越高脱毛效果越好[中国赞
  • 明月湖水依依皱皱,想念的心皱皱依依…… #mush daily# 【21.2.21】哈喽啊 不知道寒假第几天了好久不见 今天和景三出去耍辽1⃣她妈妈也叫我vv哈
  • !!
  • (吧吧看着也流口水呢[色])这是来自杂志GQ - “GQ Men of the Year”年度男人的拍摄现场的消息~每年一度的“年度男人”是由GQ杂志发起的,评
  • 会,但不会和你结婚。 会,但不会和你结婚。
  • 【勇敢且尊严】关于这两者,多半是缺一不可,卑微的爱着,会让男人觉得无趣与渺小,总有点不够值得的味道。不管哪一种执拗,都可能让男人感觉到女人不够可爱,若能兼顾从容