འཇིགས་སྣང་དང་སྐྱོ་གདུང་ལྟ་བུ་དགེ་མཚན་མེད་པའི་མྱོང་ཚོར་འདི་དག་ནི་ལྷག་པར་དུ་ད་ལྟའི་མི་རྣམས་ལ་མངོན་དུ་གྱུར་དང་འགྱུར་བཞིན་པ་རེད། འདིར་དེ་དག་མངོན་དུ་འགྱུར་ཚུལ་ནི་ཕྱོགས་མང་པོ་ཞིག་ན་འཚོ་བའི་གོམས་གཤིས་ལ་རག་ལས་པར་གསུང་བ་འདིས། དེ་དག་མངོན་དུ་འགྱུར་བ་ནི་ཡུལ་གྱི་གནས་ལུགས་ལ་ཞུགས་པའི་བློ་ཞིག་ལ་བརྟེན་ནས་བྱུང་བ་མིན་པ་ཤུགས་སུ་བསྟན། དེས་ན་འདི་ལ་ནང་བའི་གཞུང་ནས་འབྱུང་བའི་སྤང་གཉེན་གྱི་རྣམ་བཞག་དང་སྦྱར་ནས་བསམས་ན། མི་འདོད་པའི་མྱོང་ཚོར་དེ་དག་ནི་ཡུལ་གྱི་གནས་ལུགས་ལ་ཞུགས་པའི་བློ་ཚད་མ་ཞིག་གཉེན་པོར་བསྟེན་ནས་སྤོང་ཐུབ་པ་རེད། ཡང་ན་སྐད་ཆ་གཞན་ཞིག་གིས་བཤད་ན་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་ཡང་དག་པ་ཞིག་ལ་བརྟེན་པའི་རིན་ཐང་ལྟ་བ་ཞིག་རྒྱུད་ལ་སྐྱེད་ཐུབ་ན་ནི་མི་འདོད་པའི་མྱོང་ཚོར་དེ་དག་ལས་ཐར་ཐུབ་པ་ཡིན། འོན་ཀྱང་འདིའི་སྔོན་འགྲོ་ལྟ་བུ་ལ་ཐོས་བསམ་རྒྱ་ཆེན་པོ་ཞིག་དགོས་པའང་སྨོས་མེད་རེད།

རིགས་ལམ་ནི་དྲང་ཤན་འབྱེད་པའི་ཐིག་ཤིང་ཡིན་ཕྱིན།
རྒྱུ་མཚན་དང་གནས་ལུགས་ཀྱི་སྟེང་ནས་ང་ཚོ་མགོ་བོ་མཐོན་པོར་བཅག་དེ་སོང་ཆོག
གཞན་ལ་བཀོད་འདོམ་དང་འགོ་འདྲེན་བྱེད་ས་ནས་རང་ཉིད་མ་གཞི་ནས་རུལ་ཡོད་པ་ངང་ཚུལ་གྱི་སྐྱོ་གར་ལ་ལྟོས་དང་།

ཆོས་འཇིག་རྟེན་གཉིས་ཆར་གྱི་བདག་པོར་ལྟ་ཅི།
རྒྱལ་བ་དེ་བཞིན་གཤེགས་པའི་བསྟན་པ་དེ་འཛམ་གླིང་འདིའི་མཐའ་ཞིག་དུ་འདེད་ཀི་ཡོད་པ་མིན་ནམ།

༸རྗེ་ཙོང་ཁ་པ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་གསོལ་འདེབས།

རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་ཤེས་རབ་སྐུ༷། །
སྐུ༷་མཆོག་བཤེས་གཉེན་རྣམ་རོལ་བློ་བཟང་གྲགས༷། །
གྲགས༷་སྙན་ས་གསུམ་ཀུན་ཁྱབ་བརྩེ་བའི་བདག༷ །
བདག༷་སོགས་འགྲོ་བའི་མགོན་ལ་གསོལ་བ་འདེབས། །
བདེ་གཤེགས་བསྟན་པའི་དགོངས་དོན་ཟབ་མོའི་གནད༷། །
གནད༷་ཀུན་གཅིག་དྲིལ་འཇམ་མགོན་ལུགས་བཟང་འདི༷། །
འདི༷་དོན་ཚུལ་བཞིན་སྒྲུབ་ཏེ་མངོན་མཐོའི་དཔལ༷། །
དཔལ༷་མཆོག་ངེས་ལེགས་འགྲུབ་པའི་བྱིན་མཐུ་སྩོལ། །
དཔལ་ལྡན་བཟང་པོ༷་བྱང་ཆུབ་སེང་གེ༷་དང་། །  
རིན་ཆེན་རྒྱལ་མཚན༷་བཟང་སྐྱོང༷་དབུས་པ་བཞི། །
རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་༷ཤེས་རབ་གྲགས༷། །
འཇམ་དཔལ་བཀྲ་ཤིས༷་དཔལ་སྐྱོང༷་ཨ་མདོ་བཞི། །
འཇམ་མགོན་བླ་མ་རི་ཁྲོད་འགྲིམས་པའི་འཁོར། །
བློས་བཏང་དག་པ་རྣམ་བརྒྱད་ཅེས་གྲགས་པའི། །
ངེས་དོན་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ། །
ལམ་མཆོག་འཇུག་སྒོ་རྣམ་གསུམ་མཐར་ཕྱིན་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • 但孟贺本来就是麻六记直播间带出来的人,如果没有麻六记这个品牌做背书,他又没有自己的牌子,直播势必要为别的品牌带货。而且录屏事件本身,就说明孟贺平时就是一个对老板
  • 这款主机采用了小尺寸的电源,而且还是先进的 12V Only 供电设计。这款台式机用了笔记本上的酷睿 i5-12450H 处理器,下压式散热器散热;内存条是两根
  • 这两者都既可能是荣誉的象征,也可能是耻辱的象征,这有时取决于你是如何长大的,你出生的时间和地点,当然还有你从事的行业。 (Lift As You Climb
  • 2.泸黄高速,西昌南站,入口(攀枝花至西昌方向)因车流量大间断放行;关闭20分钟,放行20分钟;3.西攀高速,黄水站、德昌站,入口(攀枝花至西昌方向)因车流量大
  • 当下自己受苦了,可是能从受苦里有收获的只有你..所以不要觉得自己太惨 如果觉得惨 就学我写歌吧” - “歌手啊就像钻石..写的歌呢,那就像一道光..我写歌就是要
  • 最终在油尽前抵达目的地,这座城市规模虽不算小,但住宿价格比之前路过的城市都要高,而且很难订到当天的,正好有一家叫“爱丽丝的秘密花园”的青旅还剩最后两个床位,这个
  • #midjourney[超话]##midjourney关键词##ai绘图有多惊艳##ai摄影#郑恺分享小区踢球视频,女儿安娜太可爱了!近日,郑恺分享了自己在小区
  • 至少现在,我想做什么就能做什么,等我进入了社会,或许多了更多的身不由己……一个人的旅行对我来说其实并不是什么很惊奇的事,或许一个人的旅行,在路上,你会把握更多的
  • 周六,ashtanga full 1st sequence led class,今天没事就去了,大家看见难得周六出现的我都很高兴[送花花],下课洗完澡,️妹妹问
  • 再加上一系列的轻量化改造,福特很有信心能打破前作创下的全车身电动车直线加速纪录——1/4英里8.128s完成、尾速277km/h(NHRA认证)。着重升级的还是
  • “i wonder who discovered the power of poetry in driving away love. I thought poe
  • 伴娘致词我曾见过你最青涩的年华也参与过你肆意绽放的青春在这特别的日子里年少时的种种悄然浮现从同窗到毕业 到工作再到如今你从恋爱到结婚我们一直都陪伴着彼此 经历了
  • 后来小哥还送了点野菌世界给我尝尝超级神奇的一杯咖啡,是冰的奶油蘑菇汤的感觉,但是喝着一点都不奇怪。点了一杯特调 菠萝狂想曲还有抹茶曲奇菠萝狂想曲看着就像一杯酒一
  • 其实一开始我就看到肚里宝宝的“胎位不正”脚朝下,超度后看到胎位在缓慢转动调整,但好像不是立刻就调转成功的,可当时没有抓住这一瞬间的感应,因缘没能彻底化解,所以导
  • 这一点何洛洛饰演的萧炎拍马难追,不过不同时期市场对于演员有不同的需求,尽管何洛洛与吴磊是两个赛道两种风格的演员,但在市场反馈没有出来之前,我们也不能笃定认为《斗
  • 回头看从前各种 其实会很后悔啦 说了好多幼稚的话 做了太多不正确的选择和没有意义的事情 而这种变化好像是在潜移默化中慢慢形成的 悄然间心态就是和之前不一样了 以
  • 水瓶女是一个坚持追求自由的女孩,而这种自由并不像射手追求的那般无羁,也不是行为大胆开放,她所追求的只是精神上的零束缚,喜欢随心而走,没有一个固定的范围,不会专属
  • 他目前总得分领先哈登约2000分,只需两年左右,他将先一步哈登进入30000分榜单】#哈登得分破30000板上钉钉##NBA吐槽大会##每日一画[超话]# 中国
  • 你也本不属于我,也谈不上失去,你塞满了我整个过去,却在我的末来永远缺席,但和你在一起的每一天都变成了回忆。只是后来,你没有回我最后一条消息,我也很默契的没有再发
  • #金俊勉帅气满分# [团圆兔]#金俊勉珍贵且唯一# 230415 “The Best”EXO日本粉丝见面会 线下DVD特典卡 1p cr.logo ✌————