ཁོག་ལ་ཤར་ཤར་ཁ་ནས་ཕུད་མི་ཉན།། ཁ་ལྕེས་འཁྱོངས་འཁྱོངས་ཀུན་ལ་བསྙད་མི་རུང་།། གསོན་ཡང་བེམ་པོའི་རྟུལ་ཞུགས་སྟོན་ནུས་ན།། རྨོངས་སྡེའི་ཚོགས་ལ་མཁོ་བའི་དཔག་བསམ་ཤིང་།།
རང་ལ་བྱང་ཆུབ་ཀྱི་སེམས་ཡོད་ན།མི་ཚེར་མཛེས་སྡུག་ལྡན་པའི་དངོས་པོ་ཡོད་ཚད།ཆར་པ་ནང་བཞིན་རང་ལ་སླེབས་ཀྱི་རེད།
藏传佛教格鲁派创建者宗喀巴大师说,只要你具足菩提心,人生所有美好的东西,都会象雨露一样降临到你身上。
藏传佛教格鲁派创建者宗喀巴大师说,只要你具足菩提心,人生所有美好的东西,都会象雨露一样降临到你身上。
ཕྱོགས་སོ་སོའི་མཁྱེན་དཔྱོད་ལྡན་པ་རྣམས་ལ་ཞུ་རྒྱུར། འདི་ནི་པར་རྙིང་པ་ཞིག་སྟེ། ཕལ་ཆེར་མདོ་སྨད་ཀྱི་ཡུལ་ག་ལ་བ་ཞིག་ཡིན་ནམ་ཅི། བོད་ཡིག་གི་རྡོ་རིང་ཞིག་ཞལ་བཤུས་གནང་མཁན་གྱི་མི་བཞི་ཡོད། པར་གདབ་མཁན་མི་གཅིག་ཡོད། མི་འདི་རྣམས་སུ་ཞིག་ཡིན་ནམ་ངོས་ཟིན་ཐུབ་མཁན་ཡོད་དམ། ཡང་ན་ས་གནས་གང་ཞིག་ཡིན་ནམ་མཁྱེན་ནམ། འདི་དག་ཤེས་ན། རིག་གཞུང་གི་གནད་འགག་ཆེན་པོ་ཞིག་གི་གནད་དོན་སེལ་ཐུབ་པ་འདྲ་ལགས། — བན་ཤུལ་པས་ལྷ་སར།
✋热门推荐