རང་ཤག་གི་དབྱངས་ཟ་ཟི།

(བནྡེ་དཔལ)

ལྷོད་ཀྱིས་བཏང་བའི་དབྱངས་ཀྱི་སྒྱུ་འཕྲུལ་གྱིས། །
རྣ་བའི་དབང་པོ་དལ་གྱིས་བསླུས་པའི་ཚུལ། །
ངོམས་མེད་སྒྱུ་མའི་གྲོང་གི་ཕུན་ཚོགས་ཏེ། །
བསམ་ཞིང་བསམ་ན་བདེ་བ་ནང་ནས་འབར། །

གཡུ་འབྲུག་འཕྲེད་དུ་འཁྱུག་པའི་ངང་ཚུལ་གྱིས། །
ངད་པ་སྣ་ལ་འཁྱིལ་བ་འདི་ཀ་ནི། །
ཚིམས་མེད་དགའ་བ་འཕེལ་བའི་ལྟད་མོ་སྟེ། །
སྤོས་ཐུར་གཅིག་གིས་དྲངས་བའི་འཇིག་རྟེན་ལགས། །

སྐྱེ་དགུ་འཁོར་བའི་ཐང་དུ་ལས་མང་གིས། །
ཤིན་ཏུ་བྲེལ་ཞིང་ངལ་དུབ་མོད་པའི་དུས། །
ཧ་ཅང་དལ་བུར་གནས་པའི་ཚུགས་ཀ་འདི། །
གུ་ཡངས་བློ་བདེའི་མཚན་གཞིར་ཅིས་མི་ཆོག །

དཔེ་མང་རྔམ་གྱིས་འགྱིང་བའི་ཐད་ཀ་ནས། །
རྣམ་གཡེང་སྒྱུ་མའི་སྒྲོག་ཏུ་ཚུད་པའི་ང། །
ལེ་ལོའི་བདུད་ཀྱིས་ཡང་དུ་བསླུ་ཚུལ་འདིར། །
བསམ་ན་རང་ལ་ཡི་མུག་ངང་གིས་སྐྱེ། །

མ་བརྟག་རྫུན་གྱི་འདྲ་འབག་འདི་ག་དང་། །
བརྟག་ན་རང་ཞལ་མཐོང་བའི་བདེན་བདེན་འདིས། །
དགའ་སྐྱོའི་སྣང་བ་སྤེལ་མར་བསྡེབས་པའི་ཚུལ། །
འཇིག་རྟེན་མི་ཡུལ་ལུང་པའི་གནས་སྟངས་སོ། །

ཞིབ་དཔྱོད་ཀྱི་སེམས་ཁམས་དང་གསེད་འགྲོལ་གྱི་རྣམ་དཔྱོད་མེད་པའི་ང་ཚོའི་སློབ་གསོ་སྒྲུབ་ཐབས་དང་སློབ་གཉེར་བྱེད་སྟངས་འདིས་མི་ཉིད་ལྐུག་པ༼གླེན་པ༽ཨུ་ཚུགས་ཅན་དང་ཞེན་ཆགས་ཅན། བྲན་གཤིས་ཅན། ཧོལ་རྒྱུགས་ཅན་ཞིག་ཏུ་གཏོང་པ་ལས་སྒེར་ཚུགས་ཀྱི་བསམ་བློ་ཅན་དང་རང་ཚུགས་ཐུབ་པའི་མི་ཞིག་ཏུ་གཏོང་མི་ཐུབ།
ལྟ་རྒྱ་འཛམ་གླིང་ལ་ཕྱོགས་ཏེ་སེམས་རྒྱ་ནམ་མཁའ་ལས་ཡངས་པར་བྱ།
ཐོས་རྒྱ་འཛམ་གླིང་ལ་ཕྱོགས་ཏེ་བློ་རྒྱ་ས་གཞི་ལས་ཡངས་པར་བྱ།

࿐དཀའ་སྡུག་དང་རྙོག་འཛིང་གི་སྤྱི་ཚོགས་འདིར་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་དགོས་པ་ལས། བློས་གཏོང་ཅུང་ཙམ་ཡང་མི་བྱེད་པར་རྒྱལ་ཁ་ཆེན་པོ་ལེན་འདོད་པ་ནི་ཉིན་མོའི་རྨི་ལམ་ཡིན། རང་ཉིད་ཀྱི་གྲུབ་འབྲས་ཡོད་ཚད་བློས་གཏོང་བྱས་རྗེས་ཐོབ་པ་ལས་སྐྱིད་ཉལ་བརྒྱབ་ནས་རག་པ་མ་ཡིན། དེ་ཕྱིར་འཚོ་བའི་ནང་གི་དཀའ་རྙོག་ཡོད་ཚད་མི་ཚེའི་སྦྱོང་བརྡར་ཡིན་པ་ཤེས་དགོས། འཚོ་སྨན་པས་གཞན་ལས་དྲང་།


发布     👍 0 举报 写留言 🖊   
✋热门推荐
  • #Judy金多蕙[超话]# #绝美主舞KimJudy# 【ins&twi】210202 官方更新Judy相关一则配文:여러분 오늘따라 날씨가 많이 춥
  • (不要笑话我,我是真第一次见到这样特别的人〓■●所以突然的冲击力下有点不真实感也是情有可原。)所以还是《荒唐的羊》比较适合,这首我下意识只想过一个人的歌♫爱上你
  • 新しい避難計画は、富士山の噴火を想定したハザードマップが去年改定されたことを受けて、静岡・山梨・神奈川の3県と国、有識者などでつくる火山防災対策協議会が見直しを
  • ACTIVE OASIS 婴儿背带吸湿排汗,阻挡90%以上的UVA和UVB射线,快速烘干,为父母和婴儿提供独特的温度控制,同时采用抗菌技术。Baby K’tan
  • 我一直都觉得她是一个英雄,忍辱负重百年,为了赚一笔钱,去买一座仙岛,和洛洛过混吃等死的日子,为了纯洁善良的人可以回到大海,不禁牺牲自己,为了北渊和在仙师、顺德统
  • #悠塔[超话]##咨询v➕rabbit060# | 精准流量爆炸❷号新号小试牛刀9️⃣0️⃣4️⃣ / ++++.+.【接上条朋友圈】又有人会问:我没有粉丝基
  • 抹茶芝士+牛油果冰沙+草莓味茶冻三种喜欢的东西堆在一起得到了一杯不太好喝的奶茶用两天时间肝完一个十天的活动555如果不是奖励太诱人我才不要去爆肝重新养崽但没有想
  • 图1⃣️:用魔法打败魔法 用非主流打败非主流图2⃣️:打破沙锅问到底 我感觉杨杨一个人好伤心每天都让融入我们一起玩 哈哈哈哈今晚我带着山西老爸一起做仰卧起坐和基
  • 从最容易被迷惑的地方识破迷惑,那么就能够处处都保持着清醒;将最难释怀的心事放下,那么就会觉得所有的境界都宽广自在。感悟:走过了才知道也没有那么苦,一定要苦中作乐
  • 符合国际最高质量标准,2岁以上儿童可用,天然成分,温和不刺激,使用后口腔里也没有苦味,这个特别棒,真的像水一样。15、Hevert Ginkgo德国金纳多银杏叶
  • Make Up 发布 EIDOLON 1:43 比例 Porsche 911(997.2)Turbo S 2011 灰模官图: EM604A : Ice Bl
  • 人生这条路,有时满地荆棘,在经过时把我们弄得满身伤痕;而有时却是鲜花和掌声,让我们心花怒放。黄鸟数声啼叫惊起了午间的残梦,恍恍惚惚,我还以为身在旧居半山园中。
  • [鼓掌]让我们一起来和希林分享自己喜欢的书籍,一起开卷有益吧~#我们为什么要读书# @硬糖少女303-希林娜依高#王安珍[超话]#诚实守信教育的现代基本要求: 
  • !!
  • 07年丁亥,亥水帮扶子水,印旺,所以考上好大学;但天干透出丁火伤官,伤官主叛逆,主别出心裁另闯新路,加上你八字偏财七杀旺,所以总想自己当老板发大财。2018年农
  • 生活中的赵薇也保持着自己的独立人格,老公对她来说,是伙伴,也是朋友,她的生活信条是:以尊重为底线,做最好的自己,对另一半不做过多要求。蒋勋先生说过:“你被孤独驱
  • 第一轮核酸采集刚刚开始,还没有后期那些如进出单位,小区等公共场所,需要凭48小时核酸检测报告;不参加核酸检测赋黄码等等硬性规定和要求,大家就是凭着社区群里一条通
  • 【宝应湖法庭举办新闻照片知识讲座】宝应湖法庭近年来重视新闻宣传,该项工作成绩显著,为了进一步拓宽宣传渠道,近日,该庭举办新闻照片知识讲座,邀请了全国摄影家协会会
  • 直补三万元,风行新能源爱你是真的!#TFBOYS[超话]##tfboys三人同行##写给王源的日记# 2020.1.29 晴踏雪寻梅 今天是想你的第一百四十八天
  • 4.倾听,是对抱怨最好的答复朋友跟你抱怨身边的人时,只是想寻求你的安慰,不要跟着嚼舌根,任何不能放到台面的话,都有可能会成为你的把柄。4.倾听,是对抱怨最好的答