༄༅། །རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་ཐོར་བུ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །སྐྱབས་འགྲོ་དང་ལས་འབྲས་ཀྱི་སྐོར།  
༡.སངས་རྒྱས་ལ་ཡིད་མི་ཆེས།ཆོས་ལ་ཡིད་མ་ཆེས་ན་རིམ་བཞིན་སྐྱབས་འགྲོ་ཉམས་འགྲོ།ངན་སོང་དུ་མི་ལྷུང་བའི་ལྷན་ཅིག་བྱེད་རྐྱེན་སྐྱབས་འགྲོ་དང་ལས་དགེ་བ་དེའི་ཉེར་ལེན་ལྟ་བུ་ཡིན།སྐྱབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཡོད་པ་ལས་འབྲས་སྐྱབས་གཙོ་བོར་འཛིན་དགོས།ལས་འབྲས་བསམ་པ་མདོར་བསྡུས་ན་སྡིག་སྤོང་དགེ་སྒྲུབ་གཉིས་ལ་འདུ།    ཆོས་ཟབ་པས་མི་ཆོག་ཀུན་སློང་ཟབ་དགོས་ཞེས་གསུངས་པ་ལྟར་རང་ཅག་གིས་བཀའ་ཆོས་སོགས་ཆོས་གང་བྱེད་ན་སྐྱབས་འགྲོ་སེམས་བསྐྱེད་གལ་ཆེ།མ་མཐའ་གྲོང་ཆོག་ལ་འགྲོ་ནའང་སྐྱབས་འགྲོ་སེམས་བསྐྱེད་གནད་དུ་སྨིན་ན་བསམ་གྱིས་མི་ཁྱབ་པ་ཡིན།    མཆོད་བརྗོད་ནི་ཕྱིའི་བར་ཆད་ཞི་བའི་ཆེད་དང་དམ་བཅའ་བ་ནི་ནང་གི་ལེ་ལོ་ལ་སོགས་པའི་ནང་གི་བར་ཆད་ཞི་བའི་ཆེད་དུ་ཡིན།དེའི་ཆེད་དུ་མཆོད་བརྗོད་མཛད་པ་ཡིན།    དེང་སང་ངན་པ་ཐམས་ཅད་གཞན་གྱི་མགོར་འཇོག་ལ་བཟང་བོ་ཐམས་ཅད་རང་གི་མགོར་ལེན།མི་བདེ་བ་བྱུང་ན་ཟས་མ་འཕྲོད་པ་དང་ཡུལ་གྱི་རྐྱེན་གྱིས་རང་གི་སྟེང་དུ་བྱུང་བར་འདོད་པ་ལས་ལས་ལ་བརྟེན་ནས་བྱུང་བར་མི་འདོད་དེ།རང་གི་སྐྱེ་བ་སྔོན་མའི་ལས་ཀྱི་རྣམ་སྨིན་ཡིན་ཞེས་བསམ་གིན་མི་འདུགདཔེར་ན་དགྲ་བཅོམ་པ་རྟ་ཐུལ་གྱིས་ཚངས་པར་དྲིས་པ་ན་ཚངས་པས་གཡོ་སྒྱུས་ང་ནི་འཇིག་རྟེན་གྱི་མེས་པོའོ་ཞེས་གསུངས་པ་ལྟ་བུའོ།།    བདག་ཅག་ནི་དག་ཞིང་ལ་འཕེན་པ་གཏོང་གིན་ཡོད་ཀྱང་དེ་ནི་རང་དོན་ལ་གོམས་ཆ་སོང་བས་འགྲོ་བ་གཞན་བློས་གཏོང་བའི་བློ་ཕྱིན་ཅི་ལོག་ཡིན་ལ།ལྷག་པར་སྔགས་ཉམས་སུ་ལེན་པ་ཞིག་ལ་མཚོན་ན་ད་དེ་བས་ཀྱང་ཕྱིན་ཅི་ལོག་ཏུ་སོང་ཡོད།                            ༢.ང་ཚོ་སུས་ཀྱང་ལས་འབྲས་བསམ་པ་གལ་ཆེ་སྟེ།དགེ་རྒན་རྣམ་པས་ཀྱང་བྱང་ཆུབ་ལམ་གྱི་རིམ་པ་ལ་རྒྱུན་དུ་གཟིགས་ཤིང་དེ་བཞིན་སློབ་མ་དག་ལ་གསུངས་པ་དང་སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་གྱི་གསུང་བརྩི་བ་ཤིན་ཏུ་གལ་ཆེ་སྟེ།མཁས་གྲུབ་རིན་པོ་ཆེས།རིག་བཟང་བློ་གསལ་ང་རྒྱལ་མེད།།ཅེས་གསུངས་པའི་ཕྱིར།    ས་ཆུ་མེ་རླུང་གིས་ཕྱི་ནང་གི་འཇིག་རྟེན་དག་འཇིག་པ་ཡིན་ཏེ།ནང་གི་མིའི་ལུས་འཇིག་དུས་རླུང་འཁྲིས་བད་ཀན་གྱིས་འཇིག་པ་ཡིན་ཏེ།བད་ཀན་ནི་ས་ཡིན་ལ་འཁྲིས་པ་ཆུའི་མིང་ཡིན།རླུང་གིས་དེ་གཉིས་ལ་གྲོགས་བྱེད་དེ།རླུང་གིས་མེ་སྦར་བ་དང་ཆུ་གཡོ་བ་སོགས་རྒྱས་པར་བྱེད་དེ་དེའི་དབང་གིས་ནད་སྣ་ཚོགས་བསྐྱེད་དེ།མཛོད་ལས།ལས་ལས་འཇིག་རྟེན་ཞེས་གསུངས།གསུང་འདི་འདྲ་སློབ་དཔོན་དབྱིག་གཉེན་ལས་གཞན་ཞིག་གིས་ཐོན་དཀའ།སློབ་དཔོན་ཟླ་གྲགས་ཀྱིས་ཀྱང་།འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས།།སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།།ཞེས་ཚིག་འགའི་ནང་དུ་བསྡུས་པ་ལྟ་བུ་རེད།    ལས་འབྲས་ལ་ཡིད་ཆེས་ཡོད་ན་ཅུང་ཟད་བཤད་ནའང་སེམས་ལ་འབབ་རྒྱུ་ཞིག་ཡོད།ལས་འབྲས་ལ་ཡིད་ཆེས་མེད་ན་གཞུང་པོ་ཏི་པོ་ཏི་བྱས་ནས་བཤད་ཀྱང་ཕན་ཐོགས་ཅི་ཡང་ཡོད་མི་སྲིད།    ངན་སོང་གི་སྐྱེ་སྒོ་མ་ཁེགས་ན་དལ་བ་བརྒྱད་དང་འབྱོར་བ་བཅུ་ཐོབ་ཀྱང་ཕན་ཅུང་ཟད་ཀྱང་མ་ཐོགས་པ་རེད། ང་དགེ་སློང་ཡིན་པས་དམྱལ་བར་མི་སྐྱེས།དགེ་བཤེས་ཡིན་པས་དམྱལ་བར་མི་སྐྱེས།བླ་མ་ཆེན་པོ་ཡིན་པས་དམྱལ་བར་མི་སྐྱེས་སྙམ་མོད།ཤིན་ཏུ་དཀའ།དམྱལ་བར་ལོས་སྐྱེས།དམྱལ་བ་རང་ཅག་རྣམས་ཀྱིས་ཡུལ་བཞིན་དུ་བྱས་ཡོད།    དམྱལ་བའི་ཚེ་ཚད་བཤད་པའི་རྒྱུ་མཚན་རང་ཅག་གི་ཡིད་ལ་སྐྱོ་བ་ཞིག་སྐྱེ་བའི་ཆེད་དུ་ཡིན།    བཙོན་ཁང་ནས་མི་ཞིག་ཕྱིར་འགྲོ་བའི་གོ་སྐབས་བྱུང་ནས་འགྲོ་བའི་དུས་སུ་གཞན་ཞིག་གིས་འུ་གཉིས་ངོ་ཤེས་ཡིན།ཁ་བརྡ་ཞིག་བཤད་ཅེས་ན་ང་ཁ་བརྡ་བྱེད་ཁོམ་ཞིག་གང་ན་ཡོད།བཙོན་ཁང་ནས་ཕྱིར་འགྲོ་དགོས། ཁྱོས་ང་ལ་ཅང་བཤད་ཀྱིན་མ་འདུག་ཟེར་ངེས།དལ་བརྒྱད་འབྱོར་བཅུ་ཐོབ་པའི་སྐབས་འདིར་ངན་སོང་ལས་ཐར་བའི་གོ་སྐབས་ཤིག་བྱུང་བས་ན་སོས་དལ་ནས་འདུག་ཁོམ་ཞིག་ག་ན་ཡོད།    བདེ་བ་ཡིན་ནའང་མི་རྟག་པ་རེད།སྡུག་བསྔལ་ཡིན་ནའང་མི་རྟག་པ་རེད།ཁོ་ཆད་དགོས་ནི་མ་རེད།ཡིན་ནའང་ང་ཚོ་ཅུང་ཟད་བྱས་ན་འུར་ལངས་པ་རེད།འུར་ལངས་པར་དགའ་བའི་སྟབས་ཀྱིས་བྱ་བ་ལས་མི་ཤེས་པ་དང་།རྒྱུ་མཚན་མི་ཤེས་པ་དང་།འགྲོ་སྟངས་འདུག་སྟངས་མི་ཤེས་པ་རེད།བཀའ་གདམས་པས།ལས་བདག་གིར་བྱའོ།།ཞེས་གསུངས་ནའང་རང་ཅག་རྣམས་ཀྱིས་ལས་བདག་གིར་བྱེད་མི་ཐུབ་པར།མགྲོན་ཁང་ཞིག་གིས་མ་བཟང་ཐལ།གྲོང་ལ་སོང་ནས་ལྭ་བ་ཞིག་གོན་པས་མ་འགྲིག་ཅེས་ཟེར་བཞིན་ཡོད།རྐྱེན་ཞིག་ཡོད་པ་བདེན་ཡང་ལས་རང་གིས་བསགས་པ་ཡིན།    རང་ཅག་གིས་རྟེན་འབྲེལ་བདེན་མེད་སོགས་བསྒོམ་ན་ལེགས་མོད།དེ་ལས་ཀྱང་དགེ་བའི་རྒྱུ་ལས་བདེ་བ་དང་།མི་དགེ་བའི་རྒྱུ་ལས་སྡུག་བསྔལ་འབྱུང་བའི་རྟེན་འབྲེལ་བསམ་པ་གལ་ཆེ།དགེ་སྡིག་བླང་དོར་མ་བརྩིས་ན་རྟེན་འབྲེལ་སྒོམ་པ་གོ་ལོག་པ་ཡིན།ཤེས་རབ་བསྟན་དར་གྱིས་ཟིན་བྲིས་སུ་བཏབ།

#刘宇宁开始推理吧#
#刘宇宁巴黎欧莱雅品牌代言人# |

#摩登兄弟[超话]#

刘宇宁燕子京|刘宇宁珠帘玉幕

༄༅༄༅༄༅༄༅༄༅❤️༄༅


独自走过苍苍莽莽,与你同行才有了光། – _ – །

@摩登兄弟刘宇宁
❀━━━━━♡ℒ ♥━━━━━❀

https://t.cn/A6YFm1Gy
https://t.cn/A6YfzmNe

刘宇宁魏劭刘宇宁折腰
刘宇宁卓不凡刘宇宁天行健
刘宇宁帝林刘宇宁紫川
摩登兄弟刘宇宁刘宇宁宁哥棚主lyn

༄༅། །ལྟུང་བཤགས་ལྷ་སོ་ལྔ།
ཕུང་པོ་གསུམ་པའི་མདོ་ལས་བསྟན་པའི་བཅས་རང་གི་ཁ་ན་མ་ཐོ་བ་རྣམས་བཤགས་པའི་ཡུལ་གྱི་དེ་བཞིན་གཤེགས་པའི་ལྷ་གྲངས་སོ་ལྔ།༼ཁག་དྲུག་པ།༽
忏悔所向三十五佛。《三聚经》中所说忏悔遮罪和性罪时作为对境的三十五如来。
(第六部分) https://t.cn/AiepJdRw


发布     👍 0 举报 写留言 🖊   
✋热门推荐
  • 2、五部门印发光伏产业创新发展计划1月4日,工业和信息化部、住房和城乡建设部、交通运输部、农业农村部、国家能源局联合发布《智能光伏产业创新发展行动计划(2021
  • 3 、吃 人 的 嘴 短 ,而 且 男 女 平 等 ,所 以 不 要 都 由 男 生 请 客 ,总 要 有 来 有 往 ,你 可 以 由 他 让 你 付 钱 的
  • 【唯有减除欲求,方能带来安乐】 患生于多欲,害生于不备。 清心寡欲,聚精会神,八字最好。 淤泥塞流水,人欲塞天理。 嗜欲深者天机浅。 唯有减除欲求,方能带来安
  • ?各种炸食都可以和咖喱配在一起,都是神仙cp!
  • 你会发现,那个年代的电视剧,无论是主角配角,还是那种一闪而过的小人物,都特别的出彩!比如陈道明主演的电视剧《黑洞》里面有一个叫“肖三儿”的,好多人剪辑这个影视剧
  • 好想今天就是16号[单身狗]好想看苏摹 好想苏摹哭,这样我就有珍珠了,就能卖钱了,就能发财了,就不用因为上课摸鱼看李易峰摸鱼不好好听课,考试考不好,上不了好学校
  • 3⃣降个天菜给我吧[舔屏][舔屏][舔屏]姐和姐夫的哨向 姐是向导嘛 姐夫 大概16岁塔里就分配雨给他疏导了 16岁也正好是可以在塔登记结婚的最小年纪 姐夫就去
  • [2021]2021真的过去了真是光阴似流水去年的新年愿望已经记不清了[2022]将会是太特殊的一年了这一年我将会从学生变成打工人变成一个真真正正的“大人”(刚
  • 舍家为众承重担,新冠无情人有情。舍家为众承重担,新冠无情人有情。
  • 西华师范大学生命科学学院,擅长于动物分类的伍宇翼动物学硕士判定这是远古的鱼类品种——鳞齿鱼,预估距今约一亿年。伍宇翼初步判定,此次发现的“鱼”有可能是远古鱼类品
  • 希望未来的猫咪一定漂漂亮亮等你妈风光安稳后必定让你觉得被我养育是一件很幸福的事情 新春好运加持,潮流盲盒玩法全新上线!但是破壁机拿到手,做了一个红豆的,无敌无敌
  • [哇][哇][哇][哇]#CBN碳中和社区[超话]##CBN碳中和社区[超话]#越努力的人才越能拥有未来,幸运会常伴我们左右,持有CBN加油继续冲,万倍收益等着
  • 好想让人rua一rua,把全世界最好的都给他。文案:宋灯死于一场风寒,死前她舍不得自己的兄长,也舍不得王座之上孤家寡人的元孟。
  • 世人崇敬的过往很可能只是彼时的日常,渺小的我们的现在也许是经年后的伟大。我们熟悉的许多事物原来可以追溯到很久以前,我们与先民的生活,了无古今的隔阂。
  • 金融证券泡沫:是指股市短期疯涨,市盈利急剧攀升,价格与价值严重背离,即产生股市泡沫。在经过历时三年的综合治理后,我国证券行业历史上遗留的风险得到化解,证券公司财
  • #热门楼盘推荐#【曹妃甸美仑华府】价格:约7200元/㎡全部户型:三居室(118~146㎡) 四居室(168㎡)楼盘概况:美仑华法式宜居大盘。利用塑像喷泉和跌水
  • 由于在赛场上出色的表现,他被车迷们称为“Quick Nick”加盟宝马索伯车队之后,海菲尔德与波兰车手罗伯特·库比卡搭档,帮助车夫获得了年度车队季军的好成绩。F
  • 我们坚定反对,不为抵制学校政策,不是格局小罔顾学校发展,而因为那是我们的家,是无数管院人的牵挂所在,更因为大学该是兼容并包、自由民主之所在,师生该有建言和被尊重
  • ▫️有用的书都特别难啃,比如资本论,这应该也是资本家蕞不愿意大家去读的书因为这部书把他们伪善和华丽的表象扒得干干净净,把资本运作的残忍和冷酷剖析的淋漓尽致▫️鱿
  • 早上想静静的去麦当劳吃份早餐没有达成,在家吃了腊八粥(因为只有五种料头我喊他五福临门)。吃完午饭想要去找找余华的书,主动提出要送阿果上学,和她说我去找个东西,这