Arthur Schopenhauer ན་རེ། རང་ཉིད་གཅིག་པུ་ཡིན་དུས། ༼ ཚུལ་འཆོས་དང་འཛེམ་དོགས་མེད་པར༽ རང་ཉིད་ངོ་མ་དེ་བྱེད་ཆོག་ཅེས་གསུངས། རང་ཉིད་གཅིག་པུ་ཡིན་དུས། ང་ཚོ་ལ་གཞི་ནས་དོན་དམ་གྱི་རང་དབང་ཡོད། དེར་བརྟེན། ཁེར་འདུག་ལ་མི་དགའ་བ་ནི་རང་དབང་ལ་མི་དགའ་བ་ཡིན། དོན་དུ་ཁེར་རྐྱང་དུ་འདུག་ཐུབ་པ་ནི་ཤེས་རབ་ཅན་གྱི་ཐུན་མིན་གྱི་རྟགས་མཚན་ཞིག་ཡིན། སྤྱི་ཚོགས་ཀྱི་འབྲེལ་འདྲེས་དང་མི་ཞིག་གི་བློ་གྲོས་ཀྱི་ནུས་མཐུ་ལ་འགལ་བའི་འབྲེལ་བ་ཡོད་དེ། ང་ཚོས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ལ་དོ་སྣང་མང་བོ་བྱས་ན། རང་ཉིད་ཀྱི་བསམ་བློ་འཕེལ་རྒྱས་སུ་གཏོང་བའི་དུས་ཚོད་མི་རྙེད། དེའི་ཕྱིར་ན་ང་ཚོས་སྤྱི་ཚོགས་དང་འབྲེལ་འདྲིས་ཇི་ཙམ་ཉུང་དུ་བཏང་ན། ང་ཚོས་དེ་ཙམ་གྱིས་འཚོ་བའི་དོན་སྙིང་དང་། དོན་ངོ་མ་རང་ཉིད་སུ་ཞིག་ཡིན་པ། རེ་སྨོན་ཆེ་ཤོས་ཅི་ཞིག་ཡིན་པ། རང་ཉིད་ཀྱི་ནང་སེམས་ཀྱི་འཇིག་རྟེན་སོགས་ལ་བསམ་གཞིགས་དང་རྒྱུས་ལོན་བྱས་ནས་རང་ཉིད་ངོ་མ་དེ་རྙེད་ཐུབ། ཁོང་གིས་ཁེར་འདུག་ཟེར་བ་ནི་ང་ཚོ་རང་ཡུལ་དང་རང་དུ་གྱེས་ཏེ་རི་ཁྲོད་འགྲིམ་དགོས་གསུང་བ་མ་ཡིན་པར། མཚམས་མཚམས་སུ་ཁེར་འདུག་བྱས་ནས་གཟབ་ནན་གྱིས་དཔེ་ཀློག་བྱེད་པ་དང་། སྒོམ་རྒྱག་པ། ནང་སེམས་ཞིབ་མོས་གཞས་ལ་ཉན་པ། ཁེར་རྐྱང་དུ་གོམ་བགྲོད་བྱེད་པ་སོགས་སོ། །

སྣང་བའི་མགུར།

ན་ནིང་སྟོན་མགོ་ཟླ་བར་བྱ་རྒྱལ་མོན་དུ་འཕུར་སོང་།།
ད་ལོ་ནག་ཟླ་ཉ་བྱུང་ཁུ་ལོ་ནམ་དུས་གཤེགས་སམ།།
ཟླ་ཞལ་གསུང་སྙན་མ་ཐོས་ཟླ་བ་བཅུ་གཉིས་འགོར་སོང་།།
ང་དང་ང་ཡི་ཟླ་བོ་འདང་ཆེན་ཁྱེད་རང་སྒུགས་ཡོད།།

དཔྱིད་ཀྱི་ཕོ་ཉ་མ་སླེབ་དཔྱིད་ཀ་ཚེས་ཀྱང་ཅི་དགའ།།
བརྩེ་དུང་འོ་མཚོ་འཕྱུར་བའི་དགའ་ལོ་དཔྱིད་ཀྱི་ཕོ་ཉ།།
ཁྱེད་ཉིད་འབའ་ཞིག་བརྗོད་བྱར་སྙན་ངག་པོ་ཏི་འདོད་ཀྱང་།།
རང་དབང་སྨྱུག་གུ་བོར་ཏེ་ཚོན་ཁྲ་གཞན་དུ་བསྒྱུར་དགོས།།

ང་ནི་མི་རྟག་མི་ལུས་མི་ཡུལ་མགྲོན་དུ་སླེབས་ཙམ།།
ཁྱེད་ནི་བྱ་རྒྱལ་རྒན་པོ་ཚེ་ཚད་ཅི་ཡོད་མི་ཤེས།།
ད་ནི་འུ་གཉིས་འཛོམས་པར་དུས་ཚོད་ཕར་འགྱངས་མ་བྱེད།།
ང་རང་ཁྱོད་རང་དྲན་དྲན་ཁྱོད་ཀྱང་ང་ལ་དྲན་ངེས།།
དྲན་སེམས་འགྱུར་མེད་ཡིན་ན་གཤོག་རྩལ་ངོམ་བཞིན་འཕུར་ཤོག། https://t.cn/R2WxesE

ཡང་སྙིང་དང་བློས་གཏོང་།
2024–4-14 ཨ་ཀྲོང།
འཚོ་བ་རོལ་ཕྱོགས་ཤིག་གིས་ཡིན་ནམ་ཡང་ན་གཞན་ཞིག་གིས་ཏེ། ཉིན་རྒྱུན་དུས་རྒྱུན་དང་འདྲ་བར་བཟས་རྗེས་གཉིད་གཉིད་རྗེས་ཡང་བཟའ་མགོ་བརྩམས་པ་སོགས་ཀྱིས་དུས་ཚོད་འགྲོ་ཐབས་བྱས།

གསོན་སྟངས་འདི་ལྟ་བུ་ཞིག་གིས་ཚེ་ཚད་མི་ལོ་བདུན་ཅུ་ཡས་མས་ཤིག་ཡིན་རྒྱུ་ན་ད་ལྟ་བརྒྱ་ཆའི་གསུམ་ལྷག་ཅིག་བརྒལ་ཟིན། ལོ་འདི་དག་ལ་ངས་བསམ་བློ་གཏོང་ཕྱོགས་ཤིག་བརྙེད་ཡོད། འཁོར་བའི་ནང་གི་བདེ་བ་དང་སྐྱིད་པོ་དག་ནི་གཅེས་གཅེས་སྤྲས་སྤྲས་ཁོ་ནས་མཛད་དགོས་པ་ཞིག་རེད་འདུག་པས། ལྟོ་བ་མ་ལྟོག། ལུས་སེམས་མ་འཁྱག། ཚེ་སྲོག་ཆད་དེ་མ་ཤི་བ་སོགས་ཀྱི་ཕན་ནས་ཅི་དགར་འཚོ་སྡོད་བྱས་ན་ཆོག་པ་རེད་འདུག། དེ་ལྟར་ཡོང་བ་ལ་ནི་བློས་གཏོང་གི་གོམས་གཤིས་ཡོད་དགོས་པས། དེ་ནི་ལས་སླ་བོ་ཞིག་མ་ཡིན། བློས་གཏོང་ཞེས་པ་ནི།

རྒྱལ་ཁ་གང་ཡང་མི་དགོས་པར་ནམ་རྒྱུན་སྡུག་གྱོང་འཁུར་མཁན་ཁོ་ན་ཙམ་མ་ཡིན་པར། དེ་ནི་གསོན་དུས་སྒེར་སེམས་ཀྱིས་མྱོས་ཏེ་ཡོད་ཚད་ལ་སྒེར་གྱིས་ཐག་གཅོད་འདོད་པའི་སྒེར་གཅོད་རང་ལུགས་པ་ཞིག་མ་ཡིན་ན་ཆོག། བདག་པོ་མེད་པའི་ནམ་མཁར་རང་དབང་གི་བྱ་ཁྱུས་འཕུར་རྡང་བསྒྲིག་ན་ཆོག་པ་དང་། ལས་ཀྱིས་ཐོབ་པའི་རྣམ་ཤེས་དང་ལུས་སྲོག་དག་རང་དབང་གིས་རྒྱུན་འཐུད་ཆོག་པར་བྱས་ན་དེས་ཆོག་གོ། །


发布     👍 0 举报 写留言 🖊   
✋热门推荐
  • 10年前装修,客餐厅必须功能明确,餐厅五件套,客厅四件套,觉得这样才是家该有的样子,来客人了也有招待的地方。10年前装修,客餐厅必须功能明确,餐厅五件套,客厅四
  • 是瑕疵吗,那要不要退啊,难道这是西服的版型设计吗?没钱再买一条一样的了[泪]还想[/ee94a5.png]4月的格裙呐~ 在这里给各路仙女鞠躬道谢了!
  • 有的地方你还会觉得在观赏战争宅区。原本想留在海边,除了大海,最吸引我们的是海边小村的托儿所,真的又大又好,托儿所所长已经拍胸口说等二宝出生我们随时送来都有位置,
  • 价格不分早中晚:18r/hIos全图鉴+人形放歌机+嘴严树洞+情感大师+戏精沙雕+跑图漏火+打卡翻车+训龙散花=十三[春游家族][春游家族][春游家族]新年第一
  • 相信离解封也不远了❕❗️两周线上课后只有困得不行 来不及化妆的线下人…纠结要不要上早八历史课 决定去,结果经常不组织签到的老师点名了 我愿称之为本周最正确的决定
  • 没事翻出一大波那些年的沙雕图,怀念啊,我的青春,还是读书好啊。[笑而不语]风中凌乱[笑而不语]奇葩说的就是我了[笑而不语]这身高差,是以前舍友们非常想看到的情景
  • ——曹雨禺#美食图片##美食博主##情侣头像# #十一月连更挑战# 今天的不开心就止于此吧 明天依旧光芒万丈啊 宝贝 书山有路勤为径,学海无涯苦作舟。——李白
  • 2.2发热汗出,汗出热不退此又分两种情况:2.2.1.发热汗出,伴有恶风,汗出热不退,患儿无法表达时亦表现为喜添衣加被,此属《伤寒论》太阳病外感风寒表虚证,病机
  • 也不是容易感动,只是觉得难能可贵,每一份真心都值得被用心对待[抱一抱]希望家人和朋友们时常开心,生活正向积极,偶尔有一些小遗憾和小困惑也没关系,恭喜发财的话就不
  • 等到渐渐老去,历经了世事刁难,才慢慢参透人生,学会慈悲,一蓑烟雨也是平生,极致简单才是美。任人生云里雾里,风里雨里,着绿蓑,戴青箬,自在江湖,渔翁一人,何处不可
  • 年底了,也没有什么别的事,听说个别小姑娘主要也就是吃吃避孕药[浩克],年底了,也没有什么别的愿望,主要的愿望也就是我市中心这套八十的平房子她也想住[浩克],还有
  • 关于2022年会员卡征订通告2022年地铁纪念卡会员征订现已开始, 老会员(持2021年会员卡)收费:500元/人/年2022年老会员合计会费预收:500+17
  • 《2020-2021年工作计划》问卷调查截止日期为2022年1月31日,旨在征求对以下方面的反馈意见:联合国环境规划署产品和服务;环境署在各区域的战略存在和协调
  • 书中认为,所谓“合”就是“和谐” 的意思,为什么合化以后就和谐了呢? 书中的说法 是,东方甲乙木最怕西方庚辛金来克,甲是阳木为兄,乙是阴木为妹, 于是甲木就想方
  • 还吃麻辣王子!昨天的博尔赫斯有这种伟大的能力,今天的卡尔维诺是这种伟大的作家。
  • 最近:1⃣️图1图2把刘海剪回来了,同事说我有了刘海要更加斯文一点……2⃣️谁说圆脸姐妹不能酷酷的3⃣️工作碰上同日麻溜抓着拍了几张照片庆祝要永远开心4⃣️大姐
  • #qq飞车手游[超话]#今天本来是个快乐的一天,和姐妹换了三排ID快乐边境ing,然后就是说为什么我,平平无奇一个车神传奇都上不去的稳六娃是怎么老撞车职业的[单
  • 12月14日,徐城派出所民辅警在县城区上园村某小卖部,成功将涉案嫌疑人王某献抓获。【我为群众办实事】徐闻警方侦破9宗飞车抢夺案近日,徐闻县公安局徐城派出所联合刑
  • #木木分享##每月之星#12月️⭐️每月之星️⭐️第一弹每一位每月之星在工作上认真负责,勤劳能干,具有不松懈的精神品质,每月之星不仅是对优秀同学的表扬,更是激励
  • 愿我们成熟地懂了珍惜,学会了珍惜身边的幸福, 欣赏自己的拥有。我所怀念的,不是温暖的春日。