November Do not trust སུ་ལ་ཡང་བློ་མ་གཏད། "སུ་ལ་ཡང་བློ་མ་གཏད།" ཅེས་པའི་ཚིག་འབྲུ་དེ་ནི། ཧ་ཅང་གལ་ཆེ་བའི་དྲག་སྔགས་ཤིག་ཡིན་ཞིང་། སུ་ལ་ཡང་བློ་གཏད་མ་བྱས་ན། རང་ཉིད་རྐྱང་པའི་སྣང་བས་བསྒྲུབས་པའི་འཇིག་རྟེན་གསར་པ་ཞིག་ཏུ་བཟོ་ཐུབ། བློ་གཏད་བྱས་ནས་བློ་གཏད་གྱི་བློ་ཕུགས་དེ། ད་སྐབས་སུ། བློ་ཕམ་པའི་གཞིར་འགྱུར་རྒྱུ་ཡིན་པ་གོར་མ་ཆག །བློ་གཏད་ཡུལ་མེད་པ། གཏད་མཁན་མེད་པ། སྙིང་གཏམ་ཤོད་ས་མེད་པ། ཤོད་ཡུལ་མེད་པའི་གནས་ཚུལ་དེ་ཤེས་ན། གཞན་ལ་བློ་གཏད་མི་བྱེད་པར། རང་རྐྱ་ཕེར་བའི་གནས་ཚུལ་གསར་པ་དེ་ཤེས་ཐུབ། རང་རྐྱ་ཕེར་བའམ། རང་སྐྱོང་ཐུབ་པའི་ཚུལ་དེ་ཤེས་ཐུབ་ན། རང་ཉིད་ཀྱི་གྲོགས་རང་གིས་བྱེད་ཅིང་། རང་གི་བྱ་བ་ལ་རང་ཤུགས་ཚུད་ནས། ལས་ཀ་གང་ལ་ཡང་འཇིགས་སྐྲག་མེད་པའི་དཔའ་བོའི་ཁྱད་ཆོས་ཤིག་མངོན་ཐུབ། དེའི་སྐབས་སུ་རང་ལ་ཡོད་པའི་ཡོན་ཏན་དང་། རང་གི་འཇོན་ཐང་ཚང་མ་རང་གིས་ཤེས་ཐུབ་པ་ཞིག་ཡོང་ཞིང་། མ་ཟད་ནུས་པ་གསར་པ་ཞིག་ཀྱང་ཐོན་ཐུབ། ནུས་པ་གསར་པ་དེ་ནི། རྟག་པར་རང་རྒྱུད་ལ་ཡོད་ཅིང་། དེ་མངོན་ཐུབ་ཐབས་ཇུས་གཞན་གང་ཡང་མེད་དེ། རང་གིས་རང་ལ་བློ་གཏད་དང་། གཞན་གྱིས་རོགས་རམ་མི་བྱ་བ་ཤེས་པའི་སྐབས་སུ། རང་སྟོབས་དེ། ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཤེས་ཐུབ་རྒྱུ་རེད། དཔེར་ན། གཡག་རྒོད་ཁྱུ་ཚོགས་ཡིན་ན་སྡར་ཞིང་། གཡག་རྒོད་ཁེར་རྐྱང་ཡིན་ན། གཅན་སྤྱང་གིས་མི་ཐུབ་པའི་དཔེ་དང་འདྲ་ཞིང་། རང་ཐག་ཆོད་པ་དང་། རང་རྐྱང་ཕེར་བས། སུ་ལ་ཡང་བློ་གཏད་མི་བྱ་བ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སུ་ལ་ཡང་བློ་གཏད་མི་བྱ་གཅིག་པུར་སྡོད། སུ་ཞིག་ཡིན་ཡང་། ནམ་ཞིག་བསླུ་བར་ངེས། སུ་འདྲའི་རྗེས་སུ་འཇུག་ན། རང་བློ་ཕམ་ཡང་། གཞན་ལ་བློ་གཏད་པའི་སྐབས་སུ། རང་སེམས་ལ། མི་དེའི་གནས་ཚུལ་དང་། བློ་གཏད་འོས་པའི་གཏན་ཚིགས་ཁྱད་ཆོས་ཤིག་ཡིད་ལ་བཞག་ནས། དེ་རྨིང་གཞིར་བྱ་བ་ནི། དཔེར་ན། མི་འདི་ནི་འདྲིས་བཟང་པོའོ། །མི་འདི་ནི་ཁ་ཉུང་ཉུང་ཡིན། མི་འདི་ནི་དགེ་སྡིག་ཤེས་མཁན་ཡིན། ཞེས་པའི་ཚིག་ཙམ་ཞིག་རྒྱུ་མཚན་དུ་བྱས་ཀྱང་། ནམ་ཞིག་ལ། མི་དེའི་སེམས་རྒྱུད་ལ་རྐྱེན་གསར་པས་བསླུས་པའམ། མི་དེ་ཡི་ཁྱད་ཆོས་དང་། རང་གཤིས་དེའི་ཟུར་ཞིག་ལ་འཕོ་འགྱུར་ཐེབས་པའི་སྐབས་སུ། བློ་གཏད་བྱས་པའི་ཚད་མ་ཚང་མ་འཇིག་པའམ། ཚད་མ་དེས་བཟོས་པའི་གཏན་ཚིགས་དེ་ལ་ཐེ་ཚོམ་ཤོར་ནས། མི་དེ་བློ་ཕམ་དང་། དོགས་པའི་རང་གཟུགས་ཤིག་ཏུ་མཐོང་ནས། རང་ཉིད་ཀྱི་ལག་པའམ། རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཤོར་བ་ལྟ་བུ་ཞིག་ཏུ་གྱུར་ནས། མི་དེ་དང་། རང་གཉིས། ཁང་པའི་ཀ་བ་དང་། གདུང་མ་ལྟ་བུར་བྱས་ནས། གཅིག་ལ་གཅིག་གྲོགས་བྱེད་པའི་ནུས་ཤུགས་ཆ་ཚང་མ་ཤོར་ཏེ། མི་ཚེའི་མ་འོངས་པའི་འཆར་གཞི་ཚང་མ་འཁྲུགས་འགྲོ་གི་རེད།

༢༨༽འཇའ་ཚོན་གྱིས་བསླུས་པའི་འཕྲུལ་སྣང་གི་ནམ་མཁའ་འདི་ནས། བདག་གིས་ཁྱེད་ལ་གློ་བ་ཉེ་བའི་སྐད་ཆ་འགའ་མོལ་ན་འདོད་ཡོད། རྒྱང་རིང་གི་ཁྱེད་ཉིད་བདག་གི་དུས་གསུམ་གྱི་བསྡུས་གཟུགས་སམ། ཡང་ན་འཚོ་བའི་ཁྲོད་ཀྱི་ཐུག་རེག་མྱོང་གསུམ་མི་བཏུབ་པའི་འཚོ་བའི་ཁ་སྐོང་གཞན་ཞིག་ཀྱང་ཅི་ལ་མིན། འདི་ནས་བལྟས་ཚོད་ལ་ཕར་ཕྱོགས་ཀྱི་ནམ་མཁའ་དང་ས་གཞི་དག་ཧ་ཅང་དྭངས་གཙང་ཡིན་པ་ནང་བཞིན། ཁྱེད་དང་བདག་གི་བར་ཐག་ཀྱང་ཧ་ཅང་གི་དྭངས་གཙང་ཡིན་པ་སྨོས་ག་ལ་དགོས། སྨོན་འདུན་ཡུག་གཅིག་གི་ཁུགས་སོར་བབས་པའི་མཛེས་སྡུག་རྣམ་པར་བཀྲ་བའི་ཡིད་འོང་གི་རི་མོ་འདི་དག་བསུབ་ཐབས་ག་ལ་ཡོད། འོན་ཀྱང་སྐྱོ་ཤེས་ཀྱི་སྡོང་ལོ་རླུང་གིས་སྒུལ་ཐེངས་རེར་ཧ་ཅང་དྭངས་གཙང་ཡིན་པའི་བདག་གི་ནང་སེམས་ཀྱི་ལྷ་ཚོགས་དག་ཀྱང་སྤྲིན་དཀར་གྱི་འདབ་པ་བསྟོར་ནས། ཕར་ཕྱོགས་སུ་དལ་གྱིས་བཞུར་དུས་ཁྱེད་ནི་མཛེས་འཛིན་གྱི་མིག་ཤེས་གཞན་ཞིག་གི་ལོངས་སུ་སྤྱད་བྱར་གྱུར། འདི་ནི་སྐད་ཆ་དང་ཐ་སྙད་རབ་རིབ་ཅིག་གིས་མཚོན་མི་ཐུབ་པའི་འཚོ་བའི་མྱོང་རྟོགས་ཆེས་ཁྱད་པར་ཅན་ཞིག་ཡིན་པར་འདོད། ནུབ་ཁའི་ཉི་འོད་ཀྱིས་ང་ལ་ཀུ་རེའི་ཚུལ་གྱི་འོད་མདངས་ཁྱད་པར་བ་ཞིག་གི་གསང་བ་སྟོན་དུས། ཁྱེད་ནི་བདག་གི་དུས་གསུམ་གྱི་འཚོ་བ་ཉི་འོད་འཇམ་པོ་དེ་ཡིན་པ་གཞི་ནས་ཚོར། ད་ནི་ཉི་འོད་ཀྱང་ཚང་ལ་ལོག་ནས་ཡུན་རིང་འགོར་ཞིང་རི་ལྗོངས་འདིའི་མཛེས་སྡུག་མཐའ་དག་རིམ་བཞིན་བདག་གི་མཐོང་ལམ་ནས་ཡལ་བར་གྱུར་ཀྱང་ང་ད་དུང་འདི་ནས་ཅུང་ཙམ་འདུག་ན་འདོད་ཡོད། དེ་ནི་བདག་གིས་ནང་སེམས་སུ་འཛུལ་ནས་ཡོང་བའི་འཆར་ཡན་གྱི་འཇིག་རྟེན་དེ་ཉིད་མཇུག་བསྡུ་མི་འདོད་པས་ཡིན།#叶西达瓦[超话]#


དམ་པ་མཇལ་ཡང་དམན་པའི་སྤྱོད་པས་བསླུས།
ལམ་མཆོག་རྙེད་ཀྱང་ལམ་མིན་གཡང་ལ་འཕྱན།
བདག་དང་བདག་འདྲའི་གཤིས་ངན་སེམས་ཅན་རྣམས།
རང་རྒྱུད་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས།
雖遇聖士仍為劣行誘,
雖獲勝道仍漂非道中,
我與如我惡性諸有情,
正法調伏自續祈加持~


发布     👍 0 举报 写留言 🖊   
✋热门推荐
  • 吃完饭我问了好久 他描述的模模糊糊大概意思就是他会突然燥热开始出汗,但是我知道肯定没这么简单害他有无数个瞬间让我讨厌死他那种半说不说又极度悲观的样子但是又爱他那
  • 看的时候,我是觉得真惨,她虽然作为现代人,却不敢逆转历史,兢兢业业生活在那一个惊险的朝代~#一念关山[超话]#反正不是刘诗诗粉丝[ok]另外糊路透凌晨db出的,
  • 大多清热解毒药具有较好的抗肿瘤作用,在肿瘤的防治中,常常加用清热解毒之品如白花蛇舌草、半枝莲等,多可收到良好的效果。哈哈哈,希望自己能永葆初心❤️❤️❤️  肿
  • 每晚到了洗完澡那一刻基本上这一天就开始结束了,这个周日还是日常的肥宅,吃了睡,睡了吃,日子过得是有些单调,但是还算不枯燥,因为有不定期的雷雨来光临,听雨的滴答声
  • ”很开心能陪伴你们左右,也很幸运未来还会一直一起走,直到世界尽头也一直一起走吧❣️我最爱的少年啊请你不要回头的坚定地走下去,我们会一直伴随你们左右的,我们一起只
  • 三、检测要求(一)广大居民朋友参加核酸采样时应规范佩戴口罩,以家庭为单位,每次排队不超过 5 个家庭,每个家庭保持 5 米以上距离,不聚众交谈,防止交叉传播风险
  • 但是ETC安装容易拆卸难,而且注销的时候会收取一百到三百元的费用。 如果您还未办理ETC,您可以申请酷酷龙集团的“高速行ETC”。
  • 简直是难得一见的爱突突小逗逼,一炸毛就跳起来机关枪似的突突人,突天突地突自己老子,还带押韵 来欣赏下咱路宝金句:“爱恨情愁不用慌,热心路宝来帮忙”“收了我的花,
  • 这毕竟不是什么偶像剧,白术从一开始的角色定位也是如此,所以如果白宇的确演出了让观众会时不时反感的程度,说明他的演技是完全没有问题的,对角色诠释也相当到位。
  • 《怦然心动》 15、亲爱的,你要知道,纵然你会从我的记忆里消失,可在我心里,你永远无法被任何东西驱逐。 《假如爱有天意》 17、我喜欢我望向别处时,他望向我
  • (极目新闻)【#武汉大学今年再邀援鄂医护赏樱# 】#2022相约春天赏樱花# “再约赏樱花,一起向未来”2月15日,@武汉大学 向援鄂医疗队再次发出赏樱邀约。【
  • #桔可JUKKE[超话]##周周赚钱动态# -桔可·现在做‮理代‬的优势-​‎ ͏ Part❻:强‮导大‬师高‮赋效‬能有个‮口不‬嗨 只‮代为‬理做实事的创始
  • 8.人最大的善良,大抵就是看出了你的为难,便不难为你。7.你要堕落,神仙也救不了;你要成长,绝处也能逢生。
  • 不知道大家有没有看到昨天的一个小小新闻。我们生活在日新月异的互联网当中,每天都有源源不断的新闻上热搜。但是这则或许微不足道的新闻却让我看到了中国人的善良和社会的
  • 此外,高通产品管理副总裁 Ziad Asghar 指出,要想达到骁龙 8 Gen 2 宣称的光速上网、动态体验以及划时代性能,高速內存不可或缺。此外,高通产品管
  • 13.你去当演员吧,我看你挺会演的14.我只想骂人,但不想骂你15.拿你当人的时候,你尽量装得像一点16.你打扮成这样,是对这个世界不满吗?13.你去当演员吧,
  • 每每看见Mark锅一个猛子扎进小树林里,过上闲云野鹤的悠闲生活,就会情不自禁给他贴上典型#esfp# 人格的标签[允悲],能活成锅这样,真是让人羡慕的惬意生活和
  • :✧❾、风是甜的 阳光是暖的❶⓿、◟̆◞̆♡/落日余晖秋日浓❶❶、㊗️我们都好在秋天·❶❷、天气晴朗ꔛ‬☆*゚❶❸、秋天是倒放的春天 晚安是爱你的续篇❶❹、“但
  • 持‬然​后‮代一‬一代‮承传‬下来,穿‮百越‬年而​一种‮料秘‬,则是师傅家‮中族‬不传之​秘‼️将这‮古些‬料入苗语古咒‮秘语‬蛊之​中,加入情‮油愫‬,双师
  • 遇到的还留在身边的人并非偶然,这都是必然事件[心]现在毕业了,在武汉的几年经历的 有人渣,有骗子,也有特别的人;有生死,有离别,也有还挂念的人;有人情世故,有冷