གཞན་གྱིས་ལྐོག་ལབ་བྱེད་པར་མི་དགའ་ཟེར་བའི་མི་དེ་དག་གིས་ད་ལམ་གཞན་ལ་ལྐོག་ལབ་བྱེད་བཞིན་འདུག་དོན་དངོས་སུ་ཁོ་ཚོའི་ངོ་གདོང་ཕྱི་རུ་མ་མངོན་པ་ཙམ་རེད། ཕེ་ཕེ།
—• འདས་དོན། •—
|བཞུད་ཟིན་པའི་ལོ་ཟླ་རིང་མོ། །
|མདང་ནམ་སྟོད་བབས་པའི་ཁ་བ། །
|དུས་ད་ནངས་སྐྱ་རེངས་ཤར་དུས། །
|གཞི་ས་ཆེན་འདི་ཡིས་བཏུངས་སོང་། །
-༢༠༢༤-༤-༢༨ ཉིན།
|བཞུད་ཟིན་པའི་ལོ་ཟླ་རིང་མོ། །
|མདང་ནམ་སྟོད་བབས་པའི་ཁ་བ། །
|དུས་ད་ནངས་སྐྱ་རེངས་ཤར་དུས། །
|གཞི་ས་ཆེན་འདི་ཡིས་བཏུངས་སོང་། །
-༢༠༢༤-༤-༢༨ ཉིན།
བརྩོན་པ་མེད་པའི་རྨི་ལམ་འཇའ་མཚོན་བཞིན།།
སྒྱིད་ལུག་ཆེ་བའི་རེ་བ་སྟོང་བསམ་ཙམ།།
མྱ་ངན་མགོ་ལ་ཁུར་བའི་ས་མཐའི་བུ།།
སྐྱོ་སྐྱོ་ཅི་ཙམ་གནང་ཀྱང་སུ་ཡི་ཤེས།།
དད་པ་ཆུང་བས་བློ་མིག་མུན་པས་བསྒྲིགས།།
ཤེས་རབ་མེད་པའི་བླང་དོར་འབྱེད་ཐབས་བྲལ།།
བློ་གྲོས་མེད་པའི་སྐྱོ་སྡུག་ཁུར་དུ་ལྕི།།
བྱང་ཁོག་སྟོད་ཀྱི་སྐྱོ་བ་སུ་ལ་བཤད།།
མི་ཁའི་རྦ་རླབས་འཁྱིལ་བའི་གཞན་ཡུལ་ན།།
དྲོད་འཇམ་བྱམས་བརྩེ་སྟེར་བའི་ཕ་མ་མེད།།
འཚོ་བའི་དམིགས་ཡུལ་བྱེ་མ་ཡི་འཆང་བུ།།
དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་བྱུང་།།
༥/༡༦ ____
སྒྱིད་ལུག་ཆེ་བའི་རེ་བ་སྟོང་བསམ་ཙམ།།
མྱ་ངན་མགོ་ལ་ཁུར་བའི་ས་མཐའི་བུ།།
སྐྱོ་སྐྱོ་ཅི་ཙམ་གནང་ཀྱང་སུ་ཡི་ཤེས།།
དད་པ་ཆུང་བས་བློ་མིག་མུན་པས་བསྒྲིགས།།
ཤེས་རབ་མེད་པའི་བླང་དོར་འབྱེད་ཐབས་བྲལ།།
བློ་གྲོས་མེད་པའི་སྐྱོ་སྡུག་ཁུར་དུ་ལྕི།།
བྱང་ཁོག་སྟོད་ཀྱི་སྐྱོ་བ་སུ་ལ་བཤད།།
མི་ཁའི་རྦ་རླབས་འཁྱིལ་བའི་གཞན་ཡུལ་ན།།
དྲོད་འཇམ་བྱམས་བརྩེ་སྟེར་བའི་ཕ་མ་མེད།།
འཚོ་བའི་དམིགས་ཡུལ་བྱེ་མ་ཡི་འཆང་བུ།།
དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་བྱུང་།།
༥/༡༦ ____
✋热门推荐