༄༅།།ནེའུ་གསིང་ཉམས་དགའ་ལྗོན་ཤིང་གར་གྱིས་ལྡེམ།།

སྣ་བརྒྱའི་མེ་ཏོག་དྲི་བསུང་ཕྱོགས་བཞིར་ཁྱབ།།

དཔྱིད་དཔལ་སྒེག་མོ་མཛེས་པའི་གར་མཁན་མ།།

བདག་ཡིད་འདྲེན་པའི་ཡིད་བཞིན་ལྕགས་ཀྱུ་ཡིན།།

༄༅།། རྒྱབ་རིའི་ཕྲག་གོང་ནས་ཡལ་བའི་ཉི་མ་འོད་པོ་ཆེ་དྲན་པའི་གདུང་དབྱངས

་ས་ཆེན་སྐྱོམ་པའི་ང་རོ།

༼༧རང་རེའི་ཞིང་གི་བདག་པོ་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་སེ་ར་མཁྱེན་པ་ངག་དབང་གསུང་རབ་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམས་་རྗེས་དྲན་སྙན་ངག་ཁག་དང་པོ།༽

མུ་འགོད།

_______མཚོ་བྱང་།

ཀ་རྫི།
ཟག་མེད་ཆོས་སྐུ་རྙེད་དབང་རྡོ་རྗེ་གཟུགས།།
ཐོགས་མེད་བློ་གྲོས་རྒྱས་མཛད་འཇམ་དཔལ་དབྱངས།།
ཟླ་མེད་སྨྲ་བའི་དབང་ཕྱུག་ཚངས་སྲས་མ།།
བླ་མེད་ལྷག་པའི་ལྷ་མཆོག་བཅས་ལ་འདུད།།

བདུད་བཞིའི་འཇིགས་བྲལ་རྣམ་འདྲེན་གཉིས་པ་དང་།།
སྐུ་བཞི་གོ་འཕང་རྫོགས་པའི་ལྷ་ཚོགས་ལ།།
དུས་བཞི་ཁོར་མོ་ཡུག་ཏུ་ཕྱག་བྱས་ཏེ།།
དབྱངས་བཞིའི་སྡེབ་ཁ་འགྲིག་པའི་རོལ་མོ་འབུལ།།

མ་དྲོས་མཚོ་ལྟར་ཟབ་པའི་ཡིད་གདུང་འདི།།
སྟོབས་ལྡན་གླང་ཆེན་བརྒྱ་ཡིས་ཐེག་དཀའ་ལ།།
མཐུ་ཅན་སངས་རྒྱས་སྟོང་གིས་འདྲེན་དཀའ་ཡང་།།
ཚེ་སྔོན་བུ་ལོན་མང་བོས་འཁུར་དགོས་ཐུག།

སྐལ་བའི་ཆུ་ཀླུང་འཁྲིགས་པ་གྱེན་དུ་འཕྱུར།།
འགྲོ་མིའི་ཚེ་ཡི་གཟིངས་ཆེན་ཡོམ་ཡོམ་སྒུལ།།
སྐྱེ་འཆིའི་རླུང་དམར་ལྡང་བའི་ས་སྲོད་ནས།།
ང་ཚོའི་མིག་མདངས་མུན་པའི་ཟབ་སར་ཐོགས།།

རྫོགས་ལྡན་དཔྱིད་ཀྱི་ལང་ཚོ་ཁ་བས་བཅོམ།།
བདེ་སྦྱིན་མེ་ཟླུམ་ལྷ་མོས་གནམ་མཐའ་བསྙེགས།།
མུན་པས་འཇིག་རྟེན་ཟ་བའི་མཚན་གཞུང་ལ།།
སྐར་མས་སྐྱོ་དབྱངས་འཐེན་ལ་གསན་མཁན་བོར།།

རྒྱང་སོ་སྟག་ཁྱིའི་མིག་གིས་མ་ཟིན་ཅིང་།།
བློན་པོའི་དུང་གི་རྣ་བར་མ་བརྒྱུད་པར།།
འཆི་བདུད་ལྕགས་མཆུ་ནག་པོའི་ཞགས་པ་ཡིས།།
རྗེས་འབངས་དམ་ཚུགས་ཨ་ལོང་ཧྲག་གེར་བཅད།།

མོས་སྟོབས་ཀྭ་བཞིའི་དཀྱིལ་འཁོར་དག་པའི་སར།།
ཚོགས་དྲུག་དད་པའི་མེ་ཏོག་གཅལ་དུ་བཀྲམ།།
སྒོ་གསུམ་གཡུ་སྦྲང་སུམ་རྩེན་འཁྱམས་པའི་མུར།།
བྱིན་རླབས་ཟེའུ་འབྲུ་ལེན་འདོད་སྐལ་བ་ཡལ།།

ཐགས་བཟང་ཚེམས་དཀར་མུ་ཏིག་བསྟར་ཕྲེང་མཛེས།།
མདངས་ལྡན་ཞལ་རས་དུང་གི་བུམ་བཟང་ཟླུམ།།
གསུང་ངག་ཚངས་པའི་དབྱངས་དང་དྲི་ཟའི་སྒྲ།།
དེང་ནས་གཏན་དུ་འགགས་ལ་ཅིའི་མི་སྐྱོ།།

ངུར་སྨྲིག་རྒྱལ་མཚན་བླ་བྲེ་གཡོ་བ་ཡི།།
ཚུལ་ཁྲིམས་སྤོས་ཀྱི་དྲི་ངད་ལྡང་བ་ཡི།།
འགྲོ་བའི་ལྷ་སྐལ་རིགས་ཀྱི་ཅོད་པན་ཏེ།།
ཡོངས་རྫོགས་བླ་མའི་རྣམ་ཐར་ཚང་བ་དྲན།།

རབ་འབྱམས་ཆོས་སྲིད་ལྷ་ལམ་ཡངས་པོ་རུ།།
ཐབས་ཤེས་གཤོག་ཟུང་འཕྲུལ་གྱི་གར་བསྒྱུར་ཏེ།།
རྒྱ་ཆེན་དོན་གཉིས་སྙིང་ལ་བཅངས་པ་ཡི།།
གཞན་དོན་ཁུར་འཁྱེར་ཆེན་པོ་དེང་འདིར་དྲན།།

གདོས་བཅས་སྒྱུ་མའི་ལུས་པོ་གཡར་མ་འདིར། །
​འབྱིན་རྔུབ་དབུགས་ཀྱི་རྒྱུ་བ་འགག་པའི་དུས། །
ནང་གི་རྣམ་ཤེས་འོད་ཀྱི་གོང་བུ་ཉིད།།
རྗེ་བཙུན་བླ་མའི་ཐུགས་དང་དབྱེར་མེད་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • 谢谢你,因为有你,温暖了四季感谢你,因为有你,世界多美丽因为你的出现,惊艳了我的世界你是一个高傲的耀眼的遥远巨星你也是一个善良的温暖的普通人你带给粉丝的是正能量
  • 而这般口感其实只是当地人李萍在制作四川小吃豆花的过程中顺手在煮沸的大锅里舀出来的,只在里面加了一点白砂糖。”梁先生没有描写他吃到这种豆腐时的感受,不过每读至此,
  • 致成熟的自己1、“努力和最好的人相遇”2、“总要允许有人错过你 才能赶上最好的相遇”3、“别人怎么看你和你毫无关系 你要怎么活也和别人毫无关系”4、“岁月很
  • 就当做男人的甜言蜜语吧,我也并不反感这些话。(他还强调了两遍,我并没有给他做过饭)2、他说了句一听就是故意哄人开心的话,我说你嘴巴怎么这么甜啊?
  • 我开始,今天焦虑明天宝宝没有奶喝,明天焦虑家里只剩最后一个蔬菜,再接下来一天又为了到处都买不到鸡蛋而担心,再接下来一天家里只剩半个苹果,再接下来家里米也快见底了
  • 大湾区的哥哥们看到陈小春和老婆通电话的样子,纷纷在一旁偷笑,张智霖更是一脸磕到了的姨母笑,表情耐人寻味,满满的都是羡慕。婶婶还说,太鼓钟要好好保护五位哥哥呀,尤
  • 4.我不是一开始就像这样沉默的。4.我不是一开始就像这样沉默的。
  • 透过k象,量能等表象透析背后的资金真实意图是关键,千万别发展成了说废话的股评,那毫无意义,并且会是一场灾难!我们可以看到1:A是放量拉高的过程2:B也是一个放量
  • 除了精心布置的仙侠氛围和每日定期的古风演出之外, “五一”假日期间,景区还在索道上站、玻璃栈道、龙首阁等景观处设置巡游演出与游客互动,并且举办“国学大课堂”知识
  • 适合大夏天~太冰啦,有桃子果肉,还有浓浓的桃子味(当然啦,图文无关~)今天是酷酷女孩,拍了几张随意的照片~今天我们四个又去陶大湘湖校区吃螺蛳粉喽~(旧图镇楼~鲷
  •   幸运的是,2014年底南水北调中线一期工程全线建成通水,大量“南水”源源不断供给北京市民,也滋润了饥渴的大地,极大地改变了地下水的超采局面。  尽管实现了连
  • wei公然嘲讽,宁王破防:这运营“无敌”了#英雄联盟[超话]# 作为LPL季后赛令人关注的决赛争夺赛,RNG和TES的比赛可谓是胜者组的重要比赛,所以很多观众早
  • 而且不管她之前有多爱你,既然她能在分手把你拉黑删除,那就说明在现阶段她是不想见到你的,甚至是厌恶你的,那你就不能按照自己的想法,去强迫她接受你。其实这是一种常见
  • 张卫,1993年3月出生于河南省商丘市,司职后卫,此前多年效力于上海海港足球俱乐部,并随队获得2018赛季中超联赛冠军。杨梓豪,2001年1月出生于江西南昌,司
  • 但是拔节的草即使被掐掉、割断,也可以从节眼重新抽芽。人亦如此,在烦恼迷茫的时候,不妨休息片刻,说不定反而会变强。
  • 新华社AI主播“新小微”在全国两会上现身,不仅缓解了真实记者的工作量,其本身讲述得连贯性、表达得精准性,还避免了一些出错情况,3.应用场景更趋多样化虚拟数字人的
  • 原创 王幸福 古道瘦马王幸福 紫花地丁本公众号在3月26日发表的文章“热毒痤疮”验案一则中分享了王幸福老师治疗一名患者因热毒壅盛导致的痤疮,老师用了当归补血汤合
  • 对于海藻来说,宋思明就是个盖世英雄,不仅为海藻解决了所有的麻烦,还带给她最好的生活条件,将她安置在大房子,买豪车,给她足够花销的钱,得知她怀孕,还专门请保姆照顾
  • 南安普顿来offer了[给力][给力][给力]恭喜南师学员[心]南安普顿大学人力资源管理硕士研究生offer一枚学生姓名:某同学本科学校:南师大本科专业:行政管
  • 近日,平台展示了所有创作者的IP地址,按道理,他应该展示在辽宁这个地方,毕竟这是他的家乡,拍视频的地方。言外之意他的视频仍然是自己制作的,只是最近正在浙江出差,