࿐གནས་མཆོག་གླང་ཆེན་འགྱིང་རི།
འཕགས་པ་ཀུན་ཏུ་བཟང་པོའི་གནས་རྒྱ་ནག་གླང་ཆེན་འགྱིང་རི་ནི། རྒྱ་ནག་ཡུལ་གྱི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་གླང་ཆེན་འགྱིང་རིའམ་རི་བོ་འོད་ཟེར་ཅན་ཡང་ཟེར། ཏོ་ལུགས་པ་རྣམས་ཀྱིས་རི་བོ་རྩེ་རྒྱལ་ཟེར།

རྒྱ་ནག་གི་ཝེ་རྒྱལ་རབས་དང་ཅིན་རྒྱལ་རབས་སོགས་ཀྱི་སྐབས་སུ་གནས་འདིར་དགོན་པ་མང་པོ་བཏབ་ཅིང་རྟེན་མང་པོ་བཞེངས། དེང་སྐབས་གནས་འདིར་དགོན་པ་ 30 ལྷག་ཡོད།

1996 ལོར་འཛམ་གླིང་གནའ་ཤུལ་གྲགས་ཅན་གྲས་སུ་བཞག

རྟེན་གྱི་གཙོ་བོ་དགོན་པའི་དཀྱིལ་གྱི་དབུས་ཁང་དུ་གླང་ཆེན་མཆེ་བ་དྲུག་ལྡན་ལ་ཆིབས་པའི་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་ལྗིད་ཚད་ལ་ཏུན 62 ཡོད་པ་ཞིག་བཞེངས་ཡོད། གནས་སྐོར་བ་ཞིག་གི་བཤད་པར་བདེན་ན་དགོན་པ་ཐམས་ཅད་ལས་སྔ་ཤོས་ནི་ཁྲི་ལོ་དགོན་(万年寺)པ་ཡིན་པར་བཤད། རི་བོ་འདིའི་རྩེ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་དགུ་བཅུ་གོ་དགུ་ཡོད།


རྗེས་ཕྱོགས་མཇལ་སྐོར་ལ་འགྲོ་འདོད་ན་ངེས་པར་དུ་གནམ་གཤིས་ཡག་དུས་ལ་མ་སོང་ན་ཡིད་ཚིམས་པ་ཞིག་མཇལ་ཐུབ་གི་མི་འདུག །

དེ་ནི་དཔྱིད་ཀ་ཧ་ཅང་chillཀྱི་སེམས་ཁམས་ཤིག་རེད།
࿐ཉེ་ཆར་ཧ་ཅང་དགའ་པོ་བྱེད་པའི་སྐད་ཆ་དུམ་བུ་ཞིག དཔྱིད་ཀ་ཧྲིལ་པོའམ་དབྱར་ཁའི་བར་དུ།་ཚང་མ་ནི་གསོན་ཤུགས་ལྡན་པའི་དུས་ཚིགས་ཡིན། རླུང་བུ་ལྡང་ཞིང་ཆར་བ་འབབ་པ་དང་།་ཉི་འོད་རབ་ཏུ་འཕྲོ་བ། སྐབས་དེར་ཞིང་ནང་དུ་དགའ་སྤྲོའི་ཁེངས་པ་དང་།་གནམ་སའི་བར་དུ་དཔའ་ཉམས་ཀྱིས་ཁེངས་ཤིང་རླུང་ནང་གི་རྨི་ལམ་དུའང་དཔའ་ངར་ཞུམ་མེད་ཀྱི་འདོད་པས་ཁེངས་ངེས། དཔྱིད་ཀའི་མཛེས་སྡུག་ཀྱང་འདི་ན་ཡོད། དྭངས་གཙང་དང་དཔའ་ངར་ལ་རག་ལས་པ་དང། དཔྱིད་ཀར་དངོས་གནས་སྟོབས་ཤུགས་ཤིག་ཡོད་དེ། མི་རྣམས་ལ"རང་ཉིད་སྔར་ལས་ལེགས་པར་འགྱུར་འདོད་པའི"མཐུ་སྟོབས་ཤིག་དང། མི་རྣམས་ལ"སྔར་ལས་གཙང་ཞིང་འདོད་པ་ཡོད་པའི"མཐུ་སྟོབས་ཤིག་ཏུ་འགྱུར་འདོད་པ་རེད། དེས་ན་ ཚང་མས་ནམ་ཡང་མྱུ་གུ་འབུས་པའི་སེམས་ཁམས་དེ་ཤོར་དུ་མ་འཇུག།

࿐ སང་ཉིན་མལ་གསོ་བའི་དུས་ཤིག་འོང་ན། དོ་རྒོངས་ཅི་ཞིག་བྱ་བསམ་པ་ཡེ་མི་ཤེས། ཐ་ན། དཔེ་ཆ་ཞིག་བལྟས་ཀྱང་གང་ལ་ལྟ་བའང་ཐག་མི་ཆོད། དཔེ་ཆ་གཅིག་ཏུ་གློ་བ་གཏད་པ་རིང་དྲགས་ན། དུས་ཚོད་དེ་ལས་ཡོལ་ཚེ། གཟེབ་ནས་ཤོར་བའི་བྱ་རྒོད་བཞིན། ཧ་ཅང་རང་དབང་ཞིག་བསམས་ཀྱང་། རང་དབང་དེ་ཇི་ལྟར་སྤྱོད་མིན་ནི་ཧ་ཅང་དཀའ། དེས་ན། ལག་ཏུ་ཅི་ཐོགས་ཀྱིས་ག་ལེར་བལྟས་འོང་བ་ན། ཀརྨ་ཆོས་གྲགས་རྒྱ་མཚོའི་ཚད་མ་ལ་མཇལ་ན་བསམས།

དེ་ལྟར་རགས་རིམ་གྱི་ཚུལ་གྱིས་བལྟས་ཙ་ན། སྔོན་གྱི་ལོག་རྟོག་རྩ་བ་ནས་གཞོམ་ཞིང་། ཁྱེད་ལ་དད་པའི་གཟུངས་ཆེན་པོ་ཞིག་ཀྱང་ཕུལ་ཐུབ་པ་བྱུང་། སྔོན་གྱི་ཁྱེད་ཀྱིས་ནི། ཚིག་དོན་གོ་དཀའ་ཞིང་། བདེ་བླག་ཏུ་རྟོགས་དཀའ་བ་ལྟ་བུ་མཛད་འདུག་པས། འདིས་ནི་ཅི་ཡང་མི་དགོངས་པས། ཚིག་དོན་དཀའ་བ་དེའི་གསེང་ན། རང་གིས་མ་ཤེས་པ་དག་སྦས་འདུག་སྙམ་པ་བྱུང་།

འོན་ཏེ། དོ་རྒོངས་རགས་རིམ་གྱི་ཚུལ་གྱིས་ག་ལེར་བལྟས་འོང་ན། ཚིག་གི་སྦྱོར་བ། བརྡ་རྙིང་གི་གཏེར་མཛོད། ནང་དོན་ཟབ་པ། ངོ་མ་ཡིད་ཀྱི་གཏིང་ནས་སྤུ་ལོང་ཡོམ་ཡོམ་གཡོས་ནས་ནམ་སྨད་ལ་ཐུག་གི་བར། ཆོས་གྲགས་ཀྱེ། ཁྱེད་ལ་ཞུས་པའི་སྔར་གྱི་ལོག་བཤད་དེ་དག་གི་རྩ་བ་རང་སར་ཞི་ཞིང་། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དེ་དག་ཅིག་ཅར་དུ་གནང་བར་མཛོད།

བདག་དང་བདག་འདྲའི་ཚོགས་ཀྱང་མཆིས་སྲིད་ན། དྲི་མ་མེད་པའི་སྤྱན་རས་ཀྱིས་བསྐྱར་གཟིགས་ཤིག་གནོངས་དང་། ཁྱེད་ལའང་དེ་དང་དེ་ལྟ་བུའི་གཟུངས་ཆེན་པོ་ཞིག་ཀྱང་ཐོབ་ཀྱང་སྲིད། དེས་ན། རྩོམ་ཐོ་རེ་འདི་གཉིས་ཀྱང་ཆེད་དུ་རྨོངས་པ་ཕྲ་མོ་ཙམ་སེལ་བའི་དོན་དུ་ཡི་གེར་བཀོད་པའོ། ། འདིས་ཀྱང་སྔོན་གྱི་ལོག་བྱས་དེ་དག་བཤགས་པའི་གྲོགས་སུ་བསྔོའོ། ། [心]


发布     👍 0 举报 写留言 🖊   
✋热门推荐
  • 他认为,今天全球视野的开放和深度文化交流必将成就敦煌,塑造企业。第二,世界上要有一个救世主,就...“一会一节”直击敦煌:闭幕式精彩抢先知古 遗 莫 高 石 窟
  • 邓超:是的,是的,让我更有精力拼自己的事业。一次采访中邓超说:我的妻子是个大人物,我觉得她很了不起,比如说我爱吃辣,他是上海人吃不了辣,我一回来就得开始给我做辣
  • !只是,自己的幸福,常在他人眼里,却不在自己心中 7月13日讯 据《每日邮报》报道,现年79岁的查尔斯·曼森因在1969年先后杀害多人,被美国媒体称为美国史上“
  • 真是要了 剧本之年的制作你们康康这数据不觉得自己特别过分吗?良心不会痛吗?
  • !#荆州方特东方神画4月18日重启开园##荆州方特# 超主观超个人荆州方特游玩攻略[微风]我只想说腿短就租个车[二哈]我觉得方特真的真的有点大,一整天腿都快断了
  • #我愿意和导盲犬同行# #萌宠百科#最近有点小忙,其实也不是最近,2月开始忙到现在,学生上课认真的样子,让我看到曾经的自己,所以特别想给他们更多,自己科研因
  • 还有信息泄露怕别人监视我之类哈哈哈我顾虑太多了之前很担心别人关注我微博现在觉得在几亿微博用户中能访问我也是一种缘分吧哈哈真的之前给了自己太多枷锁反而不太敢表达自
  • 【人生的七个不要】1、不要等到需要了,才积累人脉。6、不要等到同龄人都成功了,才知道玩物丧志。
  • !我们一定不能拖他们的后腿,要努力打投反黑,最最最重要的还是,圈地自萌!
  • 《你是最好的自己》声读链接:对于挽回爱情过程当中最重要的一件事,情感博主 就是学会正确的提升自己的价值,你只有提升自己,这样你才有挽回的资本,你曾经吸引过他,他
  • 6. Welche Zeit haben wir? 现在几点了?5. Welche Zeit ist es? 现在几点了?
  • 我决定找时间看一下《啊,荒野》。但苏打那个角色还是太轻太薄,不得劲儿。
  • p7日山少爷李达渊搞他就有鱼糕wifi免费用草莓炼乳天天吃!来看看我们小九只!
  • #费安军鼻整形# 微博过来的外地顾客,之前做过两次鼻整形,第一次中隔加耳软骨,术后不满意,第二次去韩国做了异体肋鼻综合,加了硅胶。术中主要在他原来鼻子的基础上稍
  • 那可未必,某些鱼竿专门针对黑坑钓场百斤的青鱼或鲟鱼而设计,强悍是肯定的,但如果你是野钓,一天玩下来保证手都玩废,更别提手感了#毛二[超话]# 不知不觉已经在自己
  • 人的一生,好与不好都是一种经历。 人的一生,好与不好都是一种经历。
  • 昨天看到有说书亦的桂花酸奶橙橙好喝,就跟李佳辉提了一嘴说想喝,下次一起去买。 然后今天中午吃完饭准备午个休,刚躺床上盖着被子就接到李佳辉电话,他说您点的奶茶到了
  • 每天都要看一遍考拉先生以前的照片,18年的时候考拉先生真的超级超级瘦啊[泪]前天兴致勃勃的发给我自拍,脸明显胖了好几圈啊[摊手][摊手][摊手]但是我不可以嫌弃
  • ⛰拉萨回传热乎乎的旅游照这世间所有的美好,总结起来也不过“如愿以偿”四个字,趁年轻,去想去的地方,见想见的人,路不在脚下,而在心上她第一次登上拉萨神圣的土地,有
  • 养了4个儿子,却死在出租屋,是我朋友刘小念的老家邻居,周老太的故事。 周老太养了4个儿子。中风以后,生活不能自理。 在北京上海的儿子,她跟不去;留在家乡的儿