ཕ་མེས་ཡང་མེས་ཀྱི་འབྲོག་རྒན
དཀར་གཙང་འོ་ཞོ་དང་རྩེ་མེ་ཏོག་གི་དྲི་བསུང་དབྱེ་བ་མི་ཆོད་པའི་གནས་ཤིག་ནས་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་གྱི་ངོགས་མེ་ལོང་དུ་བརྟེན་པའི་མྱོས་བུམ་མཐོ་བའི་འབྲོག་མོས་འཐེན་པའི་མ་ཎིའི་དབྱངས་རྟ་སྙན་མོ་སློག་ཧྲུལ་གྱི་སེབ་ནས་མིག་ཟུམ་སྟེ་ཉན་པའི་འབྲོག་རྒན་དག་གི །
སྤྱི་ཚོགས་དང་དུས་རབས་ཀྱི་འགྲོ་འདུག་མི་ཤེས་ཀྱང་དཀོན་མཆོག་སེམས་སུ་ཉར། །དམ་ཆོས་ཨམ་ཕྲག་ཏུ་བཅུག ། དགེ་འདུན་སྤྱི་གཙུག་ཏུ་སྐུར་ནས་འབྲོག་གི་རུ་སྡེ་ཕན་ཚུན་སྡུག་མཉམ་ཁུར།
སྐྱིད་མཉམ་སྐྱིད་བྱས་ནས་མི་རབས་ནས་མི་རབས་ལ་གཏན་ལྷིང་མཐུན་སྒྲིལ་གྱི་ངང་ནས་མི་ཚེ་སྐྱེལ་གྱིན་ཡོད། །
འབྲོག་གི་གཞོན་སྐྱེས
དེང་རབས་པ་འགའ་ཞིག་གི་སྐྱེ་བ་ཕྱི་མར་འཁོ་བའི་ལྷ་ཆོས་ལ་མ་ཕྱོགས། ། དགོས་དེང་སྐབས་འཁོ་བའི་ཤེས་རིག་ལ་ཟེར་ཅི་དགོས་ཏེ་ཕ་མེས་ཡང་མེས་ཀྱི་འཚོ་རྟེན་བོར་ནས།
མ་འོངས་པའི་མདུན་ལམ་དང་འཚོ་བའི་བདེ་སྐྱིད་ཟེར་ནས་མི་ལོ་མང་པོའི་རིང་སློབ་གླིང་མི་ཉུང་བ་འགྲིམ་འགྲིམ། མཐར་ཤེས་རིག་ཡོན་ཏན་ལ་ཡར་རྒྱས་ལྟ་ཅི་ད་དུང་རང་མི་རིགས་ཀྱི་ཕ་སྐད་དང་སྲོལ་རྒྱུན་འབྲོག་ལས་བོར། སྐད་ར་མ་ལུག། གོས་དཀར་མིན་ནག་གྱོན་ནས་སྔོ་ལོ་ལང་ནས་ཕྱར་གྱིན་དུ་ཁ་ནས་དེང་རབས་སྤྱི་ཚོགས་ཀྱི་ཁ་ཕྱོགས་གླེང་གིན་དུ་སེམས་ཕ་མའི་ཨམ་ཕྲག་ནང་ན་ཡོད་པའི་འཚོ་རྟེན་ཆུང་ཆུང་དེར་ཆགས། །[捂脸]

_____ཧུང་སུད་ནས

第一届高原陶瓷文化论坛会在成都召开[强]དེ་རིང་སྟེ་ས་ག་ཟླ་བའི་ཡར་ཚེས་གཅིག་གི་རྟེན་འབྲེལ་ཉིན་དང་པོ་ལ། ཁམས་བསོད་ནམས་ཚང་གིས་གཙོ་སྒྲུབ་གནག་བའི་གངས་ཅན་དཀར་ཡོལ་རིག་གནས་སྐོར་གྱི་བགྲོ་གླེང་སྐབས་དང་པོ་དེ་སྤོས་ལྡན་གྲོང་ཁྱེར་ཡི་གེ་ཚང་དུ་སྤེལ། དགའ་ཞིང་བཀུར་བར་འོས་པའི་དགེ་རྒན་དཀོན་མཆོག་བསྟན་འཛིན་དང་སྟག་ཨོ་རྒྱན་ཆོས་འཕེལ། བསོད་ནམས་དབང་ལྡན། ཉི་མ་དབང་འདུས་སོགས་ཆེད་མཁས་པ་དང་མི་སྣ་གལ་ཆེན་མང་པོ་ཕེབས་ནས་གསུངས་བཤད་གནང་། གུས་པ་རང་ཡང་དགའ་ཕྱོགས་ལྟར་བགྲོ་གླེང་ལ་མདོ་འཛིན་པའི་ཟོལ་ཙམ་འཛིན་པའི་གོ་སྐབས་བྱུང་བ་ནི་བསོད་ནམས་དང་སྐལ་བ་བཟང་པོར་བརྩིས་ཡོད། ཡོད་ཚད་བདེ་ལེགས་ཤོག ༢༠༢༤/༥/༩བོད་ལྕེ།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

འདི་སྐད་བདག་གིས་ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ལྔ་སྟོང་ཐམ་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །
དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་རིན་པོ་ཆེའི་གདུགས་དཔག་ཚད་བཅུས་འཁོར་བ་ཙམ་ཐོགས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་གི་དྲང་ཐད་ན་འཛིན་ ཅིང་འདུག་གོ། །
དེ་ནས་ཡོངས་སུ་དགའ་ལྡན་རིས་ཀྱི་ལྷའི་བུ་མཚམས་བཟངས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འཁོར་དང་བཅས་ཏེ།
འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་སྟན་ལས་ལངས་ཏེ། འཇམ་དཔལ་གཞོན་ནུར་ གྱུར་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བཅོམ་ལྡན་འདས་ལ་མཆོད་པ་མཛད་པས་ད་དུང་ཐུགས་མ་ཚིམ་ལགས་སམ།
འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོ་ཆུ་ཟེད་པས་ཆོག་པར་འཛིན་པར་འགྱུར་སྙམ་མམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ། །
འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོ་ལྟ་བུ་ཟབ་ཅིང་གཏིང་དཔག་དཀའ་ལ། དཔག་ཏུ་ མེད་པ་ཡོངས་སུ་ཚོལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་འདོད་པས་གཞར་ཡང་ཆོག་པར་འཛིན་པར་མི་བྱའོ། །
ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལ་དམིགས་ནས། དེ་བཞིན་གཤེགས་པ་ལ་མཆོད་ པར་བགྱི།
འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དམིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །
བཞི་གང་ཞེ་ན།
འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམིགས་པ་སྟེ། ལྷའི་བུ་དམིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །
འཇམ་དཔལ་གྱིས་དེ་སྐད་ཅེས་སྨྲས་ནས། ལྷའི་བུ་མཚམས་བཟངས་དང་། དགེ་སློང་དེ་དག་དང་། དགེ་སློང་མ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། འཇམ་དཔལ་ གཞོན་ནུར་གྱུར་པས་སྨྲས་པ་ལ་མངོན་པར་བསྟོད་དོ། །
འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་ གཏན་ལ་ཕབ་པ། །


发布     👍 0 举报 写留言 🖊   
✋热门推荐
  • 希望我们以后一直都是很好的人还说自己愿意胖十斤换杨紫脱单,因为她值得被疼爱,值得有一个很好的爱情,并喊话杨紫身边的男生都没有眼光吗?
  • #剑魔独孤传# 第三章 路逢剑客须呈剑•01志在必得 文剑斩道:“老爷子,你与我争的是哪一柄剑?我只取一柄,其他让你便是!” 剑贪道:“老爷子我不争其他,
  • 带鱼,是中国百姓餐桌上最平民的海鲜;不仅价格实惠,而且各种烹饪方式,带鱼都能让人垂涎三尺 带鱼美味,但也必须是买到新鲜的带鱼才能品尝到其中的鲜味;而买带鱼的时候
  • ”8.兜兜转转的重逢才是浪漫的开始.9.是同学 是朋友 是好朋友 是男朋友.10.要陪在喜欢的人身边,一年又一年11.第一次秀恩爱,这样可以吗12.大大方方的自
  • 双子座&双鱼座:为爱迷失了眼 双子座和双鱼座其实都是被爱情迷失了双眼的星座,一个本身比较花心,一个一直追求爱情,双子座能给双鱼座想要浪漫,但是却不能
  • 纯手工炭焙而成,希望茶客能喝的到这种以前的朴素,地道的味道。这样的味道,以前是日常,如今是要寻觅&也不一定得#肖战[超话]#【肖战】保持最纯的“童心”坚
  • 今天收到雪雪的信啦 刚拿到手里就感受到了里面很厚实的一沓 打开还有一张莫奈油画作品的明信片可以说真的很用心了 在忙碌的生活里收到朋友的信可真开心 这个年代能收到
  • 7.6.密切关注大盘指数,如果大盘提供了充分的做多条件,一大批个股出现“一阳穿三线”扎堆现象,那就意味着这批个股是此次行情的主力军,应从中选择形态最完美和走势
  • [打call][打call]为了庆祝千玺宝贝即将迎来的21岁生日也为了庆祝《长津湖》成为中国影史票房冠军—————我准备了几个福袋—————1⃣️抽五个小鸟,每
  • 只有当你的吸引力上升,一个人才会越来越有自信,才不会去担心挽回的进度和效果,才能以最佳的状态去挽回对方。只有当你的吸引力上升,一个人才会越来越有自信,才不会去担
  • 因为这个年龄这个时间段,没有家庭的负担能做的最好的就是管理好自己的生活,管理好自己的工作。以为自己也可以过正常的生活。
  • 【3日起,#哈尔滨交通违法处理服务大厅办业务要电话预约#】 2日,龙头新闻·生活报记者从黑龙江省公安厅高速公路交通管理局获悉,根据当前疫情防控严峻形势,为防止出
  • 外婆真的没有哭很久,那个夏天以后又过了一个夏天,离第三个夏天还很远很远的时候中#大理婚纱照##云南大理丽江旅拍#996的生活又要开启了估计室友想要打我了(但是没
  •  而且许工这个人比较较真,对于自己的产品有一种完美情节的要求。这种修改不是简简单单的调试,而是要把以前写的程序中的代码给做更改,这样的工程做程序员的小伙伴应该身
  • ”形容女孩子品德高尚依馨出自于《商颂·那》中“既和且平,依我磬声”依,用作人名里比喻表示可靠、值得信赖,“馨”字给人一种温馨和唯美的感觉,指散布很远的香气,常用
  • “去哪儿?!
  • 宫、商、角、徵、羽”是华夏五声音调中五个不同音的名称,类似现在简谱中的1、2、3、5、6。丝绸也是中国优秀技艺的代表作,同样有着千年的历史和传承。
  • 就排名和进入世界大奖赛而言,1/4决赛对我来说是一场重要的比赛。利索夫斯基:“赵心童是我最喜欢看的球员,他每一杆都在进攻,不打任何安全球。
  • 美艳精致的五官,美的不可方物,嫩的芳香四溢,凭借惊人的美貌和无与伦比的气质,在任何一个盘点仙女的帖子里,没有李嘉欣那都是不科学的!美艳精致的五官,美的不可方物,
  • 你对我做过什么,我都心知肚明,你以为我不知道,其实我很明白,只是因为我经历过的痛苦不想施加给你和任何人,很多时候是不屑,即使经历过再多的痛苦,我依旧选择以诚相待