སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ནས་འགྲོ་བའི་ཤེས་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་དོན་ཧྲིལ་ཏེ་བསྒྲིལ་ན་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་དུ་འདུ་ཞིང་། དེ་དག་ཀྱང་ཐེག་པ་ཆེ་ཆུང་གཉིས་སུ་གནས་པས། ཐེག་པ་ཆེན་པོ་ལ་ཡང་མདོ་དང་སྔགས་ཀྱི་ཐེག་པ་མཆོག་གཉིས་སུ་གྲངས་ངེས་པས། དེ་གཉིས་གང་གི་སྒོ་ནས་སངས་རྒྱས་ཀྱི་སར་བགྲོད་ཀྱང་ལམ་གྱི་གཞུང་ཤིང་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་གཞན་དུ་མ་མཆིས་པ་ནི། ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པའི་མཚན་གསན་པ་ཙམ་གྱིས་ཕྱག་ཐལ་མོ་སྦྱར། སྤྱན་ཆབ་འདོན། ངའི་སེམས་བཟང་པོ་ཁྲིག་གཅིག་ཡོད་པ་འདི་ཁོང་གི་བཀའ་དྲིན་ཡིན་གསུངས་པ་དང་། ཉིན་གཅིག་ལ་སྐུའི་གམ་དུ་ལན་བརྒྱ་བཅར་ཀྱང་དེའི་བར་དུ་སེམས་བཟང་པོར་བྱུང་ངམ་ཤ་སྟག་གསུང་བ་ལས་མེད་པ་འདི་རང་ཅག་བློ་ལྡན་རྣམས་ཀྱི་གོ་རྒྱུའི་གནད་ཆེ་ཞིང་། ཉམས་ལེན་གྱི་གནད་མཐའ་དག་ཀྱང་འདིར་བསྡུས་པ་ཡིན་པས་འདི་དོན་ལ་ཉིན་དང་མཚན་དུ་ཡང་ནས་ཡང་དུ་སེམས་དགོས།ཞེས་གསུངས་སོ།།

ཨ་རི་ཡིས་ཀྲུང་གོའི་རིག་གནས་རྟེན་རྫས་རྩ་ཆེན38ཕྱིར་སྤྲད་པ།

ས་གནས་དེ་གའི་དུས་ཚོད་ཟླ4ཚེས17ཉིན། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཨ་རི་ནས་བོར་བརླག་ཏུ་སོང་བའི་རིག་གནས་རྟེན་རྫས38བདེ་བླག་ངང་བདའ་འདེད་ཚུར་ལེན་ཐུབ་པ་དང་། ཕྱིར་སྤྲོད་མཛད་སྒོ་དེ་ནེའུ་ཡོག་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་དུ་འཚོགས་པ་དང་། ཨ་རིའི་ནེའུ་ཡོག་མན་ཧ་ཏུན་ས་ཁུལ་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་གཞུང་བཞེས་བཏང་བའི་ཀྲུང་གོའི་རིག་གནས་རྟེན་རྫས38ཀྲུང་གོ་སྲིད་གཞུང་ལ་རྩིས་སྤྲོད་བྱས།
ཐོག་མའི་ཆོད་སྡོམ་ལྟར་ན། ཆེད་མཁས་པས་རྟེན་རྫས་དེ་དག་མང་ཆེ་བ་ནི་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྟེན་རྫས་ཡིན་ཞིང་། མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་འདྲ། ནང་བསྟན་གྱི་མཛེས་རྒྱན་སོགས་ཀྱི་རིགས་དང་འབྲེལ་བ་ཡོད་པ་དང་། ཟངས་དང་། འདམ། བ་སོ། ཤིང་སོགས་ཚུད་པའི་རྒྱུ་ཆ་ལས་གྲུབ་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་ཉར་ཚགས་ཆ་ཚང་བས་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་བརྡར་གཅོད་བྱས་ཡོད། །

༼ངག་རིག་གསེར་གྱི་ལྷ་དར།༽


དབྱིངས། རྨ་ལྷོ།

སེམས་ཀྱི་གཏིང་དུ་ལྷུང་བའི། །
ཡིད་འོང་ངག་གི་རིག་བྱེད། །
མགྲིན་པའི་ཁྱིམ་དུ་འཕོས་པ། །
ཚིག་གི་མཆོད་པ་ལོས་ཡིན། །

ཀུན་རྟོག་ཡིད་ཀྱི་གུར་ཁྱིམ། །
མ་བཅོས་གཤིས་སུ་སྨིན་ཡོད། །
ངག་རིག་བདྨའི་མཚོ་མོ། །
མ་བསྐྱིལ་མགྲིན་པར་འཁྱིལ་ཡོད། །

འཁོར་འདས་ལས་ཀྱི་རླུང་བུ། །
གར་ཡོད་གང་དུ་མ་ངེས། །
ཚངས་དབང་ཡིད་ཀྱི་མཆོད་པ། །
མགྲིན་པའི་ག་བུར་ཤམ་ཡོད། །

མཛེས་པར་འཕྱོར་བའི་མདངས་ཀྱི། །
སྡེབ་ལེགས་ཚིག་གི་མེ་ཏོག །
ལྷ་མོའི་ཐུགས་སུ་བསྐྱིལ་ན། །
རྩོམ་པ་ཆགས་ཐོགས་མེད་ངེས། །

དབྱངས་བདུན་ངེས་པར་རྫོགས་པའི། །
བྱིན་དཀར་འོད་ཀྱི་རྗེ་བོ། །
ཐུགས་རྗེ་གདུགས་དཀར་འཛུམ་ནས། །
གྲོགས་སུ་བྱོན་པར་མཛོད་ཅིག །

ལས་རླུང་དམར་པོ་འཚུབ་པས། །
སྲིད་པའི་འདམ་གྱིས་ཟིན་ཡང་། །
ངག་རིག་འདབ་མ་རྒྱས་ན། །
སྨོན་པའི་སེམས་པ་འཕྱུར་ཡོད། །

ལྷོ་བཞུད་ཁྲུང་ཁྲུང་དཀར་མོ། །
རེ་བའི་འབོད་པ་ཞུས་ཡོད། །
སེམས་ཀྱི་རང་བྱུང་རྒྱལ་མོ། །
ཡིད་ཀྱི་གཏིང་དུ་སིམ་ཡོད། །

གུས་སེམས་རབ་ཏུ་མཐོ་བའི། །
རྒྱན་གྱིས་འཕྱོར་བའི་ཚིག་འཕྲེང་། །
མགྲིན་པས་མཐོ་རུ་བཏེགས་ན། །
བྱིན་རླབས་དམ་པ་ཞུ་ངེས། །

ལུས་ཀྱི་ཤ་རུས་མ་འཐོར། །
སེམས་ཀྱི་འདུན་པ་མ་ཉམས། །
ཕུགས་ཀྱི་གཏད་སོ་ལགས་ན། །
སྲོག་གི་འདུན་པས་ཉར་ཆོག །

སྟོན་ལྗོངས་ཟླ་བའི་འཁྲི་ཤིང་། །
ལྷ་ལམ་མཐོངས་ན་མཛེས་པ། །
ངོ་མཚར་དབྱངས་ཀྱི་རྒྱལ་མོ། །
སེམས་ཀྱི་སྲུབས་ཀར་ཡགས་པ། །

ཡིད་ཀྱི་ངག་རིག་ལྗོན་པ། །
ཀུན་རྟོག་ཀློང་ནས་བཞད་ཡོད། །
མཚར་སྡུག་ཉམས་བརྒྱ་བཀྲ་བའི། །
སྨོན་པས་དར་གྱིས་དཀྲིས་ཡོད། །

ནུབ་མཐའི་སྤྲིན་པ་ཁེར་འགྲོ། །
དལ་བུར་རྒྱང་ལ་བཞུད་པ །
སྤྲིན་དང་སྙན་ངག་པ་ཡི། །
ལས་འཕྲོ་མདུད་པ་ཡིན་འོས། །

བརྩེ་བའི་འོད་ཚོགས་ཞུན་མ། །
ཡིད་ཁམས་ཀློང་དུ་འཕོས་ན། །
སྐྱོ་ཞིང་དུབ་པ་སངས་བའི། །
ཚིག་གི་ཤལ་བ་དཔྱང་ཆོག །

ཀུན་སྣང་ལས་ཀྱི་རླུང་བུ། །
རིག་པའི་གཤིས་སུ་འཕྲོས་པ། །
རྩོམ་པའི་རྩལ་ཆེན་སྨིན་པའི། །
ལ་ཤན་འབྱེད་པ་ཡིན་འགྲོ། །

བརྩེ་འཛུམ་ཉམས་བརྒྱ་སྤྲོས་པ། །
ཚིག་གི་ག་བུར་བརྒྱུས་ན། །
བརྗོད་དོན་ཀུན་ནས་རྫོགས་པའི། །
ཉམས་ཀྱི་སྣང་བ་ཡིན་ངེས། །

དབྱངས་དང་གར་མའི་འགྲོས་ཀྱི། །
བརྩེ་ལྡན་ངག་དབང་བུ་མོའི། །
བྱིན་ཆེན་ལྷ་སྲས་ལྟ་བུའི། །
གྲོགས་ཁྱེད་ཡིད་ཀྱི་དྭངས་མ། །

སྙན་ཚིག་རིན་ཆེན་ག་ཤལ། །
ཐོང་གའི་ཐད་དུ་མཛེས་པས། །
ངག་གི་རླབས་རིས་རྫོགས་ཤིང་། །
ཡིད་ཀྱི་སྨོན་པ་རྒྱལ་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • #隆鼻[超话]##隆鼻手术##医美日常分享##医美整形与健康[超话]##亿点曝光计划##佳能[超话]# 手里有个m100的小微单,想买个平价合适的镜头,主要是想
  • #投资理财# 没有什么买不到的,只是看你出价是否合理到位;同样的东西,我不愿意花高价钱买入,那我就只能耐心等待,等待到了我的心里价位。我手上的房源位于江北嘴,观
  •  “竹雨松风琴韵,茶烟清月书声”——在中国人的语境里,竹已非竹,茶已非茶,安吉的竹和安吉的茶,一个是青节向云天,一个是草木在人间。香椿、马兰头、荠菜……各种芽都
  • [心]要成为绿茵场上嗓门最大的小记者 小温同学很努力了[good]1.连续两年 举牌小孩的衣服是我搭配的 小小成就感吧2.在高一参加接力后 高三再参加 算是完美
  • [小红花] 1 3 4 腾讯视频会员年卡 4 8 季卡[小红花][小红花]9 8爱奇艺会员年卡[小红花][小红花]56 优酷视频会员年卡[小红花][小红花]1
  • 亿纬锂能作为国内最早掌握三元大圆柱电池技术的厂商,其三元高比能大圆柱电池产品也分别获得了宝马和大运的定点合作,预计明年开始产能释放,公告产能达20GWh。受益于
  • 亏良心,是最不利己的行为,「都摄六根,净念相继」的意思是说,如果我们平常能够照顾好我们的六根,能够念念都能生起清净的心。心,三藏十二部 八万四千法门 归根结底围
  • 他们说,时代场景在变,职责使命不变,用新闻见证这座城市的成长,记录下城市发展的脚步,要踔厉奋发,继续以忠诚为笔,以担当为墨,记录时代变迁,激扬奋进力量。【博物馆
  • 上月31日,他分享了子明叔两张近照及表示︰“老细叉满电,不过近来身体明显退步咗;怕佢吞药会呛亲所以大粒嘅药丸要磨碎。他说︰“《浓痰化不开》痰愈浓,愈会化不开,说
  • #霜降# 秋风高畅,万物毕成,天阔云闲,古木参天,山寺钟鸣昼已昏,承日月之精魂,林下茶席接天黄,茶汤映秋光,值此霜降之际,禹迹蒙山,迎四海之嘉宾,扫叶烹茶,奉草
  • 朱莉安娜·佩娜/ Julianna Pena不仅认为自己应该和母狮打三番,还怼所有反对她打三番的人——比如DC。我想马上重赛,以证明这不是侥幸,我没有安排比赛,
  • 非常高兴看到裸心能与成都温江一起,共同打造集亲近自然、清新乐活,倡导健康可持续为一体的家庭友好型高端度假村,将“快活裸心、返璞归真”的裸心度假体验带入西南地区,
  • #ASAHI魅力艺术家# #机械美男ASAHI# 无限可期ASAHI漂亮帅气ASAHI ASAHI 20010820 磁性蜜嗓ASAHI 无暇美男ASA
  • #3CE#韩妆的“初代”网红,3CE的柜台可以说全线彩妆产品应有尽有!#Kangol#潮流圈可以说人手一顶KANGOL的帽子#Stylenanda#韩国爱豆爱不
  • 他或许不是最优秀的AD,但他是最优秀的选手,他热爱这个游戏,他热爱他的梦想,他愿意为了梦想去不停努力,十年来他的泪水,他的伤病或许摧残了他的身体,但是他的意志力
  • 签判刘经臣居士悟道因缘 签判(官职名)刘经臣居士,智海本逸禅师之在家得法弟子,字兴朝。少年时以才高俊逸,登上仕途。但是,当时他对佛法并不相信。三十二岁时,刘经
  • 其实,把龙山道里图和马王堆道里图对比,虽然相隔两三千年,但依然有很多相似的地方,都体现了湖南县域尺度下山、水、城、镇的关系,值得认真研究(顺便吐槽一下,史学界有
  • 不过作者的文风很温馨,描写的城镇很幸福祥和,居民都很有趣,巨大的骨龙成为了小朋友的爬爬架,亡灵法师和黑魔法师一起做实验,连光明圣女也会兴起加入。很多配角都挺有意
  • 无惧流言蜚语,或许他现在还做不到,看似云淡风轻,也许都是佯装的坚强,但我还是由衷的希望肖战能彻底忽略那些不满、质疑甚至敌意的声音,去拥抱喜欢他、期待他、看好他的
  • 你所得到的东西,永远让你有竹蓝打水一场空的欢喜。走在这个茫茫的世界,你若心怀阳光,处处都是风景;你若欢喜,则随处皆是快乐。