གོ་ལའི་ཐོག་ཏུ་མིའི་རིགས་ཁག་རྣམས་སུ་ལོ་ཚིགས་ཀྱི་རྩིས་སྲོལ་བྱུང་ནས་བཟུང་། ཡུལ་ལུང་སོ་སོར་རྩི་སྲོལ་སྣ་ཚོགས་ཤིག་རིམ་པས་ཆགས་གྲུབ་ཡོད་ལ། རྩིས་རིགས་དེ་དག་ལས་ལོ་ཚིགས་ཁ་ཤས་ལོ་རབས་བརྩི་བའི་གཞིར་གྱུར་ཏེ་དེ་ནས་རིམ་པས་ལོ་དུ་སོང་ནས་རྩི་གི་ཡོད་པ་རེད་ལ། དེ་ཡང་ལོ་ཚིགས་ཁ་ཤས་ནི་ཡུལ་གྲུ་ཆུང་ངུ་ཙམ་ལ་སྤྱོད་པ་དང་། ཁ་ཅིག་ནི་ཡུལ་གྲུ་ཆེན་པོར་སྤྱོད་པ་དང་། ཁ་ཅིག་ནི་གོ་ལ་ཧྲིལ་པོར་སྤྱོད་པ་སོགས་མི་འདྲ་བ་སྣ་ཚོགས་ཤིག་གྲུབ་ཡོད་དེ། དཔེར་ན་རབ་བྱུང་ལོ་འདས་ལོ་ནི་བོད་ཀྱི་ཡུལ་གྲུ་ཁོ་ན་ལ་སྤྱོད་པ་དང་། ནང་པའི་སྟོན་པའི་འདས་ལོ་ནི་ནང་པ་སངས་རྒྱས་པ་ཀུན་གྱིས་སྤྱོད་པ་དང་། ད་ལྟ་ང་ཚོས་སྤྱོད་བཞིན་པའི་སྤྱི་ལོ་ཞེས་པ་འདི་ནི་གནམ་བདག་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུའི་འཁྲུངས་ལོ་ནས་མགོ་བཟུང་ནས་བརྩི་པའི་འདས་ལོ་དེ་ཡིན་ཞིང་། ལ་ལར་ཕྱི་ལོ་དང་ནུབ་ལོ། ཡེ་ལོ་ཞེས་གྲགས་ཤིང་། ད་ལྟ་གོ་ལ་ཧྲིལ་པོའི་སྤྱི་སྤྱོད་དུ་གྱུར་ཡོད་པ་རེད། དེ་དག་ལ་གཞིགས་ནས་ལོ་ཚིགས་རྣམས་ཆོས་ལུགས་ཀྱི་བཞེད་སྲོལ་གཙོར་བཟུང་ཡོད་པ་མཐོང་ཐུབ་ལ། ཡེ་ཤུའི་འདས་ལོ་དེ་ནི་སྔོན་དུས་ཡོ་རོབ་སོགས་ནུབ་ཁུལ་དུ་ཡོངས་སུ་གཅིག་གྱུར་ཡིན་པས། ཕྱིས་སུ་གོ་ལ་ཧྲིལ་པོའི་ལོ་ཚིགས་སུ་རྩོད་མེད་དུ་གྱུར་པ་ཡིན་འདུག། འོ་ན་ནང་པའི་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོ་དེ་ཉིད་ཡེ་ཤུའི་འདས་ལོ་ལྟ་བུར་ཡོངས་ཁྱབ་ཏུ་མི་འགྱུར་བ་ཅི་ཡིན་སྙམ་ན། ཕྱོགས་གཅིག་ན་སྤྱི་ལོ་སོགས་ཐོག་མར་བེད་སྤྱོད་ཀྱི་གོ་ལ་ཧྲིལ་པོར་གཏོང་མཁན་ནི་ནུབ་ཕྱོགས་པ་རྣམས་ཡིན་པས། ཁོང་ཚོས་ནང་ཆོས་རྒྱུས་མངའ་མེད་གཤིས། རྒྱུས་ཡོད་ཡེ་ཤུའི་ལུགས་དེ་ཉིད་ཁོ་ན་བེད་སྤྱོད་བྱས་པ་ཡིན་ངེས་ལ། ཕྱོགས་གཅིག་ན་ནང་པའི་སྟོན་པ་ཤཱཀྱ་ཐུབ་པ་རླབས་ཆེན་གྱི་མི་སྣར་གྱུར་ཅིང་། ཁོང་གིས་གསུངས་པའི་ནང་པའི་ཆོས་རྣམས་དང་། རྗེས་འཇུག་གིས་ཡར་རྒྱས་གོང་འཕེལ་བཏང་བའི་ནང་བསྟན་ནི་གོ་ལའི་ཐོག་གི་ཆོས་ལུགས་ཁྲོད་དུ་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཅན་ཞིག་ཡིན་ནའང་། ནང་པའི་བརྒྱུད་འཛིན་པའི་ཁྲོད་དུ་ཁོང་གི་འཁྲུངས་འདས་གཅིག་གྱུར་ཞིག་བྱུང་ཐུབ་མེད་པ་རེད། བྱུང་མ་ཐུབ་པའི་རྒྱུ་རྐྱེན་ནི་ནང་བའི་རྗེས་འབྲངས་ཁྲོད་དུ་ལོ་ཚིགས་ཀྱི་བཞེད་པ་སྣ་ཚོགས་ཤིག་དར་ཡོད་ལ། ཤར་ཕྱོགས་རྒྱ་ནག་པ་དང་ཉི་ཧོང་པ་རྣམས་ཀྱི་བཞེད་པ་དང་། ལྷོ་ཕྱོགས་སིང་ག་གླིང་དང་། ཐེ་ལན་སྒྲི། ཀམ་པོ་སྒྲི། འབར་མ། སིང་ཀ་པུར། རྒྱ་གར། སྦལ་ཁེ་སི་ཐཱན་སོགས་ཀྱི་བཞེད་པ་དང་། ནུབ་ཕྱོགས་ཡོ་རོབ་པའི་ཞིབ་འཇུག་པའི་བཞེད་པ་དང་། བྱང་ཕྱོགས་སོག་ཡུལ་དང་དབུས་གྱུར་བོད་ཡུལ་གྱི་མཁས་པའི་བཞེད་པ་སོགས་མི་འདྲ་བར་གནས་ཡོད་ཅིང་། སོ་སོའི་དེ་ཉིད་ཡང་དག་ཡིན་པར་སྒྲུབ་པའི་རྒྱུ་མཚན་མང་པོ་བགྲང་ནས། ཕྱོགས་གཞན་དེ་དང་ལེན་མ་བྱས་པས་ད་ལྟ་བར་དུ་གཅིག་གྱུར་ཞིག་ཆགས་མ་ཐུབ་པ་རེད། ནང་པའི་སྟོན་པ་ཤཱཀྱ་ཐུབ་པ་ནི་གཅིག་ཁོ་ན་ཡིན་པས་ཁོང་གི་འཁྲུངས་འདས་ལོ་ཚིགས་ཀྱང་གཅིག་ལས་ཡོང་མི་སྲིད་པས། ནང་པའི་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་རྣམས་ཀྱི་དགོངས་པ་དཔྱད་ཞིབ་བྱས་ཏེ། ནང་པའི་འདས་ལོ་ངོ་མ་དེ་ཉིད་གང་ཞིག་ལ་ངོས་འཛིན་དགོས་པའི་གནས་ལུགས་གསལ་རྟོགས་བྱ་དགོས་པའང་། ནང་པའི་རྗེས་འབྲངས་དང་ནང་པའི་ལོ་རྒྱུས་སྤྲ་བ་རྣམས་ནི་གཡོལ་མེད་དུས་རབས་ཀྱི་འགན་འཁྲི་ཞིག་ཏུ་གྲུབ་ཡོད། དེར་བརྟེན་ཕྲན་གྱིས་རང་བློས་ཅི་ལྕོགས་ཀྱིས་བཞེད་པ་དེ་དག་ཕྱོགས་བསྡེབས་ཀྱིས་འཁྲུངས་འདས་ཀྱི་ལོ་ཚིགས་དངོས་དེ་གང་ཡིན་དཔྱད་གླེང་བྱ་བར་སེམས་བསྐྱེད་པ་ཡིན་ནོ། །

ཀརྨ་པ་མཁྱེན་ནོ།།
噶玛巴您遍知!

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ།།
诸佛悲心自身噶玛巴!
རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ།།
诸佛事业总集噶玛巴!
རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ།།
诸佛传承灌顶噶玛巴!

དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་རིན་པོ་ཆེ་ལ་གསོལ་བ་འདེབས།།
向殊胜尊贵的法王佛陀噶玛巴祈祷

མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ། ༧རྗེ་ཡེ་ཤེས་སེང་གེ་མཆོག་སྐུ་དངོས་ཀྱིས་རབ་གནས་གནང་བའི་དཔལ་མགོན་ཚོགས་ཀྱི་བདག་པོ་གཙོ་འཁོར་དང་བཅས་པའི་པར་ཤིང་བྱིན་ཅན


发布     👍 0 举报 写留言 🖊   
✋热门推荐
  • 祝愿所有考生都能考上理想的高校,今朝策马闯难关,他日扬眉捷报传!为高三…#罗一舟[超话]# #罗一舟全能ace##爱豆V力量# #高考加油时刻#鹰隼试翼,风尘翕
  • 第一次考到班级第一之前 一个人走在校道上的时候 晚上睡不着的时候 总是会不由自主地去幻想——如果我真的拿了一次全班第一 我一定会高兴得跳起来 激动得睡不着觉 不
  • 今天是你的生日,祝我茜生日快乐,越活越年轻美丽,一切顺利,平安顺逐,所有的付出都有收获[抱一抱]。一切尽在不言中,愿你越来越好,身体健健康康的,不要常记烦脑,要
  • 三、项目利润分析:大靖镇是周边乡镇人口和商业的聚集地,比县城位置优越,其商品房价格也高于古浪县城,项目发展潜力较大,市场前景良好。#招投标信息##招标网#
  • ——王迎新著《人文茶席》#新星v计划##茶道##春日读书会#有些孤陋寡闻、对佛教一无所知的人,希望在喝一碗茶的工夫就能成佛作祖,如果短时间内没什么感应,就会
  • 目前,菲鹏生物主推的单抗原料,针对奥密克戎和其他重要变异株(200多种)的重组N蛋白检测结果均不受影响;在产品服务方面,菲鹏生物不仅拥有专业的技术支持团队,还能
  • 她在青春萌动的时候爱上这个大自己八岁的男人,却成为了推他热恋女友堕楼的凶手。她在青春萌动的时候爱上这个大自己八岁的男人,却成为了推他热恋女友堕楼的凶手。
  • 87男丁卯壬子庚子辛亥77女丁巳乙巳庚午戊寅 86女丙寅丁酉癸未甲寅85男乙丑壬午己丑癸酉 95女乙亥庚辰乙亥丁亥 95男乙亥戊子戊子戊午 94男甲戌丙子戊子
  • 八.刘浩存刘浩存是张艺谋捧起来的首位00后演员,2016年,刘浩存通过三轮试镜成为电影《一秒钟》女主角的候选人,经过三年的训练,才被确定为《一秒钟》的女主角,张
  • 关于最近的俄乌战争有提到过这个核电站,但是对我来说,那只是个地名,我不懂在战争中核电站意味着什么,更不知道历史上发生过什么,今天才粗略的了解了一下,希望看完书能
  • 到最近这十年,真正回顾一下,从2010年到今天,这十年我们看到的更多是模式的创新,商业应用的创新,移动互联网生态的创新,所谓的大厂越来越大,是真正的技术创新,跟
  • 【拍6件18.88】滋食 网红日本海盐饼干6包(这款最好吃)下单链接:【拍5件19.9元】红谷林小石子饼石头饼5包下单链接:【拍5件16.8元】滋食网红咸蛋黄
  • 双碳时代,全方位掌握所管理空间的碳排数据,并能够实时“看到”各项减碳手段的实施效果和建设成本,形成个性化、经济性的碳中和规划成为了一项刚需。 六大核心能力
  • 在2020年冯小刚与华谊兄弟对赌失败后需要向其支付1.68亿的业绩补偿款,从这个时候开始关于冯小刚的讨论就一直都没有停止过,“对赌”这个词在娱乐圈十分常见,杨幂
  • 作者在该作品中倾注了其对中国民众命运的关注,以反讽和幽默的手法直面生活,从一个轻松的角度来解析身边复杂的事态。■ 接受另一種活法死亡摆脱的只是躯体而不朽的灵魂,
  • 想要保持身材的可以入,会有惊喜的[心]日本丸江婴幼儿酱油、1岁起OK~ 价格超可爱、150ml/支 不包邮、它在酿造的生酱油里,再一次加入曲种,使之熟化而成。[
  • 武大的樱花开了 可是白天一直忙碌着都没来得及去看 今天勤劳地收拾了一下午的寝室 超级整洁 晚上一筹莫展明天的组会怎么办 正要开电脑老师就发通知说明天取消之后再开
  • #任嘉伦[超话]# #任嘉伦恰似故人归# #任嘉伦长意# #任嘉伦一任千面# 总在某个雨后的天空,看到你如彩虹般的笑容,湛蓝的天飘着变幻莫测的白云,你就像
  • 7个万能穿搭公式,教你学会正确穿搭在穿衣搭配方面,身高不够,衣服来凑,品味不及,各种基础的搭配公式教你来凑,相信在这个能让你展现多种美感的春季☘️,每个人都期待
  • “我”:你爸爸读过几年书,尘世中一位普通网友,227xzncf:网暴里,龙不吟虎不啸,小小网友可笑可笑“我”:超话里,主无品虾无脑,意见不合举报举报xzncf: