དགའ་བའི་གད་མོ་སྐྱོ་བའི་མིག་གི་ཆུ།།
ཆགས་པའི་ཟུར་མིག་ཁྲོ་བའི་ཤུགས་རིང་རྣམས།།
དྲན་གདུང་ཚེར་མའི་གཟེབ་ཏུ་མ་བསྐྱུར་བར།།
འཛུམ་པའི་ཞལ་གྱིས་དང་དུ་ལེན་པར་ཤོག།

今天全国藏文书法日

བོད་ཡིག

༄༅། །རྩྭ་ཐང་དང་། གངས་རི། མཚོ་དང་མཚེའུ།
གྲོང་དང་། གྲོང་ཚོ་བཅས་ཀྱི་གྲུ་ཟུར་རེ་རེ་ལའང་།།
ཧ་ཅང་དུང་ཞེན་ཟབ་པའི་དབུ་ཁྱུད་ཅན།
དབྱངས་གསལ་སོ་བཞི་ལས་གྲུབ་པའི་ཡི་གེ་འདི།
ཁ་བའི་པང་དུ་འཚར་ལོངས་བྱུང་ཞིང་ན་རྒས་ལ།
ཁ་བའི་པང་དུ་ལོ་ངོ་བརྒྱ་སྟོང་དུ་མ་འདྲིས་ཤིང་འགྲོགས།
ད་དུས་ངན་པ་ལ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག
ཆོས་ཁྲིམས་དར་གྱི་མདུད་པ་ནི་ཞིག་པས།
ཡུན་རིང་འཚོ་དཀའ་བའི་རྫོགས་ཚིག་གི་བཞི་ཤད་བཀོད་ལ་ཉེ།།

གལ་ཏེ་ཁྱེད་འཇིག་ན། བཀའ་བསྟན་ལ་བདག་པོ་ཇི་ལྟར་རྒྱག
གལ་ཏེ་ཁྱེད་འཇིག་ན། བོད་ཀྱི་རིག་གནས་ཇི་ལྟར་སྲུང་སྐྱོབ་བྱེད།
གལ་ཏེ་ཁྱེད་འཇིག་ན། རྒྱལ་རབས་ཆོས་འབྱུང་ཇི་ལྟར་འཆད།
དབྱངས་གསལ་སོ་བཞི་གྲུབ་པའི་ཡི་གེ་འདི།
ད་ལྟའི་དུས་ལ་བབ་པའི་གནས་བབ་ལ་བལྟས་ན།
ཡུན་ནས་ཡུན་དུ་གསོན་པའི་་རེ་བ་ཧ་ཅང་ཆུང་ཞིང་།
རུས་ཐལ་སྤར་གང་ལ་གྱུར་ནས་་འབྱུང་བཞི་ལ་འཐིམ་སྟེ།
དངོས་མང་བཤམས་སྟོན་ཁང་ལ་འཇོག་པའི་ཉེན་ཁ་ཇེ་ཆེར་རེད།

ནམ་ཡང་མཐོ་སྒང་ལ་གཉིད་དུ་ཡུར་བའི་བྷོད་མི་ཚོས།
རྨི་ལམ་ལས་ད་དུང་ཡང་སད་མ་ཐུབ་པ་མཐོང་དུས།
ཁྱེད་ལ་ཤ་ཞེན་ཤ་འཐམ་རུས་འཐམ་བྱེད་མཁན་ཚོ།
འབྱུང་འགྱུར་ཚང་མ་རྨི་ལམ་ལས་སད་དུས།
མི་རབས་ཕྱི་མ་ཚོས། རང་གི་མེས་པོ་སྔོན་མ་ལ།
ལེ་བདའ་དང་། འཁང་ར་སྣ་ཚོགས་བྱེད་སྲིད།
མིག་མཐའ་ལའང་མིག་ཆུ་མི་འཁྱིལ་བའང་ག་ལ་སྲིད།
དེ་དུས་ཡོད་ཚད་ནས་ཡོད་ཤོར་ཚར་བ་མ་ཡིན་ནམ།

གཉན་འཕྲང་ཅན་གྱི་དུས་རབས་འདིར།
ཁྱེད་ལ་ཐ་སྙད་ཅིག་གིས་དབུལ་སོང་བ་ཡིན་ན།
གཞན་གྱིས་ཕྱོགས་ནས་གོམ་པ་གང་གིས་ཕམ་སོང་བ་ཡིན་ལ།
སྐད་ཡིག་རྣམ་ཤེས་ཀྱི་ཕུང་པོ་འདིར་ས་ལ་འཐོར་ཏེ།
ཚེ་སྲོག་གིས་བར་ཐག་ཀྱང་ཇེ་ཐུང་དུ་གྱུར་བ་མ་ཡིན་ནམ།
དབྱངས་གསལ་སོ་བཞི་ཅན་གྱི་ཡི་གེ་འདི་ཤི་སོང་ན།
བསིལ་ལྡན་གྱི་སྙིང་སྟོབས་ཉམས་པ་མ་ཡིན་ནམ།
བླ་སྲོག་མེད་པའི་རོ་ཡི་ཕུང་པོ་གྱུར་བ་མ་ཡིན་ནམ།
དེས་ན་ང་ཚོ་ཡུན་ནས་ཡུན་དུ་་གསོན་འདོད་ན།
དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་ཏེ།
དཔའ་མི་ཞུམ་པ་སྤོབས་པ་ཆེར་བསྐྱེད་བྱས་ནས།
སྙིང་སྟོབས་བསྐྱེད་དགོས་པ་མ་ཡིན་ནམ།
ཤ་རུས་གཅིག་པའི་སྤུན་ཟླ་ཚོ།

༢༠༢༤/༤/༣༠བཔད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་་ཧྲན་ཏང་ཞིང་ཆེན་ནས།

སྲིད་པ་སྒྱུ་མའི་ཁུགས་སོ་ནས། །
སྒྱུ་མའི་རྟ་མཆོག་འགྲོས་ཁ་རྐྱེན། །
སྣང་སྲིད་སྒྱུ་མའི་ཡོ་ལང་འདི། །
མཚར་འཛིན་སྒྱུ་མའི་སྣང་བ་ཡིན། །
བདེན་པར་ཞེན་པའི་སྒྱུ་མའི་ལུས། །
སྒྱུ་མའི་མི་དང་འགྲོགས་ནས་ཡོང་། །
ནམ་ཞིག་སྒྱུ་མའི་ཐོ་ཡོར་གང་། །
སྒྱུ་མ་ཉིད་དུ་མངོན་གྱུར་ཤོག །#叶西达瓦[超话]#


发布     👍 0 举报 写留言 🖊   
✋热门推荐
  • 追星追的是自己心里的那一份光,我不雷娱乐圈不踩我喜欢的人的任何明星,因为你不知道你骂的黑的那个人会是谁心里的那份救赎。也感谢喜欢~【关于我】生在哏儿都,三岁开始
  • 即使是最令人敬畏的思想家也会向我们讲述类似我们自己的生活,他们的日常生活,他们小小的疼痛、痛苦和快乐,以及他们偶尔的动荡。我们常常仰面躺着,望着天上的星星,讨论
  • 南無阿彌陀佛 阿彌陀佛 阿彌陀佛 二零一四淨土大經科註  (第二八六集)  2015/11/24   香港佛陀教育協會  檔名:02-041-0286  
  • 南无药师琉璃光如来(法壇) 南谟薄伽伐帝,鞞杀社窭噜,薜琉璃,钵喇婆,喝啰阇也,怛陀揭多耶,阿啰喝帝,三藐三勃陀耶。怛侄他:唵!鞞杀逝,鞞杀逝,鞞杀社,三没揭帝
  • 不需要回家过年?我在看春晚的时候抑制不住尖叫哈哈(呜呜实在是因为霖霖太好看了)然后我爸妈说:你叫什么呢?
  • 但后来Fancy说,“你难道不和阿曼(我的室友)碰个杯么,都要走了”我才突然意识到,我都没和我在学校的这唯一一个室友告别,或者说我们都没有怎么聊过我要走了要毕业
  • 始终记得,心若复杂,再小的事情,都会成为过不去的坎;心若简单,再大的事情,也显得不值一提。始终记得,心若复杂,再小的事情,都会成为过不去的坎;心若简单,再大的事
  • 上个月在苏州,借着出差的由头偷了个闲,跑到拙政园附近的支巷,漫无目的地逛,本来没急着要找出口,想着迷路就迷路了吧。当车子开动之后,她扭头抛下一句话:小姑娘就是脚
  • #2020华语榜#到了年末,微博首页几乎都被各大音乐博主清一色的欧美年榜占领了,在华语音乐式微的情况下,华语年榜似乎不见踪影(不要问我欧美年榜在哪里,问就是鸽作
  • #美妆[超话]# | “高光自由➕fox eyes”蓝紫色碰撞出的霓虹感狐狸眼妆,眼线的线条拉长上挑,原本圆圆的眼睛会很有神,姐妹们一定要试一下!给大家推荐灵魂
  • 地球的外周有一层大气,我们称为大气层。大气层包裹着地球,按照传统说法,这个大气层就是天,地球本身是地。所以古人讲天包地外,这是讲地球这个世界本身的天地。从我们人
  • 我本人是20级某211院校的汉硕生,也是一名待派的泰国孔院志愿者,马上就要出去啦,拥有各种教师资格证~是正儿八经的持照上岗哟从研一开始也辅导过两届汉硕生了,学弟
  • 和高铁一样,我国城市轨道交通特别是列车技术也实现了超越。以此次下线的新型都市快轨列车来说,最高时速达到了200公里,超过了所有市内交通工具,已经达到城际铁路列车
  • 她是一个特别好的女孩子,她比我小一岁多的,特别聪明,她有耐心有想法还是个有强迫症的女孩子嘿嘿,她的书不能有一点折痕(她有一次因为她借给别人的书有很多折痕哭了[泪
  • #浪基村[超话]##柯基[超话]# #幸福抽抽抽抽奖# #2020我们的幸福时光##航空福利多# 还有三天2020年就要结束啦[给你小心心]在评论区留言分享自己
  • #影视推荐# | #人生删除事务所#明明接受的委托是删除数据,却常常因为各种原因还是查看了数据,虽打着正义的旗号,却其实也满足了观众们窥私的欲望。第7集确实很有
  • 还记得19年,我是多么的幸运,去参加了你的首次个人“无边界”演唱会,当天,我和其他的粉丝们一样,心情格外的激动(我差点把自己说成小螃蟹)。哥哥,生日快乐,无论千
  • 因为不再想对人敞开心扉,好像也不再有想要分享心情的人,所以,以后有想说的就在这儿说吧[微笑]图为昨天的蓝天,真的特别特别蓝,特别特别美,可是昨天开工第一天的心情
  • 其实我感觉坚持跳舞真的挺不容易的,尤其是变成自己的工作之后吧,真的是避免不了的社畜疲惫和没有时间再练舞的漩涡中,就一直这样反反复复,后来有时候甚至变成了【抗拒】
  • ”饼贱兮兮地说“还三峡呢你”[求饶]#约克记##SamYu[超话]# #SamYU的专属故事集#猜到结局算我输系列292(接291)咚咚咚,听到敲门声,YU赶