རང་གིས་རང་ལ།

བྱ་བ་བཟང་ངན་གང་དང་གང་ཡིན་ཀྱང་།།
བྱ་བ་མགོ་ནས་རྩོམ་པར་དགའ་ན་ཡང་།།
བྱ་བ་རྒྱུན་མི་འཆད་པར་མི་རྩོམ་མཁན།།
བྱ་བ་མི་འགྲུབ་པ་ཡིའི་རྒྱུ་རྐྱེན་དང་།།
བྱ་བ་མེད་པའི་མྱི་ཡིའི་རང་གཤིས་ཡིན།།
དེའི་ཕྱིར་བྱ་བ་གང་དང་གང་ཡིན་ཀྱང་།།
བྱ་བ་ཉུང་ཡང་རང་འཇོན་བསྒྲུབ་པར་བྱ།།

རི་བོའི་རྩེ་ལ་འགོས་མྱོང་།།
མཚོ་མོའི་འགྲམ་ལ་སོང་མྱོང་།།
མེ་ཏོག་ཐང་ལ་བཙལ་མྱོང་།།
ཕྱུག་མོའི་ནགས་ལ་འཛུལ་མྱོང་།།
མཚམས་སྤྲིན་འདྲ་བའི་ཨ་ཇོ།།
མཐོང་རྒྱུ་མེད་པས་སྐྱོ་བ།།

རྨི་ལམ་འདི་ལས་སད་ན་ཅི་མ་རུང་།

​སྒོ་ཤེར་རབ་རྒྱམ་མཚོས།

མི་རྟག་སེམས་ཀྱི་རྒྱལ་མོའི་ཆོ་འཕྲུལ་གྱིས། །
སྣ་ཚོགས་ལས་ཀྱི་ཤིང་རྟ་ལ་བསྐྱོན་ནས། །
ངལ་བའི་ཁུར་གྱིས་མཛད་པའི་མི་ཚེ་ནི། །
བསམ་ཞིང་བསམས་ན་བུ་ལོན་ལྕི་མོ་ཞིག །

རྩམ་ཟན་རིགས་སུ་སྐྱེས་པས་བོད་ལ་ཆགས། །
དམར་པོ་གྱོན་མཁན་ཡིན་པས་ཆོས་ལ་ཞེན། །
ཆགས་ཞེན་ཚེར་མའི་ཐག་པ་འདིས་བཅིངས་པས། །
ནུས་པ་མེད་ཀྱང་སེམས་པ་སྡོད་མི་ཚུགས། །

ཕུགས་བསམ་འཇའ་ཚོན་རྒྱང་ན་བཞད་འདྲ་བ། །
དུངས་ཤིང་ཞེན་ཏེ་དྲུང་དུ་བཏུད་པ་ན། །
ཅང་མེད་སྟོངས་པའི་ཤུལ་དུ་སྐྱོ་བ་ལས། །
རྙེད་དུ་མེད་པ་འཁོར་བའི་གཤིས་ཡིན་ནམ། །

མི་ནི་མི་སྟེ་མི་གཙང་བསམ་བློའི་མཛོད། །
མཛོད་དེའི་ཕུགས་ན་མི་ཡུལ་འདི་ཆགས་པས། །
ཆོས་རིག་འོད་དཀར་བུམ་པའི་ཁོག་ཏུ་འང་། །
དབང་འབྱོར་དུག་གི་འཁོར་ལོ་བར་མེད་བསྐོར། །

དགའ་སྐྱོའི་ཆུ་བོ་རླབས་ཀྱིས་རབ་འཁྲུགས་ཤིང་། །
འགལ་རྐྱེན་ཆར་རླུང་ཤུགས་ཀྱིས་ལྡིང་བའི་དབུས། །
རང་གི་གྲིབ་མ་གྲོགས་སུ་བསྟེན་ལ་ཡི། །
ཚེ་ཡི་གྲུ་ཆུང་འདར་མ་འདར་གྱིས་གཡོ། །

དོན་མེད་ཟད་ན་ཕངས་སེམ་ཆེ་འོ་ཟེར། །
དོན་ལྡན་བྱས་ན་མཆོག་ཏུ་བསྔགས་སོ་ཟེར། །
དོན་དང་དོན་མེད་ཚིག་གི་བསླུ་བྲིད་འོག །
ཡིད་སྐྱོའི་ངང་ཚུལ་བྱུང་ལ་འཛད་མཐའ་མེད། །

ཐུགས་རྗེའི་བདག་ཉིད་ཐུབ་པའི་ཞལ་སྒོ་ནས། །
ཚེ་འདི་རྨི་ལམ་ཐེངས་གཅིག་ཡིན་གསུངས་པས། །
ལུས་སེམས་ངལ་བའི་གོམ་པ་མཚམས་ཆད་དེ། །
རྨི་ལམ་འདི་ལས་སད་ན་ཅི་མ་རུང་། །

ཐོབ་ཤོར་བྱེ་མར་བྲིས་པའི་རི་བོང་གཟུགས། །
ནམ་ཞིག་འཆི་བའི་རླུང་གིས་ཁྱེར་རྗེས་སུ། །
རེ་དོགས་སྤྲོས་པ་བྲལ་བའི་དོན་གྱི་ཁྱིམ། །
རྙེད་པའི་སྐལ་བ་བདག་ལ་ཡོད་སྲིད་དམ། །


发布     👍 0 举报 写留言 🖊   
✋热门推荐
  • #易烊千玺送你一朵小红花# [小红花] #2021送你一朵小红花# ————————————— 1.小烊 2.木木请假 3.江七 [喜] 4.易
  • 如果牛奶摄入不足或太浓,在奶粉喂养过程中,其他营养素的过量补充可能会引起便秘。配方奶粉是一种优质营养食品,可作为1岁以内不能母乳喂养婴儿的主要食品。
  •   2、城市交通管理平台运营者  智能化阶段与目标:智能交通管理平台运营者,多为头部IT企业,拥有前沿人工智能、大数据分析、物联网等智能+公共交通核心技术基础,
  • 价格:32万5000美元1981 法拉利308 GTB Group 4拉力赛车这是一辆后改的Gr.4拉力赛车,原车是一台1981年的法拉利308 GTB,拥有全
  • 第四站:吉林市雾凇岛雾凇岛是松花江上的一座小岛,每年12月下旬到次年2月底,沿江的垂柳挂满了洁白晶莹的霜花,江风吹拂银丝闪烁,景色既野又美。闲时散步,看着寒江晓
  • #手机壁纸无水印高清[超话]#熙熙小可爱来咯~关于冬天的可爱文案❄️❶ꈍ◡ꈍ ☾˚‧º·ᵕ̈冬日可爱  ↵۰ᵕ̈❷☺︎ ☁︎☁︎⋰⋱冬天他非礼我老是冻手冻脚的❸
  • 在这个基础上,第三季度通过淡化疫情威胁,舍弃人命强行开放社会,经济反弹也是很自然的事,只不过是美国从第二季度的全面崩溃中勉强爬起来了而已(代价是数以万计的人命)
  • #志愿者转发# #宝贝回家# 寻找1971年出生2000年失踪湖北省咸宁市通城县五里镇 黎艳飞507514(出处: 宝贝回家论坛)堂妹基本没有上过学,识字不多
  • 我属于行动派,自从有了想要牙齿矫正的念头,就一发不可收拾,马上行动起来!就马上预约面诊了。
  • 在我们大人看来,他们的一些尝试或许显得笨拙,显得不那么简洁,别急着指指点点,给他们一些时间和空间,在不断的尝试中,他们会用他们自己的思考方式找到解决办法。新置顶
  • 年初又经历了一次重大的离别,几年的时间可能教会我最多的就是面对这些接近崩溃的瞬间还能努保持理智吧。他教会了我很多东西,我很讨厌别人经常说“我不行,我已经很努力了
  • 生命蓝图还有福利价333元/人,传送门,有兴趣的小伙伴可以加微信244472435咨询[来][来][来]2021.1.11SRT全面清理 个案因为感情要做全清
  • 位于武汉的新时代三农创新策源地,是典型的的农业+文旅+教育+康养的融合发展项目。以服务健康中国和促进乡村振兴为目标,对接国民“治未病”的健康理念,顺应大众旅游的
  • 《道德经》说“天道无亲,常与善人”这里的“善”与其理解为“善良”不如理解为“善于”更为贴切,宇宙万物自然之道是没有亲疏之分的,她公平的对待每一个人,只有善于把握
  • #张艺兴[超话]##张艺兴0117亮相九周年# 这是汗水与泪水交织的九年是荣誉与欢呼闪耀的九年一路走来 你经历了无数风雨 领略了各种风景以热血追梦想 用实力攀
  • 也就是说我应该带着“我”而不是带钟离!希望你的愿望都可以实现!
  • #任嘉伦[超话]#rjl#任嘉伦2021嘉速前进# rjl#任嘉伦新歌seeya# ☱ ☲ ☳▦☆☰ ☱ ☲ ☳▦☆☰ ☱ ☲ ☳▦☆☰ ☱ ☲ ☳\➷ \
  • 不过两人对这件事情似乎并不着急,关晓彤现在正处在事业的上升期,出了多部的电影,而鹿晗也是在为自己的音乐梦想奋斗,所以现在的这段时间两人都处在一个上升期,想必暂时
  • 这款香 让我第一时间想到的 就是《花样年华》里周慕云和苏丽珍的爱情克制的爱,甜蜜又苦涩,危险又迷人如果翻拍的话,请一定让朱一龙演!#陈泗旭[超话]#[太阳]#和
  • 在这个什么都善变的世间,我想和你看一看永远。是我的隔音效果太好否则你一定能听到我怦怦的心跳声隔着三千棵树六百条河你只管往前走,我们一直跟在你身后,永远相信你,是