“མཛེས་རིག”ཅེས་པའི་ཐ་སྙད་འདིའི་བསླུ་བྲིད་ལྡོག་མ་ཐུབ་པར་ཉེ་ཆར་དྲྭ་ཐོག་ནས«མཛེས་རྟོག་རིག་པའི་འཇུག་སྒོ།»ཞེས་པའི་དཔེ་ཆ་གསར་བ་ཞིག་མཐོང་སྟེ་ཉོས། ཉོས་ནས་ཀྱང་ཀློག་ལ་ཞུགས།

བོད་རྩོམ་ཞིག་གི་བྲོ་བ་གཏན་ནས་མེད་པའི་དཔེ་ཆ་འདིས་ང་རང་མགོ་རྨོངས་སུ་བཅུགས་བྱུང་།

སྤྱི་ནས་ས་བཅད་རེ་རེའི་བརྗོད་བྱ་དམིགས་འདོན་བྱེད་མ་ཐུབ་པའི་སྐྱོན་དང་།

རྩོམ་པ་པོའི་རང་ལུགས་མཐོང་དུ་མེད་པའི་ཁར་ལུང་ཚིག་དང་གཞུང་ཚིག་རྐྱ་འདྲེས་ནས་སོ་སོར་དགར་དུ་མེད་པ་ལྟ་བུ་ཞིག་བྲིས་པས།

ཀློག་པ་པོར་འཕྲོས་རྟོག་གསར་བ་བསྐྱེད་མི་ཐུབ་པ།

རིག་གཞུང་འགྱུར་རྩོམ་ཐབས་ཆག་ཅིག་ཀློག་གིན་པའི་སྣང་བ་སྟེར་བའི་རྗོད་བྱེད་ཀྱི་བསྣོལ་སྡེབ་དང་གསར་སྒྱུར་ཐ་སྙད་དག་གིས།

ཀློག་པོའི་ནང་སེམས་ཀྱི་གོ་བའི་རྨང་གཞི་གདིང་མི་ཐུབ་པ།

དུས་གསུམ་དང་བྱ་ཚིག་གི་རྣམ་བཞག་འཆུག་པས་སྐབས་སྐབས་སུ་སྔ་ཕྱི་གང་བཤད་ཀྱིན་ཡོད་མེད་ཀྱང་མི་ཤེས་པའི་ཆ་བདོག་གོ །

བསམ་ཚུལ་འདི་དག་ང་རང་མི་སྒེར་པ་ཞིག་དང་ཀློག་པ་པོ་གཤའ་མ་ཞིག་གི་ངོས་ནས་བཤད་པ་ཙམ་ལས་སྤྱིའི་འདོད་འདུན་མཚོན་མི་ཐུབ་མོད།

ང་ལ་མཚོན་ན་དཔེ་ཆ་གང་ཞིག་ཀློོག་པའི་དགོས་པ་ནི་དཔེ་ཆ་དེ་ལས་གང་ཞིག་སྔར་མ་ཤེས་པ་ཤེས་པར་འགྱུར་བ་དང་།

སྔར་ཤེས་པ་རྣམས་ལ་སླར་གོ་བ་གསར་དུ་བསྐྱེད་པ་སོགས་རྔ་མོང་ཆུ་ལ་རྔམ་པ་ལྟར་ཀློག་གིན་ཡོད་ན།

དུས་ཚོད་གྲོན་པ་ཕར་བཞག་སྟེ་ཤེས་བྱ་གསར་བའི་རྒྱལ་ཁམས་ཉུལ་རྒྱུར་སྤྲོ་བ་བླ་ལྷག་ཅིག་ཡོད་དོ། །

མཚམས་འདི་ནས་ང་ནི་སྨུག་པས་ཟིན་པའི་རྫ་ལུང་ཞིག་ཏུ་མགོ་འཁོར་བའི་རི་དྭགས་བདག་མེད་ཅིག་ལྟར།

གར་འགྲོ་འདིར་འགྲོ་མེད་པ་ཞིག་ཏུ་གྱུར་སོང་།



རེ་ཀི

༈ དེར་བརྟེན་«རྒྱལ་རབས་གསལ་བའི་མེ་ལོང་»སོགས་མང་པོ་ཞིག་གིས་བཙན་པོའི་སྐུ་རིང་ངམ་ཡང་ན། བོད་ཀྱི་ལོ་རྒྱུས་ཁྲོད་དུ་མྱི་གསོན་པོ་དུར་འཇུག་གི་སྲོལ་ཞིག་ཀྱང་ཡོད་དེ། བཙན་པོ་འབྲོང་གཉན་ལྡེའུ་ལགས་ཀྱི་བཙུན་མོ་བློན་པོ་བཅས་པ་གསོན་པོར་དུར་འཇུག་བྱས་པ་ལྟ་བུའོ་ཞེས་པ་ནི་ནོར་བའོ། ། https://t.cn/A6tCn4m0

«ནང་པའི་ལྟ་བ་དང་ལམ་རིམ། » མིང་ཚིག་གཅིག་གིས་མཚོན་དགོས་ན“བདག”ཅེས་པའི་ཐ་སྙད་རང་མཚན་པ་འདི་ལས་འདའ་རུ་མེད་ལ།

མི་གཅིག་གིས་དམ་ཆོས་ཉམས་སུ་ལེན་པའི་གོ་རིམ་མཐར་ཆགས་སུ་བྲིས་ཤིང་།

དེའི་ཁྲོད་འཕྲད་ངེས་པའི་ས་དང་ལམ་གྱི་དགྲ་ཅག་ཆོམ་རྐུན་ལ་རྒོལ་བ་གཏོང་སྟངས་ཀྱིས་མཚོན། ནར་མའི་ཀུན་སྤྱོད་ཀྱི་སྤང་བླང་དང་སེམས་བཅོས་ཚུལ། དངོས་ཡོད་སྤྱི་ཚོགས་ཀྱི་དཔེ་གཞི་གསོན་པོ་དམིགས་སུ་བཟུང་ནས་འཚོ་བའི་ནང་དུ་བབས་ཏེ།

ཆག་འཇོག་ལ་གསོན་ཉམས་ལྡན་ཞིང་།

གནས་ལུགས་ཀྱི་ཕུ་ཐག་རིང་བ།

ལྟ་སྤྱོད་ཀྱི་གནད་མདོ་ཟིན་པ་སོགས་ཕུན་སུམ་ཚོགས་པའི་འཆད་རྩལ་ལ་བརྟེན་ནས།

གཏན་ཚིགས་རང་བཞིན་གྱི་དབྱེ་ཞིབ་གནད་དུ་བསྣུན་པའི་ཁྱད་ཆོས་དང་།

འཆད་ཁྲིད་སྒྲ་བཤུས་མ་ཡིན་པས་རྩོམ་པའི་གོ་རིམ་ཚང་ཞིང་ཞིབ་ཚགས་ཡོད་པ་སོགས་མདོར་ན་སྲིད་པ་འདིའི་ཆོས་དངོས་ཡོད་དོ་ཅོག་གི་འབྱུང་འཇུག་ནི་མཚན་ཉིད་རིག་པའི་སྐར་ཁུང་ལས་ཇི་ལྟར་མཐོང་གི་ཡོད་མེད་སོགས་ཧ་ཅང་ཡག་པོར་གསུང་འདུག་སྙམ།

རེ་ཀི


发布     👍 0 举报 写留言 🖊   
✋热门推荐
  • 攻的母亲是天真又温柔的小公主,被渣爹抛弃​而终生被信息素折磨,家族本来就有没落的趋势,还要承担母亲昂贵的医疗费用,所以攻身上的担子很重。 最后的最后,他
  • #刘宇宁没那么难#[给你小心心]#刘宇宁代言露华浓# [给你小心心]#刘宇宁[超话]# 愿山野浓雾都有路灯风雨 漂泊都能归舟,你能伴我入眠 遇到你时,我闻到
  • 对有变相加价、不兑现优惠承诺、消极处理消费投诉等行为的商家,取消活动参与资格;涉嫌违法的,依法追究相关法律责任;情节严重的,列入失信名单。活动期间,如遇消费券使
  • 在分手背后,很可能是对方一时冲动或者跟你耍小脾气,对方分的很无奈,而你接受的也不明不白。其实这句话没毛病. 老师这里打个比方,因为第三者介入你们的感情,或者对
  • 经商创业,有三不能赚:国难之财,天灾之利,贫弱之食。#食养#  太LOW了,现代农业,怎么会有“蜥蝎虺蛇”跑进来呢?
  • 现在澳洲应该做的是限制入境而不是限制离境,离境的人不是就减轻了澳洲的医疗压力吗?他不明白为什么PR也要受限,当时就问那个移民局的工作人员:“如果我坚持回去会怎样
  • ”还真挺好吃 五一假期已经到来,川西川藏旅行路线分享:[来]两天路线:红岩顶/海螺沟/四姑娘山/毕棚沟[来]三天路线:九寨沟黄龙,冷嘎措。[来]七/八天路线:稻
  • 仮面ライダーディケイド假面骑士Decade·帝骑真骨雕的身形比例做得确实不错,但最近几款的涂装似乎都有些不太走心,是工厂涂装大妈工作压力大还是万代心更黑了,真骨
  • 普贤菩萨那么了不起的,他还是十大愿王,导归极乐,你说哪个人的善根能超过普贤菩萨啊?所以无论你初机也好,老修也好,除非你非常特殊地遇到一些法门,那个法门对你又特别
  • #十七克拉的梦[超话]##阳光信用# 一个人的自愈的能力越强,才越有可能接近幸福。 世间不如意是常有之事,能对你百依百顺的人,能让你如愿以偿的事都很少。
  • 社会治理的重点在基层,难点也在基层在这场疫情防控阻击战中,基层干部和社区工作者成为中坚力量,他们共同织密一张防护大网,筑起一道“铜墙铁壁”。全面加强基层基础建
  • 人生的幸福也没有固定的标准,重要的是能做到不以物喜、不以己悲,这样任何人事也无法夺走你心中的幸福感。守住自己的人生,就要始终相信自己——相信自己的选择不会错,相
  • )爱莉:你每天都在散步,散步的时候会想什么呢远仁:我会想象我是一只蝴蝶,在天空飞呀飞爱莉:为什么是蝴蝶呢远仁:因为我很喜欢花呀!#保险杠急救中心[超话]#4.2
  • 我是买的这种足浴包就很方便 每晚拿一小包放在足浴桶里泡脚20分钟左右 我每次都会出很多汗 我体内寒气湿气很重而且我宫寒痛经特别厉害 我觉得这样泡脚可以祛湿祛寒改
  • 6.每想你一次,我院子里的星星便多一颗,如今,那些零碎的欢喜,竟已凑成了银河7.“温柔的好天气总是和你一样 让人止不住心动”8.“仍然有开在泥泞里温柔的花,有明
  • 是智商不在线,还是虚荣的不行,还是背后有利益链……还有其他人,在那边说三道四的,不要以为自己观点多少独特,还不是在那边哗众取众而已。这个才是文人应该有的气质。
  • 天師鎮宅圖的上方為中央嵩山麒麟真形右一東嶽泰山青龍真形左一北嶽恆山玄武真形右二南嶽衡山朱雀真形左二西嶽華山 白虎真形並中央漢天師三十六天將真形符之一及日月星辰六
  • 【果成生贺】憨憨果成,今天是你生日,祝你17岁生日快乐[心]很幸运能在这个寒假认识你这个憨憨~我们也认识了很多其他朋友,每天都在一起聊的很开心,虽然说有时候会有
  • 以前最喜欢冬天,西北风有股子清冽狠劲儿,让人头脑清醒的快要出体,进了屋子却又暖烘烘的接回地气,在室外的时候,有阳光时也是好的,阳光和煦内敛但是有温度,所以整体来
  • [憧憬]】지난 2월 말 한국 내 코로나19가 대규모로 발생했다. 한국 각계에서는 긴급히 방역 조치를 취하는 등 총력을 기울였고, 현재 한국 내