༄༅།།ཀུན་མཁྱེན་དྲུག་པ་ཆེན་མོ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་གིས་དགུང་གྲངས་བཅུ་གཅིག་སྟེང་དཔེ་སྒྲིག་པ་དག་ལ་བསྩལ་བའི་སྙན་རྩོམ།  
ཡོན་གཏེར་བློ་གྲོས་རབ་ཡངས་རྣམས།།‍ཚིག་འཕྲེང་འདི་ལ་ལེགས་པར་གསོན།།‍‍ཁྱེད་རྣམས་དཔེ་ཆ་སྒྲིག་པ་འདིར།།‍ དཔག་མེད་དགའ་སྤྲོ་སྐྱེས་ངོས་ནི།།‍‍ལེགས་པར་སྒྲིག་རྒྱུའི་བཀའ་དྲིན་སྐྱོངས།།‍‍མཛད་པ་མེད་པའི་དཔེ་འདི་དག།‍‍མྱུར་ལེགས་སྒྲིག་ཚེ་བསྐལ་བའི་བར།།‍‍བརྟན་འཇགས་བྱེད་རྒྱུ་ཡིན་ངེས་ཤིང་།།‍‍དེ་ལྷག་ཅི་འདོད་ལྟ་བར་དགོངས།།‍‍དེ་རྣམས་ཐུགས་ལ་ལེགས་དགོངས་ནས།།‍ ཡིད་ལས་འདས་པ་མྱུར་བསྒྲིག་མཛོད།།‍‍མི་མང་སྤྱི་ཕན་དགོས་དོན་ཆེ།།‍‍ད་དུང་དགོས་དོན་ཁྱད་འཕགས་མང་།།‍‍དཔེ་ཆ་མྱུར་ལེགས་འགྲུབ་པ་ན།།‍‍ང་ཡི་རེ་འདོད་སྐོང་བ་ཡིན།།‍‍བློ་གྲོས་རབ་ཡངས་ཁྱེད་རྣམས་ཀྱིས།།‍‍ཐུགས་ཀྱི་དགོངས་པ་ཆེན་པོ་མཛོད།།‍‍ལེགས་བཤད་རིན་ཆེན་ཚིག་འཕྲེང་འདི།།‍‍ཡོན་ཏན་ཕུལ་བྱུང་ཁྱེད་རྣམས་ཀྱི།།‍‍སྙན་དབང་གསེར་གྱི་བུ་ག་ལ།།ཡིད་འཛིན་ཚིག་གནད་ཞུས་པ་ཡིན།།     
ཞེས་པ་འདི་ཡང་ཀུན་མཁྱེན་དྲུག་པ་ཆེན་མོ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོས་དགུང་གྲངས་བཅུ་གཅིག་བཞེས་སྐབས་དུས་འཁོར་འདུ་ཁང་དུ་དཔེ་ཆ་སྒྲིག་པའི་དགེ་འདུན་པ་རྣམས་དཔེ་ཆ་བསྒྲིགས་རྒྱུར་སྒྱིད་ལུག་ནས་སུན་སྣང་སྐྱེས་པ་ན་དྲན་སྐུལ་གྱི་སླད་དུ་གསུངས་སོ།།   

༄༅། །ལོ་ཟླའི་ཐེམ་སྐས་རིམ་གྱིས་བརྒལ་ནས་བགྲང་བྱ་དྲུག་ཅུའི་རྙིང་ཧྲུལ་གྱི་རྫོང་མཁར་དུ་ཐོན་ཚེ། ཆེས་མཁོ་ཞིང་ལོངས་སྤྱོད་ཀྱི་རིན་ཐང་ལྡན་པ་ནི། མཛེས་སྡུག་དང་། ཐོབ་གོ་ས། ཁེ་སྙན་གྲགས། རྒྱུ་དཔལ་འབྱོར་སོགས་མ་ཡིན་ཏེ། དེ་དུས་སུ་རང་ལ་དབང་ཞིང་ཁུ་སིམ་མེར་རང་གིས་སྤྱོད་ཐུབ་པ་ནི་ནང་སེམས་ཀྱི་དཔལ་ཡོན་ཉམས་སུ་མྱོང་བ་དང་ཚ་མོ་སྙིང་ལ་ཤ་ཚ་བ་འདི་དང་མཉམ་དུ་འདུག་རྒྱུ་འདི་ནི་ཆེས་བདེ་སྐྱིད་ཅན་ཞིག་ཡིན། https://t.cn/A66nFHcK

༄༅།། གཟུགས་ཀྱི་བུ་མོར་རབ་བརྐམ་འཕྲུལ་གྱི་བུ་ཆུང་རང་གི་དགའ་མ་འཁྱུད་པ་བརྗེད།།
དུས་ཀྱི་ཚེ་སྲོག་བོར་བ་རྨི་ལམ་འཇའ་ཚོན་ལ་སྲེད་ནུ་ཞོའི་ལྟོ་ཅན་ནོ།།
སོར་མོའི་འདུ་འགོད་རབ་བསྒྱུར་བདག་པོའི་བྲན་ལས་འགོང་བྱེད་རང་གི་འཇིག་རྟེན་བསྐྲུན།།
ཁྲོམ་པའི་བདག་ཉིད་ཁམས་གསུམ་སྟོང་བར་རྟོགས་སྙམ་མགྲོན་པོའི་ཚོགས་ལ་སྙེམ་བཅས་སྨྲ།

ཞེས་ལས་བྱའི་ཚུལ་དུའོ།།#藏文书法[超话]##书法#


发布     👍 0 举报 写留言 🖊   
✋热门推荐
  • 莫斯科航展今日开幕,T50隐形战斗机表演眼镜蛇机动
  • 印媒:3000名解放军持轻机枪在中印对峙人链一公里处
  • 【荐读】别人不把你当回事,都是从这件事情开始的
  • 揍印度只服他:一言不合就开第二枪!
  • 绝不逗你玩!12星座的灵魂伴侣
  • 浙江考生高考646分上三本学院,问题原来出在这!
  • 【冷兔趣闻】震惊了!斗地主居然有这么多的套路!
  • 生活,把多少女人逼成了斤斤计较的泼妇
  • 罗援少将赴中印边境:绝不把祖国的领土守丢!
  • 开眼界|能分身能变脸,不出门也能看星空
  • 印度陈兵18万难敌中国基建优势 被山脉隔成散兵游勇
  • 人都是嘴上说着不要,身体却很诚实……
  • 内蒙古大学建校60周年校庆公告
  • 中国何时彻底失去耐心?印度在揣测,外媒在追问
  • 热点聚焦 | 杭州小区孝心车位 专门为回家看望父母子女提供免费停车
  • 金融传销猖獗:上百个资金盘出现问题 数百亿元资金被骗
  • 曝光医药广告表演 满头银发的专家是花钱请的演员
  • 三伏天「坐月子」中暑身亡,这样的惨剧还要重复多少遍??
  • 俄罗斯发生地震 堪察加半岛海域发生7.4级地震引发海啸!
  • 最高检决定对苏树林等5人立案侦查