࿑མི་ལུས་ཤིག་ཐོབ་ཐོབ་ལ།

རབ་ཡིན་ན་ཆོས་པ་ཞིག་འཁྱོངས་དགོས་ཀྱང་དེ་མི་འཁྱོངས།

བར་བ་མི་ཞིག་ཏུ་སྐྱེས་པ་ཙམ་ཤེས་པའི་ཆེད་དུ་འཇིག་རྟེན་པ་ཞིག་ཀྱང་འཁྱོངས་དགོས་ཀྱང་དེའང་མི་འཁྱོངས། ཐ་ན་དུད་འགྲོ་བཞིན་སུག་བཞི་བཙུགས་ནས་རྩྭ་ཟ་བའང་མི་ནུས་ན།

ད་ནི་ཅི་ནུས་ཞེས་རང་གིས་རང་ལ་མཛུབ་མོ་བཙུགས་ན་རང་ཉིད་རང་ཉིད་ལའང་ངོ་གནོང་རྒྱུ་ལས་གཞན་ཅི་ཡང་མེད་དོ།།

དོན་དངོས་ལ་ཆོས་བཤད་གྲོང་བཤད་ཀྱིས་ཁྱད་པར་འབྱེད་རྒྱུ་མེད་པར་སོ་སོའི་འཆར་ཚུལ་གྱིས་ཐག་གིས་བཅད་ཡོད།

࿑ སྡེ་སྦྱོར་མེད་ཀྱང་སྙིང་གི་བསྟོད་པ།

༡མདོ་དང་རྣམ་འགྲེལ་ལ་སོགས་སྡེ་བདུན་གྱི། །
དགོངས་པ་མ་ནོར་ཇི་བཞིན་ལེགས་བསྟན་པ། །
གངས་རིའི་ལྗོངས་སུ་རིགས་པའི་ཁུག་བྱུག་གཅིག །
ཀུན་དགའ་རྒྱལ་མཚན་ཞབས་རྡུལ་སྤྱི་བོས་མཆོད། །

༢ཕྱོགས་ཆོས་གཉིས་ཀྱི་གཞུང་ལུགས་ལས་བྱུང་བས། །
རིགས་པའི་རྩལ་གྱིས་རྒོལ་ངན་རྡུལ་ལྟར་བརླགས །
སྡེ་བདུན་ལུང་དང་རིགས་པའི་མགུལ་རྒྱན་པ། །
རིགས་པའི་སེང་གེ་ཆོས་རྗེ་ས་པཎ་མཆོད། །

༣གང་གི་གསུང་ལས་རིགས་པའི་གནས་ལྔ་ཡིས། །
འོད་ཟེར་རབ་འཕྲོས་རྨོངས་པའི་མུན་པ་དག །
གསལ་ནས་ཕན་བདེའི་དཔལ་སྦྱིན་འགྲོ་བའི་མགོན། །
གངས་རིའི་པཎ་ཆེན་ཁོ་བོའི་སྙིང་ནས་མཆོད། །

༤མདོ་སྔགས་མ་ལུས་སྡོམ་གསུམ་རབ་དབྱེ་ལས། །
བསྡུས་ནས་ཉམས་ལེན་འཁྲུལ་མེད་དེར་སྟོན་པ། །
རྨོངས་མུན་སེལ་བའི་སྒྲོན་མེ་རྐང་གཅིག་སྦར། །
འཁྲུལ་མེད་ལམ་སྟོན་ས་སྐྱའི་འཇམ་མགོན་མཆོད། །

༢༠༢༣-༡༢-༢༤ངལ་གསོ་བས།

࿑ མི་ཚེའི་བདེ་སྐྱིད་དང་མི་ཚེའི་རིན་ཐང་གཉིས་གོ་འཛོལ་འབྱུང་སླ་བས་གཟབ་པར་གལ་ཆེ་སྟེ། མི་ཚེའི་བདེ་སྐྱིད་ཟེར་ནའང་འདྲ། འཚོ་བའི་བདེ་སྐྱིད་ཟེར་ནའང་འདྲ། རང་གི་འཚོ་ཐབས་ཀྱི་ལམ་ཕྱོགས་དང་གོ་ཐོབ་གཞན་ལ་བསྡུར་དགོས་དོན་མེད་པར་རང་ལ་ཐོབ་ཡོད་པའི་འཚོ་བ་ལོངས་སུ་སྤྱོད་རྒྱུ་དེ་འཚོ་ཐབས་ཀྱི་རང་གཅུན་ཡིན་ལ། མི་ཕལ་མོ་ཆེའི་སྡུག་བསྔལ་ནི་གཞན་གྱི་འཚོ་ཐབས་ལ་སྨོན་ནས་རང་གི་འཚོ་བ་ལོངས་སུ་སྤྱོད་རྒྱུ་བརྗེད་ནས་འགྲོ་བཞིན་ཡོད་པ་དེ་ཡིན་མོད། དེ་མི་ཚེའི་རིན་ཐང་དང་གཏན་ནས་མི་འདྲ་བར། མི་ཚེའི་ལོ་ཟླ་ཚེས་གྲངས་ཀྱི་རིན་ཐང་དེ་ཁྱད་མཚར་བའི་རིག་འདེད་སྤྱི་འགྲོས་ཞིག་གིས་གཏན་ལ་ཕབ་པ་ཡིན་ཞིང་། དཔེར་ན། ཁྱིམ་རྒྱུད་ཞིག་གི་མི་རབས་གསུམ་ལ་མཚོན་ན། ཨ་ཕྱི་ནི་ཟ་ཁང་ཞིག་གི་སྦྱིན་བདག་ཡིན་ལ། ཨ་ཕའི་རིང་ལ་ཟ་ཁང་དེ་ལག་ནས་ཤོར་ཡང་ཟ་ཁང་དེའི་ཇ་མའི་དཔོག་ལེན་བཞིན་ཡོད་མོད། བུའི་རིང་ལ་ཇ་མ་ཡང་མ་འཁྱོངས་བར་ཟ་ཁང་དེའི་ཞབས་ཞུ་བ་ལྟ་བུ་ཞིག་ཡིན་པས་མི་རབས་གསུམ་ལས་ཕྱི་མ་གཉིས་གོང་འཕེལ་དུ་འགྲོ་མ་ཐུབ་པར་རིམ་པ་དམའ་བའི་ནུས་ཤུགས་ཅན་དུ་ཆགས་སོང་ན། དེ་ནི་ཁྱིམ་རྒྱུད་མི་རབས་དེའི་རིན་ཐང་རིགས་འདེད་ཁྲོད་ཕྱི་མ་གཉིས་ཀྱི་མི་ཚེའི་རིན་ཐང་ཨ་ཕྱི་ལས་ཞན་པོ་ཡིན་པའི་སྤྱི་འགྲོས་སླེབས་ཡོང་བ་རེད། དེ་བཞིན་ཨ་ཕྱི་ཞིང་པ་དང་ཨ་ཕ་དགེ་རྒན། བུའི་རིང་ལ་འབུམ་རམས་པའི་ཚད་གཞི་སླེབས་པ་ཡིན་ན་རིགས་འདེད་དེ་ལས་མི་ཚེའི་རིན་ཐང་གཅིག་ལས་གཅིག་གོ་ཆོད་ཡོད་པ་ལྟ་བུ་ཡིན་པས། མི་ཚེའི་རིན་ཐང་དེ་ངེས་པར་དུ་མིའི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལོངས་སུ་སྤྱད་པའི་གཞི་རྩའི་གྲུབ་འབྲས་དང་ཚད་གཞིའི་སྟངས་མངོན་དགོས་པས། དེ་ནང་བསམ་པའི་དཔལ་ཡོན་ཁོ་ན་ལས་བརྗོད་ཐབས་བྲལ་ལ་ཡང་ནང་བསམ་པའི་དཔལ་ཡོན་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡང་ཡིན་ནོ། །


发布     👍 0 举报 写留言 🖊   
✋热门推荐
  • 所以是我俩工作太忙了还是感情太寡淡[doge] #小肥柴小肥柴[超话]# 《小肥柴绘画大赛·暨民间群灵魂画手寻找活动》[好喜欢]图一选手,画的还是非常不错的,起
  • #女生头像[超话]#手绘头像男手绘头像女艒总是喜欢拿“顺其自然”卡通可爱壁纸来敷衍人生道路上的荆棘坎坷,动漫女头动漫男头动漫情头却很少承认头像女高冷头像男高冷简
  • 1、第一时间通知亲朋好友我们都知道很多网贷在申请的时候基本上都会要求授权通讯录权限,一旦授权了通讯录权限之后平台就归读取借款人的通讯录并且备份到服务器,他们这么
  • #動物の日記 按24小时来算,在岛上的第1⃣️天 还清了帐篷贷,可是一点都不清俭持家只想着变漂亮的我,第一期房贷还遥遥无期着~ 真的太好玩太好玩了!完全不觉得乏
  • “这………”看着变成气球的小灰鼠,花栗鼠一时不知说什么好了,想了想说,“好在飘在空中送信不是很麻烦。”小灰鼠看了信里的内容,觉得自己自气了一回。
  • : 嗯……反正我也不知道为什么,你是你,我就是很喜欢你,不管你是谁近来很喜欢嵩哥的柳成荫,喜欢这种洒脱的感觉。 : 也不是Me: 那为什么喜欢我?
  • #女生头像[超话]#手绘头像男手绘头像女艒总是喜欢拿“顺其自然”卡通可爱壁纸来敷衍人生道路上的荆棘坎坷,动漫女头动漫男头动漫情头却很少承认头像女高冷头像男高冷简
  • 我们每个人都是公民,因为公益站让我们看到了更多信息,公益是因为爱,我作为公民愿意助力。我就想说,不管是谁代言谁宣传这次的助农活动。
  • 美国黑色沙漠里的住宅,这是由著名设计创意总监 marc atlan和oller & pejic建筑工作室设计的住宅,住宅位于美国加利福尼亚州的约书亚树国
  • 她们都有着各自的使命,给予我们所需,我热爱现在的生活环境,想到故我今我同为一人,一点也不使我难为情,一转身,都是我的足迹……每个人都有选择自己生活方式的权利,而
  • 看见他的那一刻,我轻轻笑了。 我坐在咖啡馆的靠窗位置,等着他一步步向我走近。我的心不可抑制地怦怦乱跳,就连脸上的温度都有些烫人。我抬头看了他一眼,又匆匆低下了
  • 还有曾经喜欢的人,对你所有的话都是真的,感情也是真的,我也曾想过和你的未来,只是很遗憾,我们没有结果了。我曾经的朋友们,我没有怪你的意思,我也没有觉得一个人就必
  • 情感挽回+自我提升:姑娘因为原生家庭的影响,性格内向,比较自卑,加上是初恋,只知道一味去迎合对方,男友离异,把她当备胎,姑娘几年前就想咨询,一直没下定决心,耽误
  • 还有曾经喜欢的人,对你所有的话都是真的,感情也是真的,我也曾想过和你的未来,只是很遗憾,我们没有结果了。我曾经的朋友们,我没有怪你的意思,我也没有觉得一个人就必
  • 大晚上突然想起来有一阵子我喜欢给自己改奇奇怪怪的微信名一天心血来潮就改成了李秀莲结果以前加的做美甲的姐姐好像误会了在我找她做指甲的时候无意之中瞟了一眼她的手机发
  • 事情是这样的,我在一个叫娱小猫的博主那里看到关于网络暴力和肖战做公益相关的内容(由于前段时间的系列事件,我有幸知道了肖战是谁,并且以为爆破和碰瓷事件的风波过去了
  • 去考证了一下……马卡的确发了这条新闻,然而新闻内容点进去源头是一个个人ins账号上发的快拍,这个账号你罗关注了,大概率互相认识[二哈]但是这个人发的已经删掉了…
  • 【射手座】其实射手座自己都很清楚自己到底有多爱玩,不是他们浪,而是他们也曾想过控制自己,所以当射手喜欢一个人的时候,会刻意主动戴上紧箍咒,给予你念咒语的权利,还
  • 自古以来就有“千年的村庄,万年的邻居”之说。我们曾如此期盼外界的认可,到最后才知道:世界是自己的,与他人毫无关系~!
  • 幸好 四面八方而来的 支持和喝彩是我的‘稻草’ 只要支撑自己的那根筋没有断掉 迟早要撞破 世人眼中的‘南墙’吧萤火棒星星点点从各个地方汇聚而来挥舞时就自动流淌成