གླིང་རྟགས་འཕེལ་དགོན་པའི་མདུན་རི་རྫ་ཡི་རྡོ་རྗེ་ཤྭ་ཁྲམ་གྱི་མདུན་ལུང་ནང་གསར་བཞེང་བྱས་པའི་ཆོས་རྗེ་ཀརྨ་པ་དང་སི་ཏུ་རིན་པོ་ཆེ་གཉིས་ཀྱི་རྡོ་སྐུ་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཞབས་རྗེས། ཁོང་གི་ཆིབས་པ་ཅང་ཤེས་ཀྱི་ཞབས་རྗེས། རིག་གསར་སྐབས་བཅད་སོང་བའི་ཆིབས་པ་ཅང་ཤེས་འདོགས་སའི་ཐང་ཤིང་གི་རྩ་བ་དང་དེའི་ཉེ་སྐོར་ན་གསར་དུ་ཚར་བའི་ཐང་ཤིང་ཆུང་ཆུང་ཞིག་དང་།ངོ་མཚར་ཞིང་ཤ་ཚ་བ་ཞིག་ལ་ཐང་ཤིང་ཆུང་ཆུང་དེའི་ཐོག་ཏུ་བྱིའུ་ཚང་ཞིག་དང་། དེའི་ནང་དུ་བྱིའུ་ཞིག་ཁུ་སིམ་མེར་ཉལ་འདུག ། གཞན་ཡང་རྡོ་ཕ་བོང་གི་ཐོག་ཏུ་བརྐོས་པའི་མ་ཎི་སོགས་རྡོ་བརྐོས་ཕུན་སུམ་ཚོགས་པ་སོགས་མདོར་ན་རྫ་ཆབ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཞིང་རྫ་བྱ་གོང་མོས་གླུ་སྐད་སྙན་ས་ཞིག་རེད་འདུག ། གནས་དེ་རུ་གླིང་རྟགས་འཕེལ་དགོན་པའི་དགེ་འདུན་རྣམས་བསང་མཆོད་དང་འཇལ་སྐོར་དུ་ལོ་ལྟར་དཔྱིད་ཀ་ཕེབས་ཀྱིན་འདུག ། དེ་མ་ཟད་ཡུལ་མི་རྣམ་པ་ཡང་ལོ་ལྟར་རུ་བ་མཚེས་ཐོག་ཏུ་བབ་ཉིན་མོ་རླུང་རྟ་བགྲོན་པ་དང་གསོལ་འདེབས་སྨོན་ལམ་བྱེད་དུ་དེར་འགྲོ་སྲོལ་ཡོད་རེད་ཟེར།

མ་རེད།
འཛུམ་མདངས་མ་རེད་བཅོས་མའི་དགོད་པ་མ་རེད། །
མཛེས་པ་མ་རེད་བཟོ་མིན་རང་ཤ་མ་རེད། །
བརྩེ་བ་མ་རེད་ལྷད་མེད་ལྷག་བསམ་མ་རེད། །
དུང་བ་མ་རེད་ཡིད་ཀྱིས་དྭངས་གཙང་མ་རེད། །

འཇམ་པོ་མ་རེད་གནས་ལུགས་བསླབ་བྱ་མ་རེད། །
རྩུབ་པོ་མ་རེད་ངོས་དགའ་ལྐོག་ལབ་མ་རེད། །
དྲང་པོ་མ་རེད་ཕྱོགས་ཞེན་དག་པ་མ་རེད། །
རྫུན་པ་མ་རེད་སྐྱོན་མེད་རང་བརྗོད་མ་རེད། །

ཁ་མཚར་མ་རེད་ཕན་མེད་དགོད་གཏམ་མ་རེད། །
གཡོ་སྒྱུར་མ་རེད་རང་འདོད་གཏམ་འཁྱར་མ་རེད། །
ཉན་བསམ་མ་རེད་བསྟོད་པའི་སྙན་ཚིག་མ་རེད། །
མི་ཡག་མ་རེད་བསླུ་བའི་མཚོན་ཆ་མ་རེད། །

2024/5/14 ཉིན།

ནུས་པ་མེད་ཀྱང་རུས་པ་ཡོད་དགོས།

ཚོར་བཟི།

ཞིབ་ཏུ་བསམ་བློ་ཞིག་བཏང་ན་མི་རིགས་ཤིག་གི་སྐད་དང་ཡི་གེ་མི་རིགས་རང་ཉིད་ཀྱི་ཡར་རྒྱས་དང་གོང་འཕེལ་དུ་གཏོང་བ་ཁྲིམས་མཐུན་ལུགས་མཐུན་ཡིན་ནའང་དེང་སང་ང་ཚོ་བོད་མི་འགའ་ཞིག་བོད་ཡིག་བོད་སྐད་ལ་ཤ་ཚ་དང་དུང་ཞེན་མིན་འདུག
ཀྱེ།

ང་དང་རིགས་གཅིག་གི་སྤུན་ཟླ་ཚོ།
ཁྱེད་ཚོས་བོད་སྐད་ཅིག་བཤད་རོགས།

ཁྱེད་ཚོས་བོད་ཡིག་ཅིག་འབྲི་རོགས།
ང་ཚོ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ཐུ་བྷོད་བཙན་པོའི་བརྒྱུད་འཛིན་པ་ཡིན་ཕྱིར་ང་ཚོས་མི་རིགས་ལ་འགན་མ་ཁུར་བའི་བྱ་བ་བསྒྲུབ་མི་འོས།
ཁྱོད་ལ་ནུས་པ་མེད་ཀྱང་རུས་པ་ཡོད་ནི་ཞིག་བཅའ་རོགས་གཞན་སྐད་བསླབ་ཀྱང་རང་སྐད་མི་བརྗེད་ནི་ཞིག་བཅའ་རོགས།
སྐད་དང་ཡི་གེ་ཉམས་ན་མི་རིགས་ཤིག་འཇིག་རྟེན་འདི་ནས་ཤི་སོང་བ་ཡིན་པ་ཁྱེད་ཚོས་ཀྱང་ལོས་རྟོགས།
དེའི་ཕྱིར་བོད་མི་རིགས་ཀྱི་སྐད་དང་ཡི་གེ་བོད་རང་ཉིད་ཀྱིས་བཀོལ་སྤྱོད་བྱས་ནས་ཡར་རྒྱས་སུ་མ་གཏོང་ན་གཞན་སུ་ཞིག་གིས་བཀོལ་སྤྱོད་བྱེད་དགོས་པ་རེད།
ཁྱོད་རང་ཉིད་གངས་ཅན་པ་དང་ཤ་ཁྲག་གཅིག་པའི་རིགས་ཤིག་ཕྱིར་ཁྱེད་རང་གི་མི་རིགས་ལ་ཤ་ཚ་ངེས་ཅན་དགོས།
བསམ་གཞིགས་ཤིག་གནང་རོགས།
ཁྱོད་ལ་རྐུབ་སྟེགས་མཁོའམ་མི་རིགས་མཁོ
སྤྱང་ཚོགས་ཀྱིས་ལུག་ཁྱུ་ཟ་འདོད་ཀྱི་ལྕེ་རྩྭ་འཕགས་ཀྱིན་ཡོད་ན་ལུག་རྫི་ཁྱེད་བག་ཕེབས་ངང་འདུག་ཚོད་མ་རེད།
ཁྱོད་ཀྱིས་རྐུབ་སྟེགས་ཤིག་གི་ཆེད་དུ་རང་གི་མི་རིགས་འདི་འཆི་འུ་འཇོག་འདོད་དམ།

ཀྱེ།

བོད་རིགས་ཀྱི་གསར་སྐྱེས་ཚོ།

ད་ང་ཚོ་སད་རན་རེད།


发布     👍 0 举报 写留言 🖊   
✋热门推荐
  • 刘聪也是直接又直白的回应,将热搜界面图截个图然后再用红笔在热搜词条添加了一个字"没"字,立马就晒热搜截图回应,“keyl刘聪没出柜”直接否认
  • 无人与我捻熄灯,无人共我书半生。#情感[超话]##情话[超话]##暗恋[超话]##读书[超话]##日常[超话]##晚安[超话]##推文[超话]#无人与我立黄昏
  • 像是号称国内「国民闺女」的关晓彤,还有校园剧的常客吴倩,都是真正的学霸,杨幂其实也是学霸,她曾说过家里专门出清华大学的呢!许多人都喜欢追青春校园甜宠剧,这种剧不
  • ◾艾雷骑士金色酒体,闻起来淡淡清香,喝起来却有威士忌的淡淡烟熏味,这就是经过历练的男人所有的气质,⚡低调、奢而不华却拳拳到肉。凤梨汁迫不及待的喝上一口,果汁细腻
  • 尝试入睡失败真的很困但是睡不着今天刚好去了承载童年回忆的老房子,阳台上阳光充足的要命,想起很久以前在阳台上种植的芦荟生机勃勃然后刚好看完了《从前我死去的家》是本
  • 根据统计,自2014年10月21日在巴萨对阵阿贾克斯的欧冠比赛中梅西被替换下场后,这是梅西时隔近8年首次在欧冠中被替换下场。根据统计,自2014年10月21日在
  • 无数次的带入自己,带入身边的朋友,也会带入我的偶像们,那些我深爱了10余年20余年的女人们……越来越理解玉姐姐的心境了[抱抱][抱抱][抱抱]我们都要加倍爱自己
  • 【浙江#嘉兴多个地产项目因延迟开竣工被罚款#】9月7日,经济观察网获悉,8月底前后,浙江省嘉兴市秀洲区多个房地产项目,因没有按照土地出让合同约定的时间开工、竣工
  • #超级购物节清单#黑手又干燥的妹妹速来!是有权威认证的美白特证的,含有2%纯度烟酰胺+玻尿酸+尿素,美白滋润一个不落,坚持用完可以变白嫩的那种拍白桃气泡乌龙的选
  •     后来,比丘们请问世尊:“世尊,小驼背造作什么恶业,在七天中,众比丘竭尽全力都无法救他,虽是阿罗汉,却在饥饿状态下趣入涅槃?阿难从城中化缘回来,听说小驼背
  • 应采儿永不言败的奔跑笑着冲向未知的远方,喊着我一定见会红的,太有感染力了,有梦追逐的人啊,太棒了。我们之所以,作者,刘鑫,20192月24我们之所以能够想踏着日
  • 龙树菩萨:赞法界颂 圣龙树菩萨造 西天北印度乌填曩国帝释宫寺三藏传法大师赐紫沙门臣施护奉诏译 归命十方佛  法身及报化 愿共诸众生  速成法界性 轮回
  • #日常碎片plog##日常碎碎念# 离家倒计时一天 这个假期吃到了自己在学校惦记的所有小吃 也见到了日日夜夜惦记的姐妹小伙伴 也在vb上认识了好多姐妹哈哈哈哈她
  • 科学家们认为,银河系中大约有10亿颗中子星,其中一些恰好以双星的形式出现。因此,研究人员似乎碰巧发现了一颗中子星合并——几乎是在它发生时就探测到了。
  • The Mercedes-Maybach S680 by MANSORY in ablack/golden duo-tone exterior finish w
  • 】来霍比特小屋享受童话般的生活~其区域打造电影中春意烂漫的童话花园,这里可以让你少女心爆棚,秒变迪士尼在逃公主,无论是闲坐、静站或是行走,随手一拍都是氛围感满满
  • #愿你遇到的人都是温暖的##华为Mate50发布#真正厉害的人,从不问这三件事!“人生过得太精明,是一种累,处世做得太极致,是一种扰。
  • 新疆 | 这里不是摩洛哥‼️ 这里是新疆吐峪沟麻扎村 吐峪沟大峡谷的麻扎村是新疆现存最早的仍在使用的生土居民建筑,最古老的民居超过了四百年,在民居的木门上可以
  •   9月5日上午,贺书贵法官将该份人身安全保护令送到许老太手上,许老太和大儿子看着这份保护令,心情激动、连声感谢。(安徽商报融媒体记者 张剑)【#儿子常年酒后骚
  • 呃呃呃、、、死我了 看莲莲拍自己脸以外的东西,就是简简单单也没什么角度,咔咔拍两张,简单粗暴,没什么技术含量的样子,好像不是很会拍照。但是莲莲一拍自己的脸, 就