࿑ རྒན་གུར་མགོན་སྐྱབས་ལགས་ན་རེ། སྐུ་ཞབས་གངས་འཚོ་ལགས་ཀྱི་རྩོམ་ཡིག་རྣམས་ལ་ནི་ཁོ་བོས་ཞིབ་པར་མཇལ་མྱོང་བར་མ་ཟད། ནམ་ཡང་ལོ་རྒྱུས་བསླབ་གཞིའི་དཔྱད་ཡིག་དང་པོར་བཞག་པ་ཡིན། སློབ་ཁྲིད་ཀྱི་སྐབས་ལ་ལར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱིས་ལ་བྱོན་པའི་ལོ་རྒྱུས་སྨྲ་བ་དོན་ལྡན་ཞིག་བཞག་ཆོག་ན་གངས་འཚོ་ཉིད་དོ་ཞེས་ངོམས་བཤད་ཀྱང་ཆེར་བྱས་མྱོང་སྟེ། དེ་ནི་རྩོམ་མཁན་ལ་མོས་ཞེན་གྱི་དབང་གིས་བག་མེད་པར་སྤོམ་ཚོད་བགྱིས་པ་མ་ཡིན་པར། དཔྱད་འབྲས་ཀྱི་གྲུབ་དོན་ལ་དཔགས་པའི་མྱོང་སྣང་ངོ་མའི་སྟབས་ཀྱིས་སོ། །རྒྱུ་མཚན་འགའ་ཞིག་ཡོད་དེ། ཡིག་རྩ་བཟང་བས་དོན་གྱི་གནད་ཟིན་པ། དོན་རྩ་ཟབ་པས་ངེས་ཤེས་གསར་པ་བསྐྱེད་པ། མདོ་རྩ་གསལ་བས་དགོས་དོན་རྫོགས་པ། རང་བཟོའི་ཉེས་པ་མེད་པས་ཁུངས་ཐུབ་པ། ཞིབ་རགས་རྣམ་དབྱེ་ཐོན་པས་གོ་རིམ་སྟབས་འགྲིག་པ། གཞན་ཡང་གང་ལུང་དྲངས་པ་རྣམས་གོད་མེད་དུ་འབབ་པ། རིགས་པས་ཉམས་བརྟག་ཚོད་བརྟག་རན་པ།  ཚིག་གི་ཟུར་ཐོན་པ། དོན་གྱི་སྣེ་མ་རལ་བ། ཤེས་རབ་ཀྱི་ཟོ་རིག་ཆེ་བ། བརྗོད་པ་ཚང་ལ་མ་ནོར་མ་འཁྲུགས་པ་སོགས་ལེགས་ཚོགས་ཇི་སྙེད་ཅིག་འདུས་པ་ཉིད་དོ། །

࿑ ངེས་པ་དོན་གྱི་ལོ་རྒྱུས་སྨྲ་བ་བོ་རྒན་གངས་འཚོ་ལགས་ཀྱི་དེབ་གསར། དེབ་འདི་དགོས་མཁན་ཚོས་དེབ་སྟེང་གི་བཤེར་རིས་བརྒྱུད་ནས་འབྲེལ་དང་། གོང་བདེ་བྱེད་ཀི་ཡོད།

༼༼༼མུ་སྟེགས་གཅེར་བུ་བའི་སྙིང་སྟོབས་ལ་བསླབ་པར་བྱ༽༽༽
࿑མུ་སྟེགས་པ་རྣམས་ཀྱི་ནང་ནས་ཟད་བྱེད་གཅེར་བུ་བའི་སྤྱོད་པ་འདི་ཅུང་ཟད་ཧ་ལས་དགོས་པ་ཞིག་རེད། ལྟ་བའི་ཆ་ནས་སྲོག་བདག་ཏུ་འདོད་པ་དང་ཀུན་མཁྱེན་མེད་པར་འདོད་པ་དང་ལྗོན་ཤིང་སེམས་ལྡན་དུ་འདོད་པ་སོགས་འཁྲུལ་བ་མང་བ་ནི་སྨོས་དགོས་སོ།།

སྤྱོད་པའི་ཆ་ནས་བཤད་ན་མུ་སྟེགས་གྲུབ་མཐའ་གཞན་དང་མ་འདྲ་བ་ཞིག་ཡིན། སྤྱིར་ན་མུ་སྟེགས་གྲུབ་མཐའ་ཐོག་མར་བྱུང་ཚུལ་ནི། གྲུབ་མཐའ་རྩ་བ་ལས།
ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས།།
གྲངས་ཅན་གཞུང་བརྩམས་དེའི་བདག་རྣམ་དབྱེ་ལ། །
སྒྲོ་བཏགས་མི་འདྲས་མུ་སྟེགས་ལུགས་མང་གྱེས།། ཞེས་གསུངས་པ་ལྟར་བསྐལ་བ་དང་བོའི་ཚེ་སྐྱེ་རྒུ་རྣམས་ཀྱིས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ཤིག་ན་བྲམ་ཟེ་སེར་སྐྱ་ཞེས་བྱ་བས་གྲངས་ཅན་གྱི་གཞུང་བརྩམས་པ་ལ་བརྟེན་ནས་དེའི་བདག་འདོད་ཚུལ་གྱི་སྟེང་ནས་ཅུང་ཟད་ཅུང་ཟད་མི་འདྲ་བ་ཆགས་ནས་ལུགས་མང་དུ་གྱེས་སོ།། སེར་སྐྱས་གཞུང་བརྩམས་པའི་དགོས་པ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པས། གཞན་དག་ལམ་ལེགས་པ་བསྟན་པའི་ཕྱིར། ཞེས་དང་།
༧གོང་ས་རྒྱལ་བའི་དབང་བོས་ཀྱང་ལྟ་བ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ་མང་བོ་ཡོད་ཀྱང་ཆོས་ལུགས་གང་དང་གང་ཡིན་ཡང་ཐོག་མར་བྱུང་དུས་གཞན་ལ་ཕན་པའི་ཕྱིར་བསྐྲུན་པ་ཡིན་གསུངས།

འདིའི་ཚིག་རིས་ཇི་ལྟ་བ་མིན་ཀྱང་དོན་དེ་འདྲ་ཞིག་གསུངས་ཡོད་པ་དྲན།

ལུགས་མང་དུ་གྱེས་ཀྱང་གཙོ་བོར་གྲགས་པ་ནི། རྩ་བའི་སྡེ་དྲུག་དང། རྟོག་གེ་སྡེ་ལྔར་གྲགས་པ་སོགས་ཡིན་ལ།

དེ་དག་གི་ནང་ནས་མུ་སྟེགས་གཅེར་བུ་བ་ནི་སེམས་ཅན་གཞན་ལ་འཚེ་བ་མི་བྱེད་པ་རང་ཉིད་ཁོ་ནས་དཀའ་ཐུབ་སྤྱད་དེ་ལམ་ཉམས་སུ་ལེན་མཁན་ཞིག་ཡིན་པར་གྲགས། མ་ཟད་མུ་སྟེགས་སྡེ་བ་གཞན་དག་དང་འདྲ་བར་བ་ལང་གི་བརྟུལ་ཞུགས་སོགས་བཟུང་ནས་འདོད་ལོག་སྤྱད་དེ་ལམ་ཉམས་སུ་ལེན་མཁན་ཞིག་ཀྱང་མིན་པར་མངོན།
གཞན་དག་དེ་ལས་ལྡོག་སྟེ་རྟ་དང་བ་ལང་སོགས་ཀྱི་མཆོད་སྦྱིན་བྱེད་པ་ལ་བརྟེན་ནས་རང་གི་ལམ་ཉམས་སུ་ལེན་པ་དང་མ་དང་སྲིང་མོ་ལ་སྤྱད་ནའང་ཉེས་པ་ལས་ཐར་བ་ཡོད་པར་གྲགས།

འདི་དག་ལ་གཞིགས་ན་གཅེར་བུ་བ་ནི། མི་ཆོས་དང་བསྟུན་པ། སྒེར་སེམས་ཆུང་བ། སྙིང་སྟོབས་དང་ལྡན་པ། རྒྱུད་ན་སྙིང་རྗེ་ཡོད་པ། འདོད་པ་ཆུང་བ་འདོམས་དཀྲིས་ཙམ་ལས་དངོས་པོ་གཞན་མི་འཆང་བས་ཆོག་ཤེས་པ། དེ་ལྟ་ན་གཅེར་བུ་བའི་སྙིང་སྟོབས་དང་ཆོད་སེམས་དང་བློས་བཏང་ལ་ཅིས་ཀྱང་སློབ་སྦྱོང་ཞིག་བྱས་ཀྱང་མི་ཆོག་པ་ཅི་གདའ།
འོན་ཀྱང་ཧ་ཅང་ཡིད་སྐྱོ་དགོས་པ་ཤིག་ལ་སྙིང་སྟོབས་དེ་སྤྱོད་སའི་ཡུལ་གོལ་སོང་བ་དེ་རེད།
དེང་དུས་ཀྱི་གཞོན་རབས་པ་དག་གིས་མགོ་སེར་ཚོ་དང་མྱི་ནག་ཚོས་ས་ལྡིང་གནམ་ལྡིང་ཙམ་བྱེད་པ་ལ་སྙིང་གི་ཕུགས་སུ་མིག་དཔེ་རུ་འཛིན་པ་ལས་མུ་སྟེགས་གཅེར་བུ་བའི་སྤྱོད་པ་ལ་ཡ་མཚན་ཅུང་ཟད་སྐྱེས་ཀྱང་དེ་ལ་ཕྱིན་ཅི་ལོག་ཏུ་མི་སེམས་སོ།།

གནའ་བོའི་གཅེར་བུ་བའི་གྲུབ་མཐའ་འཛིན་མཁན་ནི་ད་ལྟ་རྒྱ་གར་བའི་ཁྲོད་ནའང་ཡོད་པར་གསལ། ལ་ལས་དུས་ངེན་ཅན་ཞིག་གི་རྗེས་སུ་ཁོ་ཚོ་གཅེར་བུར་ཁོ་ན་མི་འདུག་པར་གོས་དཀར་བོ་རྐྱང་རྐྱང་གྱོན་ཟེར། དེའང་བདེན་མོད་ཀྱང་གོས་མེད་པའང་མངོན་ནོ།།

གཅེར་བུ་བའི་མིང་གི་རྣམ་གྲངས་ལ།
གཅེར་བུ་བ། མཆོད་འོས་པ། རྒྱལ་བ་བ། ཟད་བྱེད་པ། ཕྱོགས་ཀྱི་གོས་ཅན། མཁའ་ཡི་གོས་ཅན། ཀུན་ཏུ་རྒྱུ། འཚོ་བ་བ། འཛེམ་མེད་པ། ཐལ་བ་བ། ཞེས་སོགས་ཡོད་པ་དང་མིང་མི་འདྲ་བ་རེ་རེའི་རྒྱབ་ན་འགྲེལ་བཤད་མི་འདྲ་བ་རེ་རེ་ཡོད་དོ།། ༢༠༢༣\ ༣\ ༡༠\ ཉིན་རྨ་པྲཛྙཱས།


发布     👍 0 举报 写留言 🖊   
✋热门推荐
  • 《你好,李焕英》里面说,从我有记忆起,我妈就是一个中年妇女的样子。 我知道我妈年轻时特别漂亮。据说入职后第一次开会,她差点迟到,推门进去时所有男老师都愣住了。
  • 只是过年闲聊不知讲什么罢了 借个自己还是单身的话题大家都开心一下 现在看看也没必要了 没想到还真是有人热心。大二那年把一28岁男的带到家里 当时强装镇定大方地应
  • 晚上纠结了很久还是选择看了布达佩斯大饭店,但是看完有点后悔因为这部对我来说鉴赏门槛有点高了…。对历史一窍不通所以对于文化背景一无所知,也就完全没看出来所有的隐喻
  • 我看見的是庫存漸漸的減少當中,她提出的方案,我覺得很不錯,大家的職務上都有代理人,唯獨她沒有,誰能當她的代理人,我也是很想知道,她的筆記本記著滿滿的油漆區域與位
  • 《人生箴言》(日 ) 之 少年(每日一则) 一般认为一旦过去就不是什么大不了的事情,而正在青春期的人身处其中,往往不知怎么办才好,独自陷于苦恼之中,这时候如能
  • 认真思考一下自己之所以更爱猫而非狗 可能是因为爱狗人士所提倡的忠诚和陪伴并非我期待中的理想情感。 我更希望一段感情因故或无故中止后自己和对方都能坦然面对,在彼此
  • 如我这样的爽朗汉子,一般人应该感觉我是没有烦恼甚至没有油盐柴米之忧,其实非也!年轻的时候经历悲欢离合,在家人和朋友的关怀下尽管挥之不去的过往扎根牢实伤筋动骨,不
  • 我崽今天还得了答题小达人[嘻嘻]我崽的性格就是这种比较乐观、自信、脸皮厚、自我满足感比较强[允悲]考试80多分(请注意,才二年级),自己觉得还不错,就是担心她爹
  • 【5月银行业罚单报告:共314张罚单,股份制银行中浦发银行罚单数最多】凤凰网财经《银行财眼》根据银保监及央行官网公布的行政处罚统计,2021年5月份,银保监会及
  • #CPA打卡[超话]# 5.16合计7.7小时 1审计:①账户完整性②发生额③获取检查对账单④获取检查调节表⑤函证⑥定期存款⑦互联网支付➕十二章题 2财管:短
  • 《声母表和韵母表》声母表 23 b p m f d t n l g k h j q x zh ch sh r z c s y w 韵母表 24 a o e i
  • #夜之国的库帕-(日)伊坂幸太郎,毕旻译[图书]# 8 第十一本伊坂幸太郎 十分伊坂风的碎碎念温暖小故事 看很多评论说这故事废话多 可我很喜欢 大反转是独眼兵长
  • 因工作安排,我目前出诊已经从北京变更到杭州,上海和北京偶尔会有出诊,但是需要提前预约。 目前我们主要开展的是海扶刀治疗,主要治疗疾病有胰腺癌,肝癌,乳腺癌,乳
  • #佛教[超话]# 今天遇到了这样一位缘主于是顺便叮嘱大家一些关于供神的事情。 有的缘主自己或者家里人有宗教信仰,于是想在家里供佛菩萨或者供神像,这个是好的想法,
  • #严浩翔[超话]#⚽️#严浩翔 时代少年团第一rap担# ——⚽️日常数据打卡4月月表+月满咔表⚽️—— 总打卡人数 ☄️5️⃣3⃣️7⃣️27 月满咔
  • 下午第一节课 带几个学生出校门办一点事 路过一个小卖铺 一个调皮学生说想吃冰棍 我想着天这么热吃根冰棍合情合理 决定请他们吃冰棍 于是办完事带着他们去了那家小卖
  • #临汾博爱生殖医院#临汾评价好的妇科医院  TCT检查的优势   女性在听到TCT检查后,必然想知道这个检查的优势有哪些?那么具体的优势有哪些呢?   1、
  • #轻舟皓月[超话]# 原梗是其他地方看到的熊孩子发言,扩写了一下。可代p1 刚搬到附近的人家邀请邻居到家里吃饭,16岁留着金色中长发的和家人一起来到了这家人
  • 我在新一年的時候, 我都應該做的是早日定下了自己的一些人生的目標了, 我今年目標很簡單做一個的聰慧的男人而已, 並想要做一個有一個成功而有承擔的男人、也想要做一
  • 小猩年前临放假用两个水培种植箱捣鼓种了小萝卜。以前在日本看到他们植物工厂用自循环水培种的樱桃萝卜,一直很羡慕[憧憬] 哎,忙着放假心都野了,竟然没给机器设定开