༄༅། །འབུམ་སྟེང་བཀྲ་ཤིས་ཆོས་འཁོར་ཉིན་བྱེད་གླིང་གི་རྒྱུད་པ་གྲྭ་ཚང་གི་གྲྭ་ཕྲུག་རྣམས་ཀྱི་ལོ་སྟོད་རིག་གནས་བྱེད་སྒོ། བོད་རྒྱལ་ལོ།༢༡༥༡ ཕྱི་ལོ།༢༠༢༤

བོད་ཟླ་གསུམ་པའི་ཚེས་གཅིག་ནས་བཟུང་སྟེ་ཟླ་བ་གཅིག་གི་རིང་ལ་ཚོགས། ཉིན་བཅུ་གྲངས་རྗེས་སྔོན་འགྲོའི་རྒྱུགས་གཞི་བཀྲམ། ཉིན་གསུམ་ཙམ་ལ་བསྐྱར་སྦྱོང་བྱས། ཉི་ཤུ་དགུའི་ཕྱི་དྲོར་བྲིས་གཟུགས་ཀྱི་རྒྱུགས་བླངས། གནམ་གང་ལ་གཞན་དག་རྒྱུགས་སྤྲོད་དེ་བཞི་པའི་ཚེས་གསུམ་ལ་རྒྱུགས་འབྲས་བསྒྲགས། དེའི་ཡུན་གྱི་གྲྭ་ཕྲུག་༥༥ཙམ་དང་ཚོགས་རིམ།

བསླབ་ཚན།

དགེ་རྒན།
བྲིས་གཟུགས།

འཇམ་དབྱངས་བསོད་ནམས།
དག་ཡིག །

བློ་བཟང་བསྟན་རྒྱས།
སུམ་ཅུ་པ།

རྒྱལ་མཚན་དབང་རྒྱལ།
འདི་ཕྱིའི་ལམ་བཟང་།

བསྟན་འཛིན་དབང་ཕྱུག །

ཞོགས་པ། 10:00 འདི་ཕྱིའི་ལམ་བཟང་།

11:00 བྲིས་གཟུགས།
ཕྱི་དྲོ།

3:00—5:30ཙམ། དག་ཡིག་དང་སུམ་ཅུ་པ།
དེའི་ཡུན་དུ་དགེ་སྐོས་ངག་དབང་རྒྱལ་མཚན་ལགས་ཀྱང་ཉིན་ལྟར་ཚོགས་པས་དཔེ་འཁྲིད་ཀྱི་ཁོར་ཡུག་ལ་ཤིན་ཏུ་ཕན་སོང་།

༨༦—༩༠བར་གསུམ་པ་དང་། ༩༡—༩༥བར་གཉིས་པ་དང་། ༩༦—༡༠༠བར་དང་པོ་ཡིན། ཡིག་གཟུགས་ལས་གཞན་པའི་ཨང་རིམ་ཅན་གྱི་རྒྱུགས་འབྲས་གཤམ་གསལ།
དང་པོ་ཅན། ༣༢ གཉིས་པ་ཅན། ༥

གསུམ་པ་ཅན། ༧

༈ འདི་ཕྱིའི་ལམ་བཟང་འཛིན་གྲྭ་གོང་མ་ཚང་།
ཨང་རིམ།

མི་གྲངས།
ཨང་དང་པོ།

༡༦
གཉིས་པ།


༈ འཛིན་གྲྭ་འོག་མ་ཚང་།
ཨང་དང་པོ།

༡༠
གཉིས་པ།


༈ སུམ་ཅུ་པའི་འཛིན་གྲྭ་གོང་མ།
དང་པོ་མེད།
གཉིས་པ།


གསུམ་པ།


༈ འཛིན་གྲྭ་འོག་མ།
དང་པོ་དང་གཉིས་པ་མེད།
གསུམ་པ།


༈ དག་ཡིག་འཛིན་གྲྭ།
དང་པོ།


གཉིས་པ།


གསུམ་པ་མེད།

    ༼འདི་ཕྱིའི་ལམ་བཟང་གི་སྔོན་འགྲོའི་རྒྱུགས་གཞིའི་དྲི་བ།༽
༡.སྐྱབས་འགྲོའི་ལེའུ།
༈ འདིའི་ཕྱིའི་ལམ་བཟང་གི་རྩོམ་པ་པོ་སུ་ཡིན་དང་ཁོང་སྤྱི་ལོ་དུ་ལ་འཁྲུངས་པ་རེད།
༈ འདི་ཕྱིའི་ལམ་བཟང་ལ་ལེའུ་དུ་ཡོད་རེ་རེ་བཞིན་བྲིས།
༈ སྐྱབས་འགྲོའི་ལེའུ་ལ་ས་བཅད་དུ་ཡོད་རེ་རེ་བཞིན་བྲིས།
༈ འགྲོ་བ་རིགས་དྲུག་བགྲོངས།
༈ དམྱལ་ཁམས་བཅོ་བརྒྱད་བགྲོངས།
༈ ཚ་དམྱལ་ལ་དུ་ཡོད་དང་དེ་དག་གི་གོ་དོན་བྲིས།
༈ ཉེ་འཁོར་བའི་དམྱལ་བ་བཞི་དེ་གང་དག་ཡིན།
༈ གྲང་དམྱལ་ལ་དུ་ཡོད་དང་དེ་དག་གི་གོ་དོན་བྲིས།
༈ ཉི་ཚེ་བའི་དམྱལ་བ་ནི་གང་འདྲ་ཞིག་ཡིན།
༈ ཡི་དྭགས་ཀྱི་སྡུག་བསྔལ་ལ་དུ་ཡོད་དང་དེ་དག་གི་གི་དོན་བྲིས།
༈ དུད་འགྲོའི་སྡུག་བསྔལ་ལྔ་ཙམ་བགྲོངས།
༈ སྐྱབས་ཡུལ་ལ་དུ་ཡོད་དང་རེ་རེ་བཞིན་བྲིས།
༈ སངས་རྒྱས་དཀོན་མཆོག་གི་གོ་དོན་ཞོག །
༈ རང་དོན་མཐར་ཕྱིན་པའི་ཡོན་ཏན་གྱི་དོན་བྲིས།
༈ གཞན་དོན་མཐར་ཕྱིན་པའི་ཡོན་ཏན་གྱི་དོན་བྲིས།
༈ མཁྱེན་པའི་ཡོན་ཏན་གྱི་གོ་དོན་ཞོག །
༈ བརྩེ་བའི་ཡོན་ཏན་གྱི་གོ་དོན་ཞོག །
༈ ནུས་པའི་ཡོན་ཏན་གྱི་གོ་དོན་ཞོག །
༈ ཆོས་དཀོན་མཆོག་གི་གོ་དོན་ཞོག །
༈ བདེན་པ་བཞི་གང་དག་ཡིན།
༈ དགེ་འདུན་དཀོན་མཆོག་གི་གོ་དོན་ཞོག །
༈ བསླབ་པ་གསུམ་གང་དག་ཡིན།
༈ སངས་རྒྱས་དཀོན་མཆོག་གི་ཚབ་སུ་འདྲ་ཡིན།
༈ ཆོས་དཀོན་མཆོག་གི་ཚབ་གང་འདྲ་ཡིན།
༈ དགེ་འདུན་དཀོན་མཆོག་གི་ཚབ་སུ་འདྲ་ཡིན།
༈ སྐྱབས་འགྲོའི་རྒྱུ་གཉིས་བྲིས།
༈ སྐྱབས་འགྲོའི་གོ་དོན་ཞོག །
༈ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་བྲིས།
༈ སངས་རྒྱས་དཀོན་མཆོག་གིས་སྐྱོབ་ཚུལ་ག་འདྲ་ཡིན།
༈ ཆོས་དཀོན་མཆོག་གིས་སྐྱོབ་ཚུལ་ག་འདྲ་ཡིན།
༈ དགེ་འདུན་དཀོན་མཆོག་གིས་སྐྱོབ་ཚུལ་ག་འདྲ་ཡིན།
༈ སྐྱབས་འགྲོ་སྦྱོང་ཚུལ་ག་འདྲ་ཡིན།
༈ སྐྱབས་འགྲོའི་བསླབ་བྱ་ལ་དུ་ཡོད།
༈ དགག་པའི་བསླབ་བྱ་གསུམ་བྲིས།
༈ བསྒྲུབ་པའི་བསླབ་བྱ་གསུམ་བྲིས།
༈ ཐུན་མོང་གི་བསླབ་བྱ་དྲུག་བྲིས།
༈ སྐྱབས་འགྲོའི་ཕན་ཡོན་ལ་དུ་ཡོད་རེ་རེ་བཞིན་བྲིས།

༢.ལས་འབྲས་ཀྱི་ལེའུ།
༈ ལས་འབྲས་སྤྱིར་བཤད་པ་ལ་དུ་ཡོད་རེ་རེ་བཞིན་བྲིས།
༈ ལས་ངེས་པའི་གོ་དོན་ཞོག །
༈ ལས་འཕེལ་ཆེ་བའི་གོ་དོན་ཞོག །
༈ ལས་མ་བྱས་པ་དང་མི་འཕྲད་པའི་གོ་དོན་ཞོག །
༈ ལས་བྱས་པ་ཆུད་མི་ཟ་བའི་གོ་དོན་ཞོག །
༈ ལས་འབྲས་བྱེ་བྲག་ཏུ་བཤད་པ་ལ་དུ་ཡོད་བྲིས།
༈ མི་དགེ་བཅུ་སྟོན་བྱེད་ཀྱི་སྡོམ་དེ་བྲིས།
༈ སྒོ་གསུམ་གང་དག་ཡིན།
༈ མི་དགེ་བཅུ་བགྲོངས།
༈ ལོག་གཡེམ་གྱི་དབྱེ་བ་བཞི་གང་དག་ཡིན།
༈ དགེ་བ་བཅུ་བགྲོངས།
༈ དགེ་སྡིག་རེ་རེ་ལ་འབྲས་བུ་གསུམ་ཡོད་པ་གང་དག་ཡིན།
༈ རྒྱུ་མཐུན་གྱི་འབྲས་བུ་ལ་དུ་ཡོད་བྲིིས།
༈ ལས་སྟོབས་ཆེ་ཆུང་གི་ཁྱད་པར་ལ་གང་དག་ཡོད་བྲིས།
༈ སྲོག་གཅོད་ཀྱི་ཡན་ལག་བཞི་བགྲོངས།
༈ ཡན་ལག་བཞིའི་ནང་གི་བསམ་པ་ལ་དུ་ཡོད་རེ་རེ་བཞིན་བྲིས།
༈ དུག་གསུམ་གང་དག་ཡིན།
༈ སྲོག་གཅོད་ཀྱི་དངོས་གཞིའི་སྡིག་པ་འབྱུང་བ་ལ་རང་གིས་དངོས་སུ་བསད་དགོས་སམ།
༈ ཕུན་ཚོགས་བསད་བསམས་ནས་ནོར་བུ་ཕུན་ཚོགས་ལ་འཁྲུལ་ནས་ནོར་བུ་བསད་ན་སྲོག་གཅོད་དངོས་གཞིའི་སྡིག་པ་འབྱུང་ངམ།
༈ ཕུན་ཚོགས་དང་ནོར་བུ་སུ་ཡིན་ཡང་བསད་བསམས་ནས་ནོར་བུ་ཕུན་ཚོགས་ལ་འཁྲུལ་ནས་ནོར་བུ་བསད་ན་སྲོག་གཅོད་དངོས་གཞིའི་སྡིག་པ་འབྱུང་ངམ།
༈ སྟོབས་བཞི་བགྲོངས།

༣.སེམས་བསྐྱེད་དང་བསྔོ་སྨོན་གྱི་ལེའུ།
༈ སེམས་བསྐྱེད་ཚུལ་ལ་དུ་ཡོད།
༈ སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སེམས་བསྐྱེད་ཚུལ་བྲིས།
༈ སྐྱེས་བུ་འབྲིང་དང་ཐུན་མོང་བའི་སེམས་བསྐྱེད་ཚུལ་བྲིས།
༈ སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཚུལ་བྲིས།
༈ བསྔོ་བའི་གོ་དོན་དང་བསྔོ་སྨོན་བྱ་ཚུལ་ཞོག །
༈ བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་བྲིས།

༈ཤྲཱིཿ ག་རུ་ཊའི་སྒྲུབ་ཐབས་མ་ར་ཡ།།
【吉祥大鵬金翅鳥日修儀軌】

ཨེ་མ་ཧོ།།
哎玛吙

奇也哉
རབ་འཇིགས་སྐུ་གཟུགས་ནམ་མཁའ་བར་སྣང་གང་༔
柔吉咕素囊咔帕囊康

怖畏之身巨大如虛空
རབ་ཁྲོས་དྲག་པོས་བདུད་དཔུང་མ་ལུས་འཇོམས༔
柔垂查波堆泵玛履炯

极忿歼敌降伏诸魔军
རབ་དགྱེས་ཐུགས་རྗེས་འགྲོ་དྲུག་དབྱིངས་སུ་འདྲེན༔
柔给突吉卓楚硬素诊

无上大悲引摄六道众
རབ་མཆོག་ཕྲིན་ལས་ཀུན་ཁྱབ་ཁྱུང་ཆེན་གསལ༔
柔邱晨列衮邱琼钦塞

殊胜大鹏成就诸事业
ཨོཾ་ཤྲཱི་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔
嗡 師利 班雜 嘎嚕達 吽呸

སྲོག་སྡོམ་གཟེར་བཞི་ལྡན་པའི་ངང་མས་གཟུངས་སྔགས་ཅི་ནུས་མཐར་རྩ་བརྒྱུད་བླ་མ་སོགས་སྨོན་ལམ་དང་བཀྲ་ཤིས་བརྗོད་དོ།།ཤྲཱིཿཨེ་མ་ཧོས་རིག་ཀློང་ནས་ཤར་བ་བཞིན་དུ་སྒྲ་ཐག་འཁོར་ལོར་གསུངས་པ་ལས་ཨོ་རྒྱན་པས་ཡི་གེ་བཀོད་པར་དགེའོ།། །། 本法摄受于系命四钉密续之教授, 行者持诵仪轨后应当尽力发愿并成办一切事业来利益众生。此仪轨为猛咒州之心意伏藏,从妙吉祥尊者之心意间流出,其功德犹如世间希有之正法金轮。取出后交由邬金巴抄写、排序及校对,善哉!#波密[超话]# https://t.cn/EXSh5g0

༈ མ་གཅིག་འགྲོ་ཀུན་མ་རུ་གྱུར་པའི་མ། །
མ་ལུས་འགྲོ་ཀུན་བརྩེ་བས་བསྐྱངས་བའི་མ། །
མ་ཡི་སྙིང་རྗེ་འོད་དཀར་བསིལ་འགྱེད་མ། །
མ་ཡི་བྱམས་བརྩེ་བ་བྱུང་མདངས་དཀར་མ། །


发布     👍 0 举报 写留言 🖊   
✋热门推荐
  • 富士康曝非法加班,iPhone X等高科技产品背后的无奈
  • 台湾5.2级地震后发生8次余震 网友:狂念阿弥陀佛
  • 19次捐款955万,神秘人“顺其自然”再捐96万 网友:大概是天使吧
  • 穿高跟鞋领证被打!自己矮,为何怪女人有高跟鞋?
  • 谢贤节目怒踹小孩子?什么情况?
  • 格斗孤儿事件反转: 可回俱乐部练格斗 毕业获学历
  • 王思聪抢镜关晓彤,激动得做出这个动作...
  • 岳云鹏发辣眼自拍 粉丝看完之后不淡定了
  • 真没想到!已有6家共享单车倒闭,你的押金退了么?
  • 王思聪抢镜关晓彤,激动之余发朋友圈错把张靓颖当蕾哈娜
  • 深圳现暴力接亲,抡起大铁锤将大门砸开伴娘脸上挂彩
  • 成都一在建工地失火,火光冲天惊呆网友!
  • 年度票房破500亿,从电影票房看中国经济的可能性
  • 全美音乐奖赛琳娜被质疑假唱 全程不是低头就是遮脸
  • 手欠?男子被曝在北京大兴野生动物园下车砸熊!园方:情况属实!
  • 尴尬!王思聪看维密秀干站着 还抢镜关晓彤的自拍
  • 深圳现暴力砸门接亲 姐妹团脸被划伤
  • 突发!成都益州大道某在建工地突发大火 现场火光冲天……
  • 趣店数据疑似外泄十万可买百万学生信息 | 最新应回
  • 李晨恶搞范冰冰“大脸照”,被控诉是最大黑粉,两人上演相爱相杀