#微博[超话]# ༄༅། །མི་ལོ་བཞི་བཅུ་ཞེ་གསུམ་ལོའི་སྔ་རོལ་གྱི་དབུས་ཉི་མ་ལྷ་སའི་དཔར་རྙིང་། དཔར་བཞི་པ་འདི་ནི་རྒྱང་ནས་མཇལ་ཐུབ་པའི་ལྷ་སའི་གཙུག་ལག་ཁང་། (1981)
འདིའི་དུས་སུ་ངས་ཀྱང་ལྷ་སའི་ཇོ་བོ་དབུ་སྐྲའི་ཉེ་འདབས་ན་སྤོས་བཙོངས་ནས་བསྡད་མྱོང་། དེ་དུས་སྤོས་ཀྱི་ནང་དུ་ཙན་དན་དཀར་དམར་གཉིས་ཀྱང་མཉམ་བསྲེས་སྦྱོར་རྟ་བྱས་པའི་བག་ཆགས་ཀྱང་གསལ་པོ་དྲན་རྒྱུ་འདུག།

࿑ཉེ་ལམ་དཔེ་ཆ་འདི་བཀླགས་པ་ཡིན། གྲོགས་པོ་རེ་འགའ་རེས་དཔེ་ཆ་འདི་ང་ལ་མི་འཚམ་པ་དང་འདིའི་སྐོར་ཀྱི་དཔེ་ཆ་མ་བལྟས་ན་ཡག་རབས་སོགས་མང་པོ་བཤད་བྱུང་། ཡིན་ན་ཡང་དཔེ་ཆ་འདི་ལོ་ཁ་ཤས་ཀྱི་སྔོན་ནས་ཐེངས་གཅིག་བཀླགས་ཚར་བ་ཡིན།སྐབས་དེ་དུས་སུ་དེབ་འདིའི་མིང་ལ“ཇ་ཤིང་མེ་ཏོག་མ་ཞེས་བསྒྱུར་འདུག”ལྟ་ད་ཡང་བསྐྱར་“ཨ་ཅེ་མེ་ཏོག་གཡང་འཛིན་མ་”ཞེས་བསྒྱུར་འདུག་པའི་ཡང་བསྐྱར་ཐེངས་གཅིག་བཀླགས་བཞག

དུས་རབས་བཅུ་དགུ་བའི་ནང་དུ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་སྤྱི་ཚོགས་སུ་བྱུང་བའི་བརྩེ་དུང་གི་སྐྱོ་གར་གཏམ་རྒྱུད་ཅིག་རེད། ཁོ་མོའི་ཨ་ཕ་ནི་སྐྱེ་བོ་གཏུམ་སྤྱོད་ཅན་དང་རྟག་ཏུ་ཆུང་མར་རྡུང་རྡེག་བཏང་བས་ཆུང་མས་ཁྱོ་ག་དང་བུ་མོ་གཉིས་བསྐྱུར་ནས་བྲོས། རྗེས་སུ་བུ་མོ་ལོ་ན་༡༤ལ་སོན་པའི་ལོ་དེར་ཨ་ཕས་བུ་མོ་རྒད་པོ་ལོ་༧༠་ཅན་ཞིག་ལ་བཙོངས།རྗེས་སུ་ཁོ་མོ་གཡོག་མོ་དང་འཕྱོན་མའི་ལས་སུ་ཞུགས་པ་དང་ལོ་ན་༢༣་སྟེང་གློ་གཅོང་གིས་གྲོངས་སྐད་སོགས་སྙིང་དུ་སྡུག་པའི་གཏམ་རྒྱུད་ཅིག་ཏུ་སེམས་སོ།།སརྦ་མངྒལཾ

གལ་སྲིད་ཁྱོད་ཀྱིས་དཔེ་ཀློག་མ་བྱས་ན། ཁྱོད་ཀྱི་རིན་ཐང་གི་ལྟ་བ་ནི་ཉེ་འཁོར་གྱི་མི་རྣམས་ཀྱི་ལག་ཏུ་ཡོད་དེ། དེ་མིན་ཁྱོད་ལ་ཤེས་བྱའི་ཐོན་ཁུངས་གཞན་མེད་པས་སོ། །

དེ་ནས་ཁྱོད་རང་ཁོར་ཡུག་གི་ཤུགས་རྐྱེན་གྱིས་ཁོར་ཡུག་དེར་ནུབ་ཅིང་མི་མངོན་པ་ཞིག་ཏུ་གྱུར་འགྲོ་ལ། དེ་དུས་སུ་ཁྱོད་རང་གསོན་ཡོད་ཀྱང་ཤི་བ་དང་གཉིས་སུ་མ་མཆིས་ཏེ། རང་ཉིད་བོར་ཟིན་པས་སོ། །

དེས་ཕྱིར་རྟག་པར་དཔེ་ཆ་ཀློག་ཅིང་རང་ཉིད་ངོ་མ་ཞིག་འཚོལ་ལ། དེའི་དགའ་ཕྱོགས་དང་གཤིས་ཀ སེམས་ཁམས་ཀྱི་གྲུབ་ཚུལ་སོགས་ལ་སེམས་ཁམས་རིག་པའི་ངོས་ནས་བལྟ་ཐུབ་ན་ལྷག་ཏུའང་ཕུན་སུམ་ཚོགས་པ་ཡིན།

ངས་འདི་ནས་སེམས་ཁམས་རིག་པ་བ་རོང་ཀིའི་ལེགས་བཤད་ཅིག་དྲན་བྱུང་། “བདེ་ཐང་དང་སྣ་འཛོམས་ཀྱི་མི་གཤིས་ནི། ཚེ་གང་ལ་ལོངས་སུ་སྤྱོད་ཆོག་པའི་རྒྱུ་ནོར་ཡིན”ཞེས་བཤད་པ་ཤིན་ཏུ་བདེན་ཅིང་། ཁོས་མི་གཤིས་ཀྱི་གྲུབ་ཚུལ་ཅི་ལྟར་ལེགས་ན་དེ་ལྟར་གྱིས་བདེ་སྐྱིད་ཆེ་བའི་ལྟ་ཚུལ་བཏོན་ཡོད། ང་རང་གི་མྱོང་ཐོག་ནས་ཉིན་འགའ་རེ་རྣམ་གཡེང་ཁོ་ནའི་དབང་དུ་སོང་སྐབས་སུ། སེམས་ཀྱི་འཆར་སྒོ་ཀུན་ནུབ་ནས་ཐ་ན་ལྷུག་རྩོམ་སྟབས་བདེ་ཞིག་འབྲི་བའི་བསམ་བློའི་ས་བོན་ཀྱང་རྙེད་པར་དཀའ་བ་འོང་ངོ་། །

དེས་ན་དཔེ་ཆ་ཀློག་པ་ནི་ཉམས་ལེན་ཞིག་ཀྱང་ཡིན་པ་འདྲ་ཞིང་། རྗེ་བླ་མས་ཀྱང་དཔེ་ཆ་ཀློག་པའི་སྐབས་སུ་ཐོས་བསམ་སྒོམ་གསུམ་དེར་འདུ་ཞེས་བཤད་ཡོད་པའང་རྨད་དུ་བྱུང་བའི་ལེགས་བཤད་རེད། མང་པོ་ཞིག་གི་སེམས་སུ། དཔེ་ཆ་ཀློག་པ་ནི་ཡོན་གནས་མཐོན་པོ་ཞིག་ལ་རེ་བ་བྱེད་པ་དང་། མི་གཞན་པའི་སྔུན་ཆོད་པའི་ཕྱིར་ཏུ་ཡིན་པ་ལྟ་བུའི་ལྟ་ཚུལ་བཟུང་མཁན་ཡོད་མོད། དེ་ནི་ཅུང་ཟད་ནོར་ཡོད། དཔེ་ཀློག་པ་ངོ་མ་ཞིག་ཡིན་ན་ཁོའི་རེ་བ་དང་འཚོལ་སྙེགས་ཐམས་ཅད་ཤེས་རབ་ཀྱི་འཇིག་རྟེན་ནས་བཞེངས་སྐྲུན་བྱེད་བཞིན་ཡོད་ཅིང་། གནས་དེ་ནས་ཁོའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་རོལ་ཆོག

དེས་ན་དཔེ་ཀློག་ནི་དགའ་སྐྱོ་ཆགས་སྡང་།

ཐོས་བསམ་སྒོམ་གསུམ། རྣམ་ཤེས་ཡེ་ཤེས་དང་བཅས་པ་ཆ་ཚང་བའི་འཇིག་རྟེན་ཞིག་ཡིན་པ་རྟོགས་རྒྱུ་གལ་ཆེའོ། །[合十][合十][合十]གློ་བུར་གང་དྲན་སྨྲས་པའོ། །


发布     👍 0 举报 写留言 🖊   
✋热门推荐
  • #水文化#【由水而生 因水而兴的清白文化】【水务有礼】成都是长江上游重要生态屏障和水源涵养地,因水而立,因水而兴,水文化源远流长,是成都文化宝库的重要组成部分。
  • 今天太热了,我在闺蜜家呆了一整天,没出门。她高中的时候,在她们家吃饭,一次能吃三碗,叔叔阿姨都超爱我。去到她外婆家,一次能吃20个饺子,外婆外公也超爱我。都说最
  • 在驾驶员接管、自主换道及自动识别限速标志等项目的比赛中,也以零失误的表现完成了所有挑战。为期三天的比赛中,来自国内外150多支参赛队伍围绕多个项目展开激烈角逐,
  • 红尘中,多少永生永世的誓言,终成谎言;人世间,多少相濡以沫的缠绵,总归江湖相忘。可怜锦幄神仙侣,为饮凝漿涤烦暑。
  • 圣诞节是哪里的节日无所谓,是什么年代的节日无所谓,我们过节无关崇洋媚外,对于想过节的人来说圣诞节只是多了一次表达爱表达祝福的机会。每年孩子都虔诚的等待着圣诞老人
  • 如果哪天我の美梦破灭了,那也一定是我自己戳破的。这篇我要写真的“梦”真的是我作过的梦,真实存在我的梦乡里的。
  • #五月生活碎片# 五月又要过完啦……又舒服的过了一个月昨天重新打开了相机录Vlog希望快点有成品可以分享给大家[笑而不语]这个月和小姐妹们聚会1⃣️和她们一起在
  • Exeter大学的研究者给出了一下原因:1、有了富含肉类蛋白质的猫粮,猫不再需要抓老鼠了。在研究者替换成含有肉类蛋白质的猫粮之后,猫的捕猎行为下降了36%。
  • Exeter大学的研究者给出了一下原因:1、有了富含肉类蛋白质的猫粮,猫不再需要抓老鼠了。在研究者替换成含有肉类蛋白质的猫粮之后,猫的捕猎行为下降了36%。
  • 参评作品类别、题材、平台不限,可以是新媒体传播,也可以是活动策划、营销创意、新媒体专栏等;须在“两微一端”或网站等平台上首发,内容符合价值观标准,传播效果好,体
  • #阳光信用# 喜欢自己才会拥抱生活;盲目自大自尊,是骄傲无知的人生,一味自暴自弃,是消极悲观的人生。了解自己比了解别人更困难,喜欢自己比喜欢别人更不容易。学会自
  • #以太坊# #比特币##数字货币##财经##技术分析##养生年轻化近些年调查研究显示,年轻人是保健品的消费主力军,越来越多年轻人注重身心的保养,同样,年轻人也是
  • 这次没有连线直播一样的道理,llb待在lp家,疫情又不方便出门,你要连线,让 xql往哪里躲,家也不是很大[允悲],总不能说这次也是突袭查岗吧[doge]我知道
  • 爱情中最理智的3星座,看似无情,但其实很专一金牛座很多人都知道金牛是一个超值理智的星座,平日里他们就非常懂得为人处世的道理,从来不会过多的干预别人的事情,一门心
  •     而在5月21日,陈奕天又发布了他的全新原创单曲《离开我吧》离开我吧是一首听起来很虐心的摇滚式情歌,歌曲一听就有针对短视频来创作,特别是开头的副歌“就让你
  • 】为了让更多读者体验创客服务,满足读者的自主设计和创作需求,在全国公共图书馆服务宣传周之际,深圳图书馆面向市民读者推出创客空间预约服务。#深圳图书馆[超话]#
  • 即使从普通心理咨询的意义上,我也认为,“愛能治愈”这本来也是弗洛伊德的信念,精神分析的奥秘尽在“爱与工作”之中;由爱而获得“家”的感觉,也如“自由与保护的空间”
  • ”  雖然一個 “ 契合本性 ” 的修行人在外表看來,與普通人無有分別,但可知他的心意,實在於自然的法性中 ( 常在定中 )他不需任何做作,亦可超越一切階段及途
  • 而在5月21日,陈奕天又发布了他的全新原创单曲《离开我吧》离开我吧是一首听起来很虐心的摇滚式情歌,歌曲一听就有针对短视频来创作,特别是开头的副歌“就让你离开我吧
  • PS:可我心里面的依旧是小南瓜 散会~~~~五一假期第一天——艺妓回忆录美貌、奇货可居是天生的财富,但是个人气质跟最后的结局都是自己一步步的选择,但也感觉真的天