ལྷ་སའི་ནོར་གླིང་གི་ལོ་རྒྱུས་དང་ཕྱི་ལོ་༡༩༢༠ལོ་ཙམ་ནས་ནོར་བུ་གླིང་ཁ་ལ་ཡོད་པའི་སྲོག་ཆགས་འགའ་ཡི་འདྲ་པར་འོས་སྦྱོར།

༧རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་དབྱར་དུས་སུ་ད་ལྟའི་ནོར་གླིང་གི་གནས་སུ་དབུ་གུར་ཕུབ་ནས་ཆབ་ཞུགས་སྤྲོ་གསེང་ལ་བྱོན་མྱོང་བ་དང་། དེ་རྗེས་༧རྒྱལ་དབང་སྐུ་ཕྲེང་བདུན་པས་གནས་དེར་ཆབ་ཞུགས་འཕྲོད་བཞེས་གནང་ཞིང་། རབ་བྱུང་བཅུ་གསུམ་པའི་ཤིང་ཕག་ཕྱི་ལོ་༡༧༥༥ལོར་ཆབ་ཞུགས་གནང་ཡུལ་གྱི་ཤར་ངོས་སུ་ཕོ་བྲང་ཐོག་ཚད་ཉིས་བརྩེགས་ཤིག་གསར་སྐྲུན་མཛད་པ་དེ་ནི་ནོར་གླིང་དུ་ཕོ་བྲང་བསྐྲུན་པའི་ཐོག་མ་ཡིན་ཞིང་། རྒྱལ་བའི་མཚན་དེ་ཕོ་བྲང་ལ་ཐོགས་ནས་བསྐལ་བཟང་ཕོ་བྲང་དུ་གྲགས། དུས་དེ་ནས་བཟུང་དབེན་ཞིང་ཉམས་དགའི་ནོར་གླིང་དེ་ཉིད་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྐུ་ན་ཆུང་དུས་གསན་བསམ་མཛད་ཡུལ་དང་སྲིད་དབང་བཞེས་རྗེས་ཀྱི་དབྱར་དུས་བཞུགས་གནས་སུ་གྱུར། ༧རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་བསྐལ་བཟང་ཕོ་བྲང་བྱང་ངོས་ཀྱི་ཆོས་ར་དང་། མཚོ་དཀྱིལ་ཕོ་བྲང་ཀླུ་ཁང་དང་བཅས་པ། ནུབ་ངོས་ཀྱི་གྲུ་འཛིན་ཕོ་བྲང་། ཕོ་བྲང་དེ་དག་གི་མཐའ་སྐོར་ལྕགས་རི་སེར་པོ་བཅས་གསར་སྐྲུན་གནང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་ནོར་གླིང་དུ་གཞི་ཁྱོན་ཆེ་བའི་བཟོ་སྐྲུན་རྒྱ་སྐྱེད་གནང་སྟེ་སྤྱན་གསལ་ཕོ་བྲང་སོགས་གསར་སྐྲུན་མཛད་པར་མ་ཟད། ལྕགས་རི་ཆེན་མོ་ཡང་ལེགས་པར་བསྐྲུན་པས་ནོར་གླིང་གི་གཞི་ཁྱོན་སྔར་བས་ཆེ་བ་དང་ཕུན་སུམ་ཚོགས་པར་གྱུར། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐུ་དུས་ཐོག་མར་སྔོན་གྱི་རྨང་གཞིའི་ཐོག་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱས་སྐྲུན་གནང་བ་དང་། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་༡༩༤༥ལོ་ནས་མེ་སྤྲེལ་ཕྱི་ལོ་༡༩༥༦བར་དུ་རྟག་བརྟན་མི་འགྱུར་ཕོ་བྲང་མ་ལག་དང་བཅས་པ་གསར་སྐྲུན་མཛད་པ་དེ་ནི་ཡང་རྩེར་སོན་པའི་བོད་ཀྱི་བཟོ་བཀོད་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ནས་གྲུབ་པ་ཞིག་ཡོད། ཕོ་བྲང་དེ་དག་གི་ནང་དུ་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་དང་། སྐུའི་ཉེར་ཆས། ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་སོགས་ཆ་ཚང་པོ་ཡོད་པར་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བསྐྲུན་པའི་ནང་རྟེན་གྱི་རིགས་དང་། ལོ་རྒྱུས་དང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ལྡེབས་རིས་སོགས་མཇལ་སྤྲོ་ལ་དང་བ་འདྲེན་པ་ཡོ་ད། མདོར་ན་ནོར་གླིང་འདི་ཉིད་ཐོག་མར་༧རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐུ་དུས་སུ་གསར་བཞེངས་གནང་འགོ་ཚུགས་པ་ནས་མཐར་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྟག་བརྟན་མི་འགྱུར་ཕོ་བྲང་གསར་སྐྲུན་ལེགས་གྲུབ་ཟིན་པའི་བར་དུས་ཡུན་མི་ལོ་ཉིས་བརྒྱ་ཙམ་སོང་རིང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་སྐྱེད་བར་མ་ཆད་པར་མཛད་ནས་ད་ལྟའི་གཞི་ཁྱོན་ཆེན་པོ་འདི་གྲུབ་པ་རེད།

ཆོས་ཀྱི་བློ་གྲོས་ལ་གདམས་པ་ཟབ་དོན་རབ་གསལ།
དཀའ་ངལ་གང་ཡང་མེད་པར་གཅན་གཟན་ཤ་ཁྲག་ལ་རོལ་བ་ལྟ་བུའི་འདོད་ཡོན་ངོམས་མེད་ཀྱི་ངང་ནས་ཉིན་རེ་ཞག་རེས་ཚོམ་བུ་ཚོམ་བུར་གྲོལ་བར་འགྱུར་བའི་མྱུར་ལམ་དེ་འདྲ་ཡོད་ཚེ་རང་རེ་ཚང་མ་བྱ་བ་ཐམས་ཅད་གིས་དེ་ལ་འཇུག་པར་འགྱུར་བ་ཡིན་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་མ་བསྲུངས་པར་འདོད་རྒུར་འཚང་རྒྱ་བའི་ཐབས་ཟབ་ཅིག་མདོ་སྔགས་གང་ནས་ཀྱང་མ་རྙེད་དོ། །

སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས།

བླ་མ་བཤེས་གཉེན་དམ་པ་ཁྱོད། །
བདག་ཅག་རྣམས་ཀྱི་ཕ་ལགས་སོ། །
བླ་མ་བཤེས་གཉེན་དམ་པ་ཁྱོད། །
བདག་ཅག་རྣམས་ཀྱི་མ་ལགས་སོ། །

བླ་མ་བཤེས་གཉེན་དམ་པ་ཁྱོད། །
བདག་ཅག་རྣམས་ཀྱི་མགོན་ལགས་སོ། །
མི་ཤེས་རྨོངས་པའི་བློ་གྲོས་མཁན། །
ལམ་སྟོར་རྣམས་ཀྱི་ས་མཁན་ལགས། །

མུན་ཁུང་འཁྱམས་པའི་སྒྲོན་མ་ལགས། །
གདུང་བ་སེལ་བའི་རིན་པོ་ཆེ། །
ཉི་མའི་ཞལ་ལ་ཕྱག་འཚལ་འདུད། །
ནམ་མཁའི་ཐུགས་ལ་ཕྱག་འཚལ་འདུད། །

ཟླ་བའི་སྐུ་ལ་ཕྱག་འཚལ་འདུད། །
པདྨའི་ཞབས་ལ་ཕྱག་འཚལ་འདུད། །
འདི་ལྟར་དགའ་དང་གུས་པ་ཡིས། །
སྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་གསུངས་སོ། །#佛教#


发布     👍 0 举报 写留言 🖊   
✋热门推荐
  • 如果你整天这样,不读书不运动,不节制消费,不反应不自律,无兴趣无爱好,无目标无任何期望,生活是不会变好的。低级的欲望,放纵即可获得。
  • 我也要用同样的歌声赞美她的儿女,从今往后,我要记住这个秘密。我也要用同样的歌声赞美她的儿女,从今往后,我要记住这个秘密。
  • 呜呜呜呜,太好哭了,并且大宝演的太好了吧!昨晚做了梦,梦到一位故人。
  •   但是,从兴庆宫公园南门沿人行道自东向西,却能处处看到施工留下的痕迹——机械刮痕,粘在地砖上就像一个个补丁的水泥疤,以及高低不一、松动甚至下陷的地砖……  昆
  • #某C爱吃葱# illust_id=63546390 #仕事絵# #女神异闻录5# #ペルソナ5# P5 | Mika Pikazo [pixiv] 『ペルソナ
  • 在北京的官员跟宝鸡方面领导汇报后,得到肯定的回应,‘已经到这一步了,不在乎多150万元’。这和孟欣在今年接受某媒体采访时对“同一首歌”所得报酬构成的分析大不相同
  • · 喜欢看各种家居好物胜过看衣服,真的很想房子的事情顺利,可以装扮自己的新家。#除夕#啦!
  • 量化机器人,炒币机器人,炒币机器人,一直在这里等你行动参与尝试,没有人能代替你参与的!了解加微btc560【炒币机器人】你的观望一天,就少赚一天!
  • 没有强大的心脏,看不穿他们的口是心非,就不要轻易接触这三个星座,否则受伤的就是你自己了[吃瓜]#水逆退散# #陪你过年#我是看着游泳给你带来的改变!十二星座的谎
  • ”小王总一时哑然,他紧紧地抱住怀里的小兔子,柔声安抚道“赞赞还记不记得,我们第一次见面的时候,你淋了大雨,发了三天三夜的高烧,迷迷糊糊地醒过来又迷迷糊糊地睡过去
  • ⑥预料中的情况没有发生,国服两款游戏并没有上镜,不过宝可梦大探险已经于前日拿到了版号,估计也会借着25周年发布,预计之后还会有一轮测试然后就该公测了,所以宝可梦
  • 为了提供学生一种从中学至大学,全程扶摇直上的教育坦途,学院与多所著名的北美大学建立了大学联盟(University Partners & Educati
  • 我大概就是这么一个奇怪的人,很多事物和感受我一旦拥有,就会是一生。这么多年逛街也无数次看到更好看的轻薄围巾,但是一想到有这条,我始终没有再买新的。
  • 此书通常被认为是伍尔夫在文学创新方面第1次较大规模的探索和实验,是她创作过程中的一个转折点,是她尝试用意识流手法创作的一个开端。尽管覆盖了这么长的时间,这本书关
  • ”【深圳已面向港澳居民分配 329套保障房和人才住房】全国政协委员许明金在向全国政协十三届三次会议提交的提案中建议“妥善解决香港青年人的住房问题”。董建华接种后
  • 肖战好帅[心]我觉得肖战超级帅肖战正能量艺人[心]肖战演技好肖战唱歌棒[心]肖战颜值高肖战笑起来能温暖人心[心]肖战值得喜欢支持肖战代言[心]支持肖战影视综艺要
  • 孩子们从小就牢牢记熟家谱,它使得一个人有一大批的亲戚,他可以按照自己的利害关系在其中选择朋友和敌人。在多种多样的从属关系中,对他最有约束力和最经常动员他效忠的一
  • 在这个整体规划的指引下,由合肥市公安局科技信息化支队牵头,组建全市公安大数据中心,融合形成计算能力超强的公安大数据平台基础资源池,为合肥警方打击犯罪、社会治理、
  • 从看到她以后我眼睛几乎停留在她一个人身上,我一度脑补出她在生活中自律勤奋的模样,和那些看似美好却没有灵魂的扭动着的肉体相比,即便是在风月场所工作也要练出漂亮马甲
  • #偷偷广播剧[超话]##偷偷广播剧首周打卡# day3,对阿许的初印象,小说里随着只只推开门的那瞬间,我和只只一样被摄了魂 ,太耀眼啦,记得很深的一句描写,那个