༄༄ང་དང་རྟ་དཀར་གཉིས་ཀྱི་གཏམ་རྒྱུད།

ཆུང་དུས་ཀྱི་འཚོ་བ་ཇི་གང་ལང་ཚོ་ཚ་ལོང་བྱུང་བའི་རྒྱ་མཚོའི་རླབས་ཀྱི་གཏོམས་པ་དང་རྨུགས་འཁྲིགས་བཞིན་གསལ་བ་མི་མཐོང་བ་ཞིག་འགྱུར་ཀྱང་ངས་ཡིད་སིམས་མཚོ་མོ་ནང་དུ་བརྗེད་པ་མེད་པ་ནི་ཁང་ཁྱིམ་གྲུ་བཞི་ནང་དུ་ཡོད་པའི་གཤེས་འཇམས་རྟ་དཀར་ཁ་བ་ཞིག་ཡོད་པ་འདེ་རང་ཡིན་མོད།།
རྟ་དཀར་འདེ་ཅི་ཕྱིར་རྟ་རྒོད་གཞན་དང་འགྲན་པའི་བང་རྩལ་མེད་ལ་རྟ་རྒོད་འདེ་གཞན་དང་འགྲན་པའི་གཟུགས་སྟོབས་ཡང་དེ་བས་ཀྱང་མིད་འོན་ཀྱང་ངའི་ཡིད་ཀྱི་ཐང་བ་གཞི་ནས་འདེ་ལ་དགའ་བ་དང་དད་སེམས་ཡོད་པ་ནི་རྟ་དཀར་འདེ་གཡང་གཟར་གྱི་རི་ཕྱོགས་དུ་མ་ཞིག་འགྲོ་མྱོང་ལ་རྟ་དཀར་འདེ་བློ་ཡིད་ཀ་འདྲའི་བརྟེན་པའི་སྡུག་རུས་ཡོད་པ་འདེ་དག་ནི་ངའི་རྟ་དཀར་འདེ་དགའ་བའི་རྒྱུ་མཚན་བལ་བ་ཙམ་ཞིག་ཡིནབརྗེད་པ་མིད་པའི་གཞི་ཡང་ཡིན།།

ཉི་མ་ནུབ་ལ་ཉི་བ་དང་རླུང་བུ་བསེལ་བསེལ་དུ་ལྡང་སྐབས་ངའི་སློབ་གྲྭའི་མཚོ་མོ་ཕྱོགས་སུ་བལྟ་སྐབས་རྒྱང་རིང་ཕྱོགས་ཀྱི་ཕ་མ་སྤུན་མཆིད་ཡིད་ལ་དྲེན་བ་འདེ་བཤད་པ་མེ་དགོས་དེ་བས་ཀྱང་ཆུང་དུས་ཁང་ཁྱིམ་གྲུ་བཞི་ནང་དུ་ཡོད་པའི་རྟ་དཀར་འདེ་ཡིན།།

ཆུང་དུས་དང་ད་བར་ཕྱིན་པའི་རྐང་རྗེས་ལ་གཞི་ནས་ཡང་བསྐྱར་ལམ་བུ་སྐྱ་ཐིག་ལ་ཕྱིན་པའི་ཆུང་དུས་དུ་ང་དང་རྟ་དཀར་གཉིས་ཀྱི་གཏམ་རྒྱུད་ཞོགས་པའི་ཉི་མཐོན་བཞིན་གསལ་བུའི་འཆར་བྱུང་རྟ་དཀར་དང་ང་ཐོག་མ་འབྲེལ་བ་ནི་དགུན་དུས་ཀྱི་སྐབས་སུ་ཡབ་དང་མཉམ་དུ་རྟ་དཀར་འདེ་བཟའ་ཆས་སྟེར་བའི་སྐབས་སུ་ཡིན་བྱེས་པའི་སྐབས་དེར་ཅི་ཕྱིར་སྐྱི་དངོས་གང་ཞིག་དུ་མ་འཕྲད་བའི་འདེ་ལ་ངོ་མཚར་གྱི་བསམ་བློ་དུ་མ་ཞིག་འཆར་བའི་ངས་རྟ་བཞོན་པའི་འཚོར་བ་འདེ་ཇི་འདྲཡིན་ནམ་ཞེས་ཡབ་ལ་སྐད་ཆ་བཤད་པའི་ཡབ་ཀྱི་ང་རྟ་དཀར་ཐོག་ཏུ་བཞག་པའི་དགུན་གྱི་རླུང་བུ་ཅི་འདྲའི་གྲང་བ་ཞིག་ཡོད་པ་འདེ་འཚོར་བ་མི་འདུག་འཚོར་བ་འདེ་ནི་སྙིང་གི་ཕར་ཚད་དང་འཇེགས་སྐྲག་འདེ་ཡིན་རྟ་དཀར་དང་ང་མཉམ་དུ་འབྲོག་ཐང་ཕྱོགས་དུ་འགྲོ་སྐབས་ངས་ལག་ལ་རྟ་ཐིག་བཟུང་ཡིན་གླུ་དབྱངས་ལེན་བཞིན་འགྲོ་བའི་བདེ་བ་དང་དགའ་སྐྱིད་ཀྱི་ཁེངས་པའི་ང་མཛེས་སྡུག་རི་མོ་འདེ་རང་ཡིན་མོད།།

དུས་ཚོད་ཀྱི་ཆུ་རྒྱུན་ཕྲ་མོ་མདུན་དུ་བསྐྱོད་པ་བཞིན་རྒྱབ་དུ་ཡོད་པའི་སྐྱི་བོ་ཨ་ལིན་གང་ཡང་མི་བྱིད་མོད་འོན་ཀྱང་ལང་ཚོ་ཡི་ནང་དུ་བཞག་པའི་
མཛེས་སྡུག་གི་རི་མོ་དང་བདེ་སྐྱིད་ཀྱི་འཚོ་བ་འདེ་ནམ་ཡང་ཉམ་པ་མི་རུང་མོད།།

སུ་ལ་ཡང་བློ་མ་གཏད། "སུ་ལ་ཡང་བློ་མ་གཏད།" ཅེས་པའི་ཚིག་འབྲུ་དེ་ནི། ཧ་ཅང་གལ་ཆེ་བའི་དྲག་སྔགས་ཤིག་ཡིན་ཞིང་། སུ་ལ་ཡང་བློ་གཏད་མ་བྱས་ན། རང་ཉིད་རྐྱང་པའི་སྣང་བས་བསྒྲུབས་པའི་འཇིག་རྟེན་གསར་པ་ཞིག་ཏུ་བཟོ་ཐུབ། བློ་གཏད་བྱས་ནས་བློ་གཏད་གྱི་བློ་ཕུགས་དེ། ད་སྐབས་སུ། བློ་ཕམ་པའི་གཞིར་འགྱུར་རྒྱུ་ཡིན་པ་གོར་མ་ཆག །བློ་གཏད་ཡུལ་མེད་པ། གཏད་མཁན་མེད་པ། སྙིང་གཏམ་ཤོད་ས་མེད་པ། ཤོད་ཡུལ་མེད་པའི་གནས་ཚུལ་དེ་ཤེས་ན། གཞན་ལ་བློ་གཏད་མི་བྱེད་པར། རང་རྐྱ་ཕེར་བའི་གནས་ཚུལ་གསར་པ་དེ་ཤེས་ཐུབ། རང་རྐྱ་ཕེར་བའམ། རང་སྐྱོང་ཐུབ་པའི་ཚུལ་དེ་ཤེས་ཐུབ་ན། རང་ཉིད་ཀྱི་གྲོགས་རང་གིས་བྱེད་ཅིང་། རང་གི་བྱ་བ་ལ་རང་ཤུགས་ཚུད་ནས། ལས་ཀ་གང་ལ་ཡང་འཇིགས་སྐྲག་མེད་པའི་དཔའ་བོའི་ཁྱད་ཆོས་ཤིག་མངོན་ཐུབ། དེའི་སྐབས་སུ་རང་ལ་ཡོད་པའི་ཡོན་ཏན་དང་། རང་གི་འཇོན་ཐང་ཚང་མ་རང་གིས་ཤེས་ཐུབ་པ་ཞིག་ཡོང་ཞིང་། མ་ཟད་ནུས་པ་གསར་པ་ཞིག་ཀྱང་ཐོན་ཐུབ། ནུས་པ་གསར་པ་དེ་ནི། རྟག་པར་རང་རྒྱུད་ལ་ཡོད་ཅིང་། དེ་མངོན་ཐུབ་ཐབས་ཇུས་གཞན་གང་ཡང་མེད་དེ། རང་གིས་རང་ལ་བློ་གཏད་དང་། གཞན་གྱིས་རོགས་རམ་མི་བྱ་བ་ཤེས་པའི་སྐབས་སུ། རང་སྟོབས་དེ། ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཤེས་ཐུབ་རྒྱུ་རེད། དཔེར་ན། གཡག་རྒོད་ཁྱུ་ཚོགས་ཡིན་ན་སྡར་ཞིང་། གཡག་རྒོད་ཁེར་རྐྱང་ཡིན་ན། གཅན་སྤྱང་གིས་མི་ཐུབ་པའི་དཔེ་དང་འདྲ་ཞིང་། རང་ཐག་ཆོད་པ་དང་། རང་རྐྱང་ཕེར་བས། སུ་ལ་ཡང་བློ་གཏད་མི་བྱ་བ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སུ་ལ་ཡང་བློ་གཏད་མི་བྱ་གཅིག་པུར་སྡོད། སུ་ཞིག་ཡིན་ཡང་། ནམ་ཞིག་བསླུ་བར་ངེས། སུ་འདྲའི་རྗེས་སུ་འཇུག་ན། རང་བློ་ཕམ་ཡང་། གཞན་ལ་བློ་གཏད་པའི་སྐབས་སུ། རང་སེམས་ལ། མི་དེའི་གནས་ཚུལ་དང་། བློ་གཏད་འོས་པའི་གཏན་ཚིགས་ཁྱད་ཆོས་ཤིག་ཡིད་ལ་བཞག་ནས། དེ་རྨིང་གཞིར་བྱ་བ་ནི། དཔེར་ན། མི་འདི་ནི་འདྲིས་བཟང་པོའོ། །མི་འདི་ནི་ཁ་ཉུང་ཉུང་ཡིན། མི་འདི་ནི་དགེ་སྡིག་ཤེས་མཁན་ཡིན། ཞེས་པའི་ཚིག་ཙམ་ཞིག་རྒྱུ་མཚན་དུ་བྱས་ཀྱང་། ནམ་ཞིག་ལ། མི་དེའི་སེམས་རྒྱུད་ལ་རྐྱེན་གསར་པས་བསླུས་པའམ། མི་དེ་ཡི་ཁྱད་ཆོས་དང་། རང་གཤིས་དེའི་ཟུར་ཞིག་ལ་འཕོ་འགྱུར་ཐེབས་པའི་སྐབས་སུ། བློ་གཏད་བྱས་པའི་ཚད་མ་ཚང་མ་འཇིག་པའམ། ཚད་མ་དེས་བཟོས་པའི་གཏན་ཚིགས་དེ་ལ་ཐེ་ཚོམ་ཤོར་ནས། མི་དེ་བློ་ཕམ་དང་། དོགས་པའི་རང་གཟུགས་ཤིག་ཏུ་མཐོང་ནས། རང་ཉིད་ཀྱི་ལག་པའམ། རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཤོར་བ་ལྟ་བུ་ཞིག་ཏུ་གྱུར་ནས། མི་དེ་དང་། རང་གཉིས། ཁང་པའི་ཀ་བ་དང་། གདུང་མ་ལྟ་བུར་བྱས་ནས། གཅིག་ལ་གཅིག་གྲོགས་བྱེད་པའི་ནུས་ཤུགས་ཆ་ཚང་མ་ཤོར་ཏེ། མི་ཚེའི་མ་འོངས་པའི་འཆར་གཞི་ཚང་མ་འཁྲུགས་འགྲོ་གི་རེད།

ཆོས་རྒྱམ་དྲུང་པ་རིན་པོ་ཆེས།

༄༅། །སུ་ལའང་བློ་གཏད་མི་འདུག
不要信赖任何人

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ།
作者:匝华智仁波切

སུ་ལའང་བློ་གཏད་མི་འདུག་ཞེ་ལོག་གེ །གང་ལའང་སྙིང་པོ་མི་འདུག་སྐྱོ་ཆད་དེ། །གང་བསམ་འགྲུབ་དུས་མི་འདུག་རྦད་ཐག་ཆོད། །འདི་གསུམ་གཏན་དུ་འགྲོགས་ན་ཕན་པར་མཆིས། །
任谁亦不可信心出离,一切无有实义而疲厌,所愿无法成办故舍弃,恒时有此三念定受益。

ལུས་སྦས་དབེན་པའི་རི་ལ་གཅིག་པུར་སྡོད། །ངག་སྦས་སྨྲ་བ་མ་མང་འབྲེལ་ཐག་ཆོད། །སེམས་སྦས་རང་སྐྱོན་ཁོ་ནར་ཅེར་རེ་ལྟོས། །སྦས་པའི་རྣལ་འབྱོར་ཟེར་ན་དེ་ལ་ཟེར། །
隐身静处山林独自居,隐语少言寡语断来往,隐意唯独只察己过失,此即谓之秘密瑜伽士。

ལུས་སྤྱོད་ཆོས་བཞིན་སྤྱོད་ན་ཀུན་དང་འགལ། །ངག་གཏམ་དྲང་པོར་བཤད་ན་ཕལ་ཆེར་ཁྲོ། །སེམས་བཟང་གཏིང་ནས་དཀར་ཀྱང་སྐྱོན་དུ་རྩི། །ད་ནི་རང་ཚུལ་སྦེད་པའི་དུས་ལ་བབ། །
如法行持难合于众人,直言相告大多均嗔恼,心地贤善却视为过患,隐藏自己之时已来临。

སུ་མཐོང་མི་མ་ལགས་ཏེ་སླུ་བྱེད་མཁན། །སུས་བཤད་གཏམ་མ་ལགས་ཏེ་བསླུ་བྲིད་ཚིག །ད་ནི་སུ་ལའང་བློ་གཏད་མི་འདུག་གིས། །རང་ཉིད་གཅིག་པུ་རང་དགར་གནས་པར་མཛོད། །
所见非人皆是狡诈者,所说非语皆是诱骗词,现今任谁无法敞心扉,随意自适而处当独居。

གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས། །ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ། །ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ། །སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད། །
佛说言语如空谷回响,此时回响之中再回响,心口不一无实之空响,如此骗人词句当弃之。

ཆོས་ཀུན་སྒྱུ་མ་ལྟ་བུར་རྒྱལ་བས་གསུངས། །ད་ནི་སྒྱུ་མ་ལས་ཀྱང་སྒྱུ་ཆེན་ཏེ། །གཡོ་སྒྱུའི་སྒྱུ་མ་ཤོམ་པའི་མིག་འཕྲུལ་མཁན། །སྙིགས་སྤྱོད་སྒྱུ་མ་འདི་ལ་འཇིགས་པར་མཛོད། །
佛说一切万法如幻相,此时幻相之中大幻相,好比幻师设计诸戏法,浊世迷乱之行当察知。

བཤད་ཀྱང་བདེན་དུ་མི་འཛིན་གཞན་དུ་གོ ། །ཕན་སེམས་གཏང་ནས་དཀར་ཀྱང་ལོག་པར་འཛིན། །འཁྱོག་པོས་དྲང་པོ་འཁྱོག་པོར་མཐོང་དུས་འདིར། །སུ་ལའང་ཕན་པ་མི་འགྲུབ་རེ་ཐག་ཆོད། །
宣说真实却解为不实,清净利他然招致邪见,于此正直反被歪曲时,无法利益他众当自知。

མཁས་ཀྱང་བསྟན་དོན་མི་འགྲུབ་རྩོད་པ་འཕེལ། །གྲུབ་ཀྱང་གཞན་དོན་མི་འབྱུང་སྒྲོ་སྐུར་མང་། །མཐོ་ཡང་སྡེ་ཆུས་མི་འོང་ཁེངས་ལོག་ཆེ། །ད་ལྟའི་དུས་འདིར་དགོངས་ལ་སྐྱོ་བར་མཛོད། །
博学难利教众造争执,虽悟难办他利毁谤多,位高难御部众遭叛变,思及现今时代当厌离。

བཀུར་ཀྱང་གོང་མ་མཉེས་དུས་མི་འོང་གིས། །སྐྱོང་ཡང་འོག་མ་མགུ་དུས་མི་འོང་གིས། །བརྩེ་ཡང་ཕར་བསམ་ཚུར་ལ་མི་སེམས་པའི། །ཚུལ་འདི་དགོངས་ལ་བློ་ཐག་ཆོད་པར་མཛོད། །
虽侍上者难招致欢喜,体贴下属亦不知满足,难以彼此体恤存仁爱,思及此理决定当出离。


发布     👍 0 举报 写留言 🖊   
✋热门推荐
  • 出租车出租车司机的小费标准和餐厅服务生一样都是 10% - 15%,如果你要去的地方很偏僻,就应稍微多付一些,毕竟他在回程中很难找到其他乘客了。 如果在高档餐
  • 城内诸将以为袁尚已亡,纷纷崩溃。后来,曹操回师许都,袁谭又在郭图的挑拨下攻打袁尚,败回南皮。
  • 我总结了下自己的问题: 因为 Y5 Y51 Y52 都是别人的模型, Y503 是我根据别人的模型自己修改的,心态上还缺乏自信,其实大家看到了,我每天买的 Y
  • 人哪别心口不一 2020-09-07 ​​有人病重,几次救(他她)让她(他)逃过死劫,张口闭口感恩,感恩,可是他(她)的朋友圈里我们的文章,视频一个不转发,发的
  • 22/9/21 周三 多云◽️度过了一个自律的上午◽️食堂偶遇了很久不见的普通朋友 但对方很热情地跟我打了招呼◽️发现喜欢我的人并不坏 是个可爱的人◽️在师姐的
  • 别爱得太满,别睡得太晚,在难熬的日子里对自己好点不用担心路途遥远,进一步有进一步的惊喜是例外,是偏爱,是事事有回音,件件有着落人品善良,自律努力,会带给你想要的
  • #有哪些酸味零食值得推荐# 来,这篇可能是最全最好吃的酸味零食了,如果你爱吃酸,记得点个赞狠狠码住。 我整理了整整三天,个个宝藏个个值得被你珍藏。 1.番茄夹乌
  • ✏️书中的许多经典语录,都能给读懂它的人带来抨击很喜欢里面的那句——我只愿生活在此时此刻,无所谓去哪,无所谓见谁我想这就是活在当下的意境吧当有了这款透明釉面马克
  • #肖战31岁生日评论区##肖战顾魏# xz#肖战盛阳# 我的大明星,今天你31岁了,祝愿你生日快乐,愿以后的日子顺顺利利,我会一直在你看不到的地方好好生活,成为
  • 但在事情还没下定论时,刘信达顶着顶着中国作家协会会员的名号,在社交平台上评头论足,一边倒地评价一件事,偏激用词活脱脱就是一个营销号。第七代导演刘信达称何炅一点也
  • 是真的不会[跪了])希望可以主动一点的 不主动也没关系 我有时候会很多话 希望不会烦到你[报税]如果有不喜欢的话题可以直接说的[羞嗒嗒][羞嗒嗒]#每日一善[超
  • 爽死了,呵呵,我现在就要看博士亲眼看到大家都绝望地死了然后精神崩溃,那些干员相信着自己实际上自己什么也没做到,好啊好啊……在推上看到这第一张,虽然不是神图,但第
  • ten:对ten来说,ten喜欢工作忙起来的时候……ten希望可以一直保持忙的状态,这样就不需要思考如何分配时间(笑)。在准备演出的时候,比起独自思考我也喜欢听
  • 问题的彻底解决,得从“河湖长制”在二号桥街道落地生根说起。找到问题的高庆九和区河长办相关领导意识到,这不仅是个环境问题,更是关系到宁月花园1500多户居民的民生
  • ……请开示,阿弥陀佛回复:心不离当下,善用当下的心,不然我们的心永远在别的地方。要善护、善用、善觉知,觉知当下的心、当下的念头。
  • #天秤座[超话]#天秤座今日总体运势不是很好,制定的计划总是被一些突如其来的事情所打乱,以至于变得心烦意乱,什么事情都做不下去,而且还要对别人强颜欢笑,做不喜欢
  • 全新的犀牛館將在11月開始建設,塔克將暫居舊的象館,在這裡牠擁有3000平方米的生活空間,而未來的新館面積將是這裡的2倍以上。新犀牛館計劃於明年年中開放,總投資
  • 《甘日我冷死噢》 “为什么今日?” “我想不到,如果只是老生废和生废,我根本不该你的影子,还有最逼。” “燕捡”我都觉得外又远。 “外,回去还
  • “你好哇李银河”这一句是使更多人去相信爱情在银河的心里王小波应该更是一个可爱的大男孩吧~我认为极其美好和幸运的是王小波爱上了李银河,李银河遇见了王小波...相知
  • 想送给你一段话.. 不知道你会不会看到但我还是发吧..[污]这是我陪你过的第一个生日,好后悔没早点认识你,谢谢缘分让我们相遇,虽然你我在两个国家各自生活着,我只