࿐རྗེ་བཙུན་མི་ལས་དྭགས་པོ་ལྷ་རྗེ་ལ་གསུངས་པ། [合十]
བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །
ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །
ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །
བུ་ང་རྒྱལ་མེད་པའི་ངང་ལ་ཞོག །
དེ་གོའམ་དབུས་པ་སྟོན་པ་བ། །
དེ་གོའམ་དྭགས་པོ་ལྷ་རྗེ་བ། །

བུ་རང་གྲོལ་ནང་ནས་ཤར་དུས་སུ། །
ཚད་མའི་སྦྱོར་བ་མ་དཀོད་ཅིག །
དོན་མེད་ཀྱི་འབད་རྩོལ་བྱེད་ཉེན་ཡོད། །
བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །
དེ་གོ་འམ་དབུས་པ་སྟོན་པ་བ། །
དེ་གོའམ་དྭགས་པོ་ལྷ་རྗེ་བ། །

རང་སེམས་སྟོང་ཉིད་དུ་རྟོགས་ཙ་ན། །
གཅིག་དང་དུ་མར་མ་སྦྲེལ་ཞིག །
ཆད་པའི་སྟོང་ཉིད་དུ་འགྲོ་ཉེན་ཡོད། །
བུ་སྤྲོས་པ་མེད་པའི་ངང་དུ་ཞོག །
དེ་གོ་འམ་དབུས་པ་སྟོན་པ་བ། །
དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །

ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །
ལུས་ངག་གི་དགེ་སྦྱོར་མ་བརྩོན་ཞིག །
མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །
བུ་མ་བཅོས་གཉུག་མའི་ངང་ལ་ཞོག །
དེ་གོ་འམ་དབུས་པ་སྟོན་པ་བ། །
དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །

རྟགས་དང་ལུང་བསྟན་བྱུང་དུས་སུ། །
དགའ་རློམ་ཆེད་དུ་མ་འཛིན་ཅིག །
བདུད་ཀྱི་ལུང་བསྟན་འབྱུང་ཉེན་ཡོད། །
བུ་ཆེད་འཛིན་མེད་པའི་ངང་ལ་ཞོག །
དེ་གོ་འམ་དབུས་པ་སྟོན་པ་བ། །
དེ་གོ་འམ་དྭགས་པོ་ལྷ་རྗེ་བ།

རང་སེམས་གཏན་ལ་འབེབས་དུས་སུ། །
མངོན་ཤེས་ལ་འདོད་པ་མ་སྐྱེ་ཞིག །
དགའ་རློམ་བདུད་ཀྱིས་ཁྱེར་ཉེན་ཡོད། །
བུ་རེ་བ་མེད་པའི་ངང་ལ་ཞོག །
དེ་གོ་འམ་དབུས་པ་སྟོན་པ་བ། །
དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །

࿐ཞོགས་པའི་རྫི་གླུ།

མི་སྡུག་སྲིན་པོ་ཁྲོས་འདྲའི་བདག་རྟོག་འགོང་པོ།།
རྟག་བརྟན་སེམས་ཀྱི་གཤིས་ལ་གྲུབ་པ་མེད་རུང་།།
མེད་སྣང་ཟླ་གཉིས་འཛིན་པའི་དབང་ཤེས་ཇི་བཞིན།།
བདག་གཞན་བདེན་པར་བཟུང་བའི་སོ་སྐྱེའི་འགྲོ་བ།།
སྡུག་བསྔལ་རྦ་ཀློང་འཁྲུག་པའི་ཡི་མུག་སྙིང་རྗེ།།

ཡིད་དཔྱོད་ཚིག་ཚོགས་སྤྲོས་པའི་འཇའ་ཚོན་སྤུ་རིས།།
སེམས་ཉིད་རིག་པ་དྭངས་མའི་མཁའ་ན་མེད་རུང་།།
ཆིག་རྫོགས་ཟངས་ཐལ་གཉུག་མའི་ལྷན་སྐྱེས་ཡེ་ཤེས།།
མ་བཅོས་ཐད་ཀར་སྟོན་པའི་བླ་མའི་མན་ངག།
མངོན་སུམ་རང་ལ་དབང་བའི་སྐལ་བཟང་སྐྱིད་པ།།

ཡོད་མེད་བློ་ཡིས་བཞག་པ་ལས་གཞན་མེད་པ།།
ཅུང་ཙམ་བློ་ཡིས་གཞལ་ན་ངེས་པ་སྟེར་རུང་།།
གཏད་མེད་འ་འུར་སྒྱུ་མའི་སྨྱོ་གར་གསེང་ནས།།
དགའ་སྐྱོ་ཆགས་སྡང་ཁྲི་འབུམ་ཐོད་དུ་བླངས་ཏེ།།
ག་ཆད་ཀུ་ཅོ་འདོན་པའི་འཁོར་བ་ཤ་ཚ།།

ཟིན་མེད་རྣམ་རྟོག་འདྲེ་མོའི་གར་སྟབས་ཁྲོད་ན།།
གཏད་མེད་སེམས་ཀྱི་བུ་ཆུང་མགོ་བོ་འཁོར་ཡང་།།
བཅོས་མིན་སེམས་ཉིད་རིག་པའི་རང་ངོ་རང་ཤེས།།
གདོད་ནས་འབྲལ་མ་མྱོང་བ་འདི་རང་ཡིན་ཞེས།།
རང་བྱུང་རང་སྒྲ་གྲགས་པའི་དབྱངས་འདི་སྙན་པ།།

སྣང་སྟོང་ཕྱོགས་རིས་མེད་པའི་མཉམ་རྫོགས་ཞིང་ན།།
བདེ་སྡུག་སོ་སོར་གྲུབ་པའི་སྡེ་རིས་མེད་རུང་།།
ང་ཁྱོད་ཐ་དད་འཛིན་པའི་ཞེན་ལྟས་བཅིངས་བའི།།
ངན་སོང་གནས་རིས་སྣ་ཚོགས་རང་གིས་བསྐྲུན་པའི།།
རང་སྡུག་རང་གིས་ཉོ་བའི་རིགས་དྲུག་སྐྱོ་བ།།

རེ་དོགས་མཆི་མ་འཁྲིགས་པའི་དྲག་ཆར་གཟེབ་ནས།།
རང་ཁེ་གཞན་ཕམ་འདོད་པའི་བྱིས་པ་མང་ཡང་།།
སྣང་སྲིད་ཆོས་སྐུར་རྟོགས་པའི་ནང་གི་རྣལ་འབྱོར།།
གུ་ཡངས་གཤིས་ཀྱི་མལ་ན་སྐྱིད་ཉལ་ཆོག་པའི།།
འཁོར་འདས་དབྱེར་མེད་རྟོགས་པའི་ཆོས་པ་ངོ་མཚར།།

བདེན་རྫུན་དགག་བཞག་སྤྲོས་པ་འབུམ་ཕྲག་མང་པོས།།
ཚར་གཅོད་རྗེས་འཛིན་བྱས་ཅེས་ཁ་ཕོ་སྒྲོག་རུང་།།
ལྷན་སྐྱེས་བདག་འཛིན་དགྲ་དང་ད་དུང་སྔར་བཞིན།།
མཉམ་འགྲོ་མཉམ་འདུག་བྱེད་པའི་ཐོས་བསམ་དགྲར་ལང་།།
དེང་སང་ཅིས་ཀྱང་མང་བ་འདི་ཡང་ཡ་ང་།།

ཨོ་ཟོབ་ཚིག་ཚོགས་མང་པོས་བཤད་ཡམ་བོར་ཞིང་།།
དགག་སྒྲུབ་ཚིག་མཚོན་འཕེན་པའི་འཁོས་ཀ་ཞན་རུང་།།
ཆོས་དང་རང་སེམས་འདྲེས་པའི་འཚོ་བ་སྣུམ་པོས།།
འདི་བདེ་ཕྱི་སྐྱིད་བྱེད་པའི་དམ་གཙང་མཆེད་ལྕམ།།
སུ་དང་གང་ཞིག་ཡོད་ན་དེ་ཀུན་སྤྲོ་བ།།

གཞོན་ཆུང་ལང་ཚོས་སྤུད་པའི་ཡིད་འོང་མེ་ཏོག།
བསམ་ངན་རྒ་བའི་བ་མོས་ཚུར་ཚུར་གཙེས་ཀྱང་།།
རྟག་འཛིན་བདུད་ཀྱི་བསླུ་བྲིད་རྫོགས་མེད་ངང་ནས།།
སྒོ་གསུམ་ཚེ་འདིར་ཤོར་བའི་འཁོར་བའི་མགྲོན་པོ།།
འཆི་བ་གློ་བུར་ཐོན་ན་ཅི་འདྲའི་སྐྱོ་བ།།

ཐོག་མེད་ད་ལ་ཐུག་བར་འཁོར་བར་འཁྱམས་ཏེ།།
ཤ་ཁྲག་རུས་གསུམ་བསགས་ན་ཟད་དུ་མེད་རུང་།།
ཆོས་ཀུན་སྒྱུ་མར་རྟོགས་པའི་ངེས་ཤེས་ཀློང་ནས།།
འཐོར་མཐའ་བཙན་གྱིས་གཅོད་པའི་ཤེས་རབ་རལ་གྲི།།
འཇིགས་མེད་ལྟ་བའི་གདེང་ལྡན་ཅན་ཚོ་དགའ་བ།།

བསླབ་གསུམ་རིན་ཆེན་གདུགས་དཀར་ཀླད་ལ་འཁོར་བཞིན།།
ཉོན་མོངས་ཚ་གདུང་འཇོམས་པའི་སྟབས་ཀ་འགྲིགས་ཀྱང།།
གྲང་རླུང་ངད་ཀྱིས་བཅུམས་པའི་སེར་ཀའི་ཁྲོད་ནས།།
འཁྱག་ལྟོག་ཧུ་ཤུ་འབྱིན་པའི་ཉོན་མོངས་གྲལ་དུ།།
ཐར་མེད་ཕྱིར་ཕྱིར་འཛུལ་བའི་བསོད་ཟད་སྡུག་པ།།

སྐྱེ་ཤི་བགྲང་ལས་འདས་པའི་མར་གཤམ་ཞིག་ནས།།
ཡུལ་དུས་དམན་པའི་གྲལ་དུ་ངང་གིས་སླེབས་རུང་།།
རྐྱེན་མང་ངེས་པ་མེད་པའི་གཡུལ་ས་བརྒལ་ཏེ།།
འོད་མཚན་སྟོང་འབར་ཞིང་གི་ལམ་སྣེར་འཇུ་བའི།།
ཞུམ་མེད་དམ་བཅའ་བརྟན་པའི་ངང་ཚུལ་སྐྱིད་དོ།།

རྩམ་པ་ཟ་ཞོར་དུ་གུ་རུ་ཉི་མས། 2024 4 29

དེ་རིང་གི་ཉིན་ཐོ།
࿐དེ་རིང་ནམ་ཟླའི་དྲོད་ཚད་ཧ་ཅང་བཏང་སྙོམས་ཡིན་ལ། རེས་གཟའ་ཉི་མའི་གུང་སེང་ལ་ཁེལ་ཡོད། དེ་བས་ས་ཁུལ་འདིའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁེ་ལས་པ་འགའ་རེས་འགྲོ་རོགས་འོག རྒྱལ་ཁབ་རིམ་པའི་སྤྱི་གླིང་འདིར་འཆམ་འཆམ་དུ་སོང་པ་ཡིན།

རང་བྱུང་གྱི་སྐྱེ་དངོས་སྣ་ཚོགས་ཀྱི་ལོ་མས་ཉི་འོད་སྒྲིབ་ཏེ། གྲིབ་བསིལ་འཇམ་པོས་ལུས་ཟུངས་ལ་བདེ་བ་ལྟེར། རྐང་རྩེ་ལ་འཁྱུད་པའི་མེ་ཏོག་གི་ཚོམ་ཕྲེང་རེ་རེར། ལག་པས་སོར་མོས་ཅིས་ཀྱང་རེག་དགོས་བྱུང་།

དྲོད་འཇམ་གྱི་རླུང་ལ་སྡེབ་པའི་དྲི་ཞིམ་གྱི་མངར་ཁ་སྣ་ལ་རེག་ཐེངས་རེར། མགོ་བོར་རང་ལྕོག་མི་ཐུབ་པའི་སྣང་ཚུལ་ཞིག་གིས་རླུང་སྣོམ་ཡང་ཡང་མི་བྱེད་ཀ་མེད་འདུག

འདབ་ཆགས་མང་པོས་ཚང་མལ་དུ་སྐད་སྙན་སྒྲོག་པའི་ངང་ཚུལ་དེས། དུས་རབས་བཅོ་བརྒྱད་པའི་དུས་འགོར་རྗེ་སྟག་ཕུ་བ་བློ་བཟང་རྒྱ་མཚོས་བརྩམས་པའི། སྔ་རབས་རྒྱལ་བོ་ལྷ་སྣང་སྟོབས་ལྡན་གྱི་སྲས་ཆོས་ཀྱི་དགའ་བ་ཁུ་བྱུག་ཟླ་བར་འཕོས་པས་རྟོགས་བརྗོད་དེའང་ཡིད་ལ་དྲན་ཡོང་།

ད་དུང་བྲིས་མི་ཚར་བའི་སྙན་ངག བརྗོད་མི་ཕོད་པའི་ཚོར་བ། བསམ་གཞིགས་ཀྱི་ཀློང་ན་ཧ་ཅང་མང་པོ་ཞིག་ལུས་འདུག་ན་ཡང་། བར་སྐབས་དུས་ཚོད་ཀྱིས་དེ་ཙམ་མོ།

同里国家湿地公园是集生态游憩、休闲养生、湿地科普体验和农耕文化展示于一体的自然环境优美、湿地景观丰富、文化底蕴深厚、独具同里江南水乡特色的生态旅游示范基地,同时,也是华东地区唯一具有平原森林景观的湿地公园


发布     👍 0 举报 写留言 🖊   
✋热门推荐
  • [跪了]列车慢慢驶出信阳站,此时突然间特别想你,不知道我不在的日子你在干什么,不知道你过的好不好,很是担心,短暂的离开是为了更好的相遇,未来可期。 但是早上室友
  • 大赛总策划马建平女士对行业现状的一番分析,真实真切,句句入心,最后两张PPT深深触动现场每一位纹绣培训教育工作者:种树者必先培其根,种德者必先养其心!大赛总策划
  • ! #张雪迎[超话]# #张雪迎尹夏沫# ✨ #张雪迎0618生日快乐# 挑眉淡扫如远山 凤眉明眸 顾盼流离间皆是勾魂摄魄我爱宇宙 爱星星尘埃爱孤单际遇 我爱四
  • 【百香果的吃法】 原味百香果汁 原材料:百香果一个,蜂蜜一匙,白糖半匙,纯净水300ml(一杯) 具体做法: 1、将百香果洗净切开,以汤匙将果肉挖出,放入果汁机
  • #阳光信用[超话]##每日一善[超话]##微公益[超话]#听见猫在说:妙喔,妙喔~每一个努力,奋斗的人都是值得尊重的把细碎的烦恼关掉,晚安人生快不快乐看心情,幸
  • 两次进出,让白小航颜面尽失,为了找回朋友的东西,也为了自己的面子,白小航找人买了一把“五连子”这次他信心满满,又偷摸溜到了浙江村老大家中。当年,白小航为给自己的
  • 虽然我讨厌我自己醒的太迟了,但我还是会感谢那时候让我整日做梦的人事物,其实人生里面难得认真地做一场梦,尤其在崩溃抑郁的时候,做梦是最幸福的……】说到做到,回看一
  • 在车马的发展过程中,从一开始的交通工具,发展为后来的显示身份地位,展示国力财力,突出尊卑贵贱的物质标志,车马的发展不可谓不对当时的以及后世社会文化产生了深远影响
  • 再夸一遍 捏妈 这个凤梨真的是 好吃的要死 要死 金钻凤梨 名不虚传[苦涩][苦涩][苦涩] 来太早了 护士姐姐又拉着我唠了半小时。。。。。。。她会叫我们小大夫
  • 等胎儿下行后,自然就会减轻对这些器官的压迫,所以准妈妈的呼吸自然就顺畅了、吃饭也就香啦。在休息之后,会明显减轻,跟分娩时的宫缩是有本质区别的,妈妈们一定要注意区
  • 听证会上,承办检察官介绍了案件的诉讼过程和裁判情况,就案件在审查过程中调查核实的证据作了详细说明并进行了出示。不想被驯化的话,哈哈哈我就天天做梦我要是能成为哪个
  •   “白兔儿”商标揭牌仪式同时举行,展示的刘家功夫针铺“白兔儿”商标,为济南这座历史文化名城和新旧动能转换先行区代言。  依托“济南市日”自我推介  济南特色农
  • 是的,有时它确实给我带来了负担,但我真的很努力地在克服。这让我意识到 Blackpink 在过去对我来说是多么大的支持。
  • #AI有新声##ac建筑[超话]# #AC建筑# 【隋唐大运河文化博物馆,同济大学建筑设计研究院若本建筑工作室】隋唐大运河文化博物馆是新时期国家运河文化战略的重
  • 南无阿弥陀佛 南无观世音菩萨 南无大势至菩萨 〔出处《古今观音感应录选》惭愧居士敬辑〕 ●天灾、人祸,相继而至。当令家人,同念观音,以为预防也。(文钞续编·复宁
  • 双子座这类人他们拥有改变环境的能力,而且他们灵活多变, 以及他们内心有深处趣的灵魂所吸引,双子座的人从来不缺乏追求者。所说射手座的人看起来生动外向,本来他们很孝
  • 检察官还指出,在等待判决时,史克雷利在网上骚扰女性,甚至向其7万名脸书粉丝悬赏5000美元,让他们在希拉里新书巡回展上揪她的头发。之后,纪某就会以门票涨价为由让
  • 一个中午,来参加校庆的七八十人蜂拥至肉夹馍店,很多学子毕业后,馋这口味道好几年了,“做都来不及了,我不得不两个人卖一个肉夹馍,学子们掰开分食这口好味道。每每一到
  • 有了她的号召,还怕芭蕾猫的时尚口碑不一传十、十传百吗?你看,“抖音汽车圈一姐”学好姐姐不就马上表态,以她的高颜值,必将和芭蕾猫组成今夏的“高颜值CP”喜欢芭蕾猫
  • 但需要提醒的是,用醋泡脚针对的是那些脚气比较轻的患者,如果你的脚气已经非常严重了,用醋泡脚的效果是比较轻微的,所以建议脚气严重的患者寻找专业的医生进行治疗,早日