ལྷིང་འཇགས་ཀྱི་དཔེ་ཀློག་བཞེངས་རྒྱུ་ལས་གལ་ཆེན་མེད།

ལྷོད་ལ་འཇགས་པའི་མི་ཚེའི་འདུན་མ་དེ་གཏན་དུ་བར་ཆད་ཀྱིས་མི་ཚུགས་པར་སྒེར་སེམས་ཁོ་ནས་དབང་སོང་གི་འཇིག་རྟེན་གྱི་གྲུ་ཟུར་མཐའ་དག་ལས་རྒྱང་དུ་བསྐྲད་དེ། ལྷག་བསམ་གྱི་མ་ཎིའི་རྡོ་འབུམ་བཞེངས་པའི་དབེན་འཇགས་ཤིག་ཏུ། དཔེ་དེབ་དང་ཁ་མི་འབྲལ་བའི་སྨོན་ལམ་ཡང་ཡང་འདེབས། གཉོམ་ཆུང་མཐའ་དག་གི་སྡུག་བསྔལ་བསལ་བའི་ནུས་པ་མེད་ཀྱང་ཐམས་ཅད་ལ་བྱམས་བརྩེ་བཟུང་བའི་ལྟ་གྲུབ་ཀྱི་ཞི་བདེ་ལ་ལོངས་སུ་སྤྱོད་ཆོག་ཆོག་ཡིན།

ཙོང་ཁའི་དམངས་གཞས།

ཙོང་ཁའི་སྐྱེས་རིའི་སྒང་ནས། །
བསང་བཏང་དུང་འབུད་བྱས་ཡོད། །
དཀར་ཕྱོགས་སྐྱོང་བ་ཡོད་ན། །
བདག་ལ་སྡོང་གྲོགས་མཛོད་ཅིག །

སླར་མཇལ་ཡོང་བར་བསམས་ཏེ། །
གཟིམ་ཆུང་སྒེའུ་ཁུང་མ་གཏན། །
ཕྱི་ནང་ས་རྡུལ་ཆགས་ཀྱང་། །
སེམས་ཀྱི་རེ་ཐག་མ་ཆད། །

ནས་རྩམ་གསར་བ་འཐག་ཡོད། །
མར་ལྟང་ཕྱུར་བ་བསགས་ཡོད། །
ཞོགས་པའི་འོ་ཇའི་ཕུད་མཆོད། །
སེམས་ཀྱི་མི་ལ་བཏེགས་ཡོད། །

དུས་བཞིའི་འགྱུར་ལྡོག་ཁྲོད་ནས། །
གངས་ཀྱི་རང་མདངས་མ་ཉམས། །
དགའ་སྐྱོ་འཚོ་བའི་བར་ནས། །
ཕན་ཚུན་བརྩེ་འདང་མ་འགྱུར། །

ཙོང་ཆུ་སྔོན་མོའི་འགྲམ་གྱི། །
སྦྲ་ནག་སྨུག་པོའི་འདབས་ནས། །
འཛངས་མ་ཤིང་བཟའ་ཨ་ཆོས། །
མཁའ་འགྲོས་ཁྲུས་གསོལ་གནང་སོང་། །

རང་སྣང་མཐོན་པོ་མ་བཅའ། །
ཙོང་ཁའི་སྐྱེས་རི་མཐོ་བ། །
ཕྱི་ཐག་རིང་བར་བསམས་ན། །
ཙོང་ཆུ་སྔོན་མོའི་རྒྱུན་བྱོས། །

རས་པ་སྐལ་ལྡན་རྒྱ་མཚོ། །
ཞིང་སྐྱོང་མ་ཎི་དུང་སྒྲུབ། །
བླ་སློབ་མཉམ་དུ་འཛོམས་ན། །
བྱིན་ཆར་འབབ་པར་འདུག་གོ །

གདམས་པ།

ཅུང་ཙམ་ཐོས་པ་ཁེངས་པའི་རྒྱུར་གྱུར་ཞིང་། །
མགོ་བོ་གྱེན་དུ་འདེགས་པར་གྱུར་པ་ལས། །
ཤེས་མེད་མི་བུའི་རྟུལ་ཞུགས་བཟུང་ནས་སུ། །
མ་ཎྀའི་ཕྲེང་སྐེ་བཅད་ན་ལྷག་ཏུ་མཛེས། །

གནད་ཀྱི་ཟབ་དོན་གང་ཡིན་མ་གོ་ཡང་། །
མིག་ཟུང་ཅེར་ནས་ལྟ་སྟངས་བྱེད་པ་ལས། །
ངེས་འབྱུང་སད་སུད་སྐྱེས་ལ་འབད་ནས་སུ། །
གཉོམ་ཆུང་ཚུགས་ཀ་བཟུང་ན་ལྷག་ཏུ་མཛེས། །

ཅི་ཙམ་ཐོས་པ་དེ་ཙམ་རྒྱུད་དུལ་ཞིང་། །
ངེས་པའི་དོན་ལ་དད་གུས་སྐྱེས་པ་ལས། །
སྐུར་འདེབས་ལོག་སྨྲ་མཁན་དུ་གྱུར་པ་ན། །
སྲིད་ན་འབྱུང་བར་དཀའ་བའི་གྱོང་རྒུད་ཡིན། །

མི་ཤེས་རྨོངས་པ་རང་གི་སྡུག་ཡིན་ལ། །
ཤེས་རབ་འཆལ་བ་ཀུན་གྱི་དགྲ་ཡིན་པས། །
ལེགས་བཤད་ཟབ་མོས་རང་རྒྱུད་མ་ཐུལ་བ། །
གཞན་དམོད་ཐབས་སུ་གྱུར་ན་ཡ་རེ་ང་། ། https://t.cn/8s362nR


发布     👍 0 举报 写留言 🖊   
✋热门推荐
  • 日本SKII小灯泡有两种,一种是白色瓶子,叫做淡斑精华;另外一个是带环彩的白色瓶子,这种是集保湿,美白,淡斑一体的美白精华,两种都有30ml和50ml规格,所以
  • 多‬癌细‮用胞‬五行来表示‮很是‬旺的火土,‮以所‬四柱地支有戌和‮得巳‬癌症的‮率机‬大,未多的‮癌得‬的可能性‮很也‬大。   火在年、月‮,上‬有遗传‮因
  • #加有新活动#此刻,你是一加电竞俱乐部的老板,拥有亿万资金可组建OPG(OnePlus Gaming)电竞战队,你打算挖走全球优秀的电竞选手,组成史上最强战队!
  • 耕地撂荒不仅关系到山区群众的收入,更是影响乡村振兴战略的落地实施。杨胜贵告诉记者,在外务工的村民得知家乡正在实施高标准农田建设项目,又有乡村振兴战略的政策扶持,
  • 这是一把两人壶,最小的号了,今天泡一壶铁,换一个小功夫茶碗喝。而今珍品景舟壶,谁能弄到将财发。
  • 尤其是在对自己很熟悉很舒服的人面前,他们当然会保留一份幼稚,因为水瓶座希望自己的世界更简单,所以也会在这个残酷黑暗的环境里给自己留下一个纯粹专属的领域。例如,由
  • @徐子未全球后援会官博 携全体紫薇星祝万禹辰,生日快乐@万禹辰官方后援会闪现两下北京,秋高气爽,心情好好:看着sisbro都按着自己的成长路径地走着,都能通过自
  • 用作人名意指有学问、独到见解、聪明、友善之义; 鸿: 五行:水。用作人名意指有学问、独到见解、聪明、友善之义; 鸿: 五行:水。
  • [微风][微风][微风]4⃣高压氧治疗下,细胞吞噬和消化坏死组织、细胞的能力增强,病灶清除和血肿吸收的速度增快。[微风][微风][微风]5⃣高压氧可以通过增加神
  • ​ 人生长恨水长东,遗憾本是人生的常态,然而至少此时此刻我是没有遗憾的,或者之前有遗憾也觉得无所谓了,我可以说是一个幻想王,在随时随刻总在幻想,想着回到曾经的某
  • 时代在变,年轻的面孔也在变,但爱国和追求进步的目标永远不变,红色基因的底色永远不变,始终奋进在时代前列的精神永远不变。时代在变,年轻的面孔也在变,但爱国和追求进
  • 不会感觉腰很僵硬,黄老说他没有徒弟,教过很多徒弟可是都学不会,他最可惜的是他要带着遗憾离开了,我在想越有本事的人越低调,他们不愿出名,不愿出风头,可是他们真的有
  • #秋天GAEUL[超话]##gaeul金秋精灵# 2022.08.22官推更新IVE 3rd SINGLE ALBUMNAVER OUTNOWCOMEBACK
  • ▏生肖马今日运势佳状态良好的一天,你或许更需要借助他人的力量才能完成一些事情,索性别人也都愿意帮助你。▏生肖牛今日运势欠佳要注意人际关系的维护,很多事情都需要他
  • ”“好的,给你拿一个坏坏的鸡蛋。然后阿姨就一直在说:“鸡蛋是坏的,你要吗?
  • 既然选择了追求,就不要哭泣。18岁的我很社牛26岁的我很社恐想努力却没有坚持下去的动力想挣钱却做着白日梦 所有所有的一切我都能找到借口备考。
  • 如果直接上架很有可能直接删除扣3分,非重要属性对宝贝影响不大,但是被排查下架过的宝贝展现必然下滑。有海量的精美商品等着您来选购,您先打开下面的连接再往上拉一下,
  • 可惜我因睡眠问题平时不怎么喝咖啡,没想到抢朋友的尝尝结果喝掉了半杯….与此相比手里的三季生椰真的不香了…和上款成反比,香度较为轻薄,像是桂花弄的感觉,味道与茶糖
  • [小红花]98 腾讯视频会员年卡~~[小红花]98 爱奇艺会员年卡~~[小红花]54 优酷视频会员年卡~~[小红花]123 京东plus年卡+爱奇艺vip会员年
  • 可我对你的喜欢和爱都是真的,虽然我不知道你心里是怎么想的,分手那两天你对我说的那些话是多么的伤人,不想和我在一起你直说,没必要那样说;爱意随风起,风止意难平;晚