སྒོམ་ཉམས་ལེན་ཐོག་མར་བྱ་བའི་དུས་སུ་སེམས་ལ་རྣམ་རྟོག་མང་ཞིང་། དམིགས་པ་མི་གསལ་བ། ཉོན་མོངས་པའི་མགོ་ནོན་དཀའ་བ་སོགས་ཡོད་ཀྱང་། འདི་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན་པས་ཡིད་ཕམ་མི་རུང་། ངེས་དགོས་པ་ཞིག་ལ་བྱ་བའི་མགོ་དཀའ་ཟེར་བ་ལྟར། གལ་ཏེ་རྒྱུན་འཁྱོང་ཐུབ་ན་རིམ་གྱིས་ངེས་པར་དུ་སེམས་ཞི་བར་གྱུར་ནས་མཐར་ཉོན་མོངས་དང་བྲལ་ཏེ་རྟོགས་པ་མངོན་དུ་འགྱུར་བ་ཡིན་ནོ། །

刚开始打坐修行的时候,虽然心里杂念很多、思维不清晰、没有能力对付烦恼,但这属于正常情况,别失望! 要记住:万事开头难。若能坚持,心一定会渐渐静下来,并最终证悟,告别烦恼。

-མཁན་ཚུལ་ཁྲིམས་བློ་གྲོས། 慈诚罗珠堪布-


《ཤོག་བྱའི་རྗེས་སྙེག་མཁན》འོས་སྦྱོར་ཙམ།

    ལོ་འདི་གར་ངས་དུས་ཚོད་མང་ཤས་བརྩམས་སྒྲུང་འདྲ་མིན་ཀློག་པའི་སྟེང་ལ་བཀོད་བ་ཡིན། དེ་དག་གི་ཁྲོད་ནས་ཤོག་བྱའི་རྗེས་སྙེག་མཁན་ཞེས་པ་འདིས་ང་ལ་བག་ཆགས་གཞན་དང་མི་འདྲ་བ་ཞིག་བཞག་སོང་། བརྩམས་སྒྲུང་ཟེར་བ་ནི་འདི་འདྲ་ཅིག་ལོས་ཡིན་སྙམ་པ་ཞིག་བྱུང་། བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་ན་ངེས་པར་དུ་རྟོག་བཟོ་དང་འཆར་ཡན་ལ་རབ་ཏུ་བྱང་ཞིང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་སྣ་ཚོགས་སྨྲ་བར་གཞན་འདྲིང་མི་འཇོག་པ་ཞིག་ཡིན་དགོས་པ་དང་། ཨ་ཧྥུ་ཧན(阿富汗)གྱི་སྒྲུང་གཏམ་མཁན་ཁལ་ཏི་ཧུ་སི་ཉི(卡勒德*胡塞尼)ནི་ཏག་ཏག་གཏམ་རྒྱུད་བཤད་པར་ལྷག་ཏུ་མཁས་ཤིང་འཆར་ཡན་དང་ཞིབ་འབྲི་ལ་རབ་ཏུ་བྱང་བའི་རྩོམ་པ་པོ་ཞིག་རེད། ཁོའི་འཐུས་ཚབ་བརྩམས་ཆོས《ཤོག་བྱ་འདེད་མཁན།》(追风筝的人)ཞེས་པར་མངར་སྐྱུར་འདྲེས་མའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་འདི་ཡིན་འདུག སྒྲུང་ཡག་པོ་ཞིག་ཡིན་ན་མི་སྣའི་རང་གཤིས་ལྡན་པ་དང་གཏམ་རྒྱུད་རྙོག་འཛིང་ཅན་ཞིག་ཡིན་དགོས་ཟེར་བ་ལྟར་སྒྲུང་འདི་དེ་འདྲ་ཅིག་རེད། དེ་མིན་སྒྲུང་འདིའི་ཆད་ཁྱོས་གཞན་ནི་མི་སྣའི་སེམས་ཁམས་ཀྱི་འགལ་འདུ་དག་ཕྱོགས་མང་པོ་ནས་བཤམས་སྟོན་ཕུན་སུམ་ཚོགས་པ་བྱས་ཤིང་ནང་སེམས་ཀྱི་ཆགས་སྡང་དང་གནོང་འགྱོད།ཡང་ན་ཕྲག་དོག་དང་སུན་སྣང་། ད་དུང་དོགས་འཚབ་སོགས་རེ་རེ་བཞིན་ཐ་སྙད་རགས་པ་ཙམ་དུ་མ་ལུས་པར་མངོན་སུམ་རྗེན་གཅེར་དུ་མྱོང་རྒྱུ་དང་ཚོར་རྒྱུ་ཡོད་པར་བྲིས་འདུག་པ་ནི་སྨྱུ་གུ་འཛིན་པ་ཕལ་མོ་ཆེས་བསམ་ཕོད་པ་ལས་བསྒྲུབ་མི་ཐུབ་པའི་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ཏུ་མངོན་འདུག

    གཞན་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ཨར་མིར(阿米尔) གྱིས་རང་ཉིད་ལ་ལྷག་བསམ་རྣམ་པར་དག་པའི་གྲོགས་པོའམ་གཡོག་པོ་ཧ་སང(哈桑)ལ་རྒྱབ་གཏོད་བྱས་པ་བྲིས་པ་ཧ་ཅང་ཡག་པོ་འདུག་ལ། སྒྲུང་གཏམ་འདིར་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་ཤིན་ཏུ་གསོན་ཉམས་དོད་པའང་གཙོ་བོ་ཨར་མིར་གྱི་ནང་སེམས་ཀྱི་རིག་ཤེས་དང་ཚོར་ཤེས་ཀྱི་འགལ་འདུས་བསྐྱེད་པའི་སེམས་ཁྲལ་དང་གནོང་འགྱོད། ཡང་ན་སྒེར་སེམས་དང་མི་གཤིས། སླར་ཡང་གནོང་འགྱོད་དང་འགྱོད་བཤགས་ཏེ། མི་གཤིས་ཀྱི་ཆེས་ཟབ་སར་རེས་གསལ་རེས་མོག་ཏུ་ཡོད་པའི་ཆ་དེ་བཤམས་སྟོན་འོས་ཤིང་འཚམ་པ་བྱས་ཡོད་འདི་དངོས་གནས་སྒྲུང་འབྲི་མཁན་ཕུལ་དུ་བྱུང་བ་ཞིག་མིན་ན་འདི་འདྲ་ཕྲིས་ས་མ་རེད། 

    སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ཨར་མིར(阿米尔)དང་ཧ་སང(哈桑)གཉིས་ཀྱི་ལས་དབང་ནི་ཤོག་བྱ་ཞིག་དང་འདྲ་བར་དམ་པོར་འབྲེལ་འདུག མཐའ་མར་ཨར་མིར་གྱིས་ཧ་སང་རང་གི་ཕ་གཅིག་པའི་བུ་སྤུན་ཡིན་པར་ཤེས་པར་མ་ཟད། ཕ་རྒན་གྱི་བྱས་ཉེས་དང་འབྲེལ་བའོ་འདས་སོང་མང་པོ་ཞིག་ཤེས་སོང་ལ། བརྩམས་སྒྲུང་ལེགས་པོ་གང་ཡིན་རུང་མི་སེམས་རྙོག་འཛིང་ཆེ་ཞིང་གཏིང་མཐའ་མི་མངོན་པ་ཞིག་རེད། བརྩམས་སྒྲུང་འདི་ཡང་དེ་ལས་མ་འདས། གཞན་བརྩམས་སྒྲུང་ལེགས་པོ་རེ་ངོ་སྤྲོད་བྱེད་རོགས་ཟེར་མཁན་སྒེར་ན་ཤིན་ཏུ་མང་པོ་འདུག་པས་བརྩམས་སྒྲུང་འདི་འོས་སྦྱོར་ཙམ་བྱས་པ་ལས་དཔྱད་བརྗོད་དང་བཀླགས་ཚོར་ཟེར་ན་འགྲིག་མིན་མི་ཤེས།

དད་མོས་བྱེད་པའི་རིག་གཞུང་འདི་ནི་ཁེ་མཚར་བ་ཞིག་ཡིན་ཏེ། ཁོ་བོས་ནམ་རྒྱུན་མི་ལ་མི་ལས་འདས་པའི་ཤེས་རིག་གི་དད་མོས་ཤིག་ངེས་པར་དུ་དགོས་སྙམ་ཞིང་། དེ་ནི་མི་ལས་འདས་པའི་ཤེས་རིག་དེ་དག་ལ་དབང་འབྱོར་བའི་ཕྱིར་དུ་ཟེར་ནའང་ཆོག་མོད། ཐབས་བདེ་བའི་བཤད་ན་མི་རང་ཉིད་ཀྱི་སྐྱོ་ངལ་སེལ་བའི་ཕྱིར་དུ་སྟེ། མདོར་ན་རང་སྟེང་དུ་བྱུང་དང་འབྱུང་ངེས་ཀྱི་སྡུག་བསྔལ་གང་ཞིག་སེལ་འདོད་དྲག་ཏུ་སྐྱེས་ཡོང་ཚེ་དེ་སེལ་མཁན་ཞིག་འཚོལ་བ་ཡིན་ལ། སེལ་མཁན་དེ་རང་དང་ཁ་ཐག་ཧ་ཅང་ཉེ་བའི་མིའི་རིགས་ལས་མ་རྙེད་ཚེ་ང་ཚོས་ངེས་པར་དུ་མི་ལས་འདས་པའི་ཤེས་རིག་ཅིག་འཚོལ་དགོས་པ་རེད། དེ་ནི་དཔེར་ན་མིའི་སེམས་སྟོང་གི་ནད“空心病”་སེལ་བ་ལ་དད་མོས་དང་སྟོང་ཉིད་ཀྱི་རིམ་གྲོ་མཆོག་ཏུ་བསྔགས་པ་དང་། མི་མཐའ་དག་གིས་རྡུང་སྡིགས་སྟོན་མཁན་ཞིག་གིས་ཁོ་རང་སྟོན་པ་མཆོག་གིས་བློས་མི་གཏོང་སྙམ་དུ་འདང་བཏང་སྟེ་བག་ཕབ་ཁུལ་བྱེད་པ་ལྟ་བུ་རེད། དེ་ནི་དངོས་འདས་ཤེས་རིག་བཙལ་བའི་གྲུབ་འབྲས་རེད་ལ། འདི་སྤྱིའི་ཆ་ནས་ལྷ་ལ་དད་པའི་རིག་གཞུང་གི་རྩ་བའི་རྒྱུ་རྐྱེན་ལའང་མཐུན་ལ་ང་ཚོའི་ཁ་ཉེ་ཐག་ཉེ་རུ་གནས་པའི་རྒྱུན་ལྡན་གྱི་བྱུང་བ་ལྟ་བུའང་རེད། དེས་ན་དངོས་ཡོད་དང་དངོས་ཡོད་ལས་འདས་པའི་ཤེས་རིག་ལ་དད་མོས་བྱེད་པ་ནི་བསོད་ནམས་སམ་བདེ་བ་ཆེན་པོ་དང་ལྡན་པའི་རྒྱུ་རྣམ་དག་ཅིག་རེད་སྙམ། ཞེས་པའང་གང་ཤར་རང་རློམ་གྱིས་སྨྲ་བའི་ཕྲན་ཀུན་ཁྱབ་ཡེ་ཤེས་ནས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 星球环境逐步被他身上溢散的仙灵之气改造,成了灵气充沛的宜居星球。星球环境逐步被他身上溢散的仙灵之气改造,成了灵气充沛的宜居星球。
  • (大course pack相关内容和单支舞对应course packs是同步上线的哦)       适合各场合表演的男女老少通吃的复古风炸场爵士编舞确定不学一学
  • 最近走路跑步太多了,发现运动的多,吃的也变多了,还是不要一直走个不停,少吃点更管用。其实也真到了这年龄,不求多好,保持住,不怎么掉就行。
  • #云电脑[超话]#随着物质的丰富,一人拥有两部手机甚至是多部手机,在现在看来也不是什么稀奇的事情了,很多人的手机也从几年一换,或者坏了才换的状态变成了,逢出新款
  • 今年5月份,中国环境报曾对“在北京城区拍摄到星轨大片意味着什么”做过相关报道,在今天的新闻发布会上,黄润秋部长再次cue到了北京星轨照片,形象展现了北京“气”质
  • #郑州[超话]#☆《七夕,把爱隐藏》(原创)□晚秋(河南)七夕 ,对一位60后而言 爱情己苍老在岁月里 隐藏在鬓角霜白 里鲜为人知的那段情 伴随着夕阳西下 躲藏
  • (u1s1不是特别喜欢螺蛳粉的话,不咋值得去)·loco官宣结婚了[单身狗]做不了他的soy latte girl,那就在9月短暂的做一下latte girl吧
  • 今天中午拿到了学生卡打卡了主图和善can的四宝饭(就是熟悉的饭堂烧腊味)来了两次了,我的感觉是:怎么会有人想呆在家里网课啊?今天我们终于懂了:原来校巴是环线,起
  • 10、当自己足够强大时,身边的坏人也会变成好人。”“搓搓小手 回家过节啦”5️⃣如果奇迹有颜色 那一定是中国红6️⃣仰望星光 历史的星河依旧灿烂7️⃣“我追随的
  • #高杨[超话]# [打call]#高杨 第一次约会# 8月6日《第一次约会》Repo今天终于见到高亚伦[泪]比两年前的长腿叔叔更加成熟更加老练[心]四个配角开场
  • 一个无聊的人 给彩色石头分类小安小忘都去世了 我给它们埋掉了 插上一根随手折的狗尾巴草 小鱼真可怜 明明一群鱼鱼在一起很开心 最后形单影只地待在我的小鱼缸里 水
  • 【普及小知识R标】也许你还不知道吧,温馨提示您.看看你手中的食品品牌右上角是带有™还是带有®,1⃣️如果是带有®的,你就幸运了,这个标志是指通过国家商标局认证的
  • 很多的时候与其等着别人来爱你,倒不如学着好好的爱自己,江湖规矩就是人走茶凉,默契散场,别问为什么,很多时候问就视为不懂规矩。很多的时候与其等着别人来爱你,倒不如
  • 可能,中国(男性)导演觉得是能做到的吧,多大点事啊,怎么就不能原谅自己了。”当微岚对自己“痛下杀手”毁灭hikaru的时候,郭hikaru震惊之余,不是带着恨意
  • ~~雖然其有名的是珍珠奶茶呦,呵呵~~&&沒事千萬不要胡思亂想呦。。
  • (4)八字中食伤可以生财的人八字中食神和伤官,都代表想法、愿望,因此八字中食伤可以生财的人,往往都会有很强的追求金钱的愿望。也有特殊情况:一是八字无官但伤官很旺
  • 【西安市全域无风险区域!调整后,西安市全域无风险区域。
  • 」網友說當感覺到自己終於可以回到床上,身體才能動了,立即雞皮疙瘩心寒到天亮,難道他是短暫地靈魂出竅…香港屋苑靈異鬼故6.觀塘 秀茂坪有一位網友說父母以前經常去觀
  • 10.10pm回到家啦,途中还完成了Quiz呢,过了今晚逾期了,幸好还得及...睡前故事又来啦~迪迪凝视着前方,眼神正在发威:“看妳往哪逃?哎,剧情总是酱,门内
  • 完事,这屎忽鬼,踩 ,瓜少祝你年年有今日,岁岁靠双手…果然平时微博疯的越多,朋友圈文案字数越少今晚滴滴滴 滴滴滴滴敲了一晚手机屏幕都编辑不来朋友圈的文案,林大个