བོད་ཡུལ་ཆོས་ལུགས་རྣམ་པ་བཞི་ནི།

༄༅། །དོན་རྒྱུད་གཙོར་འཛིན་གསང་སྔགས་རྙིང་མ་བ། །ལྟ་བ་མཐོ་སྙེགས་སྤྱོད་པ་བརླིང་ལ་དགྱེས། །
ཕལ་ཆེར་རིག་འཛིན་ས་རྙོགས་གྲུབ་པ་ཐོབ། །སྔགས་པ་མང་ཞིང་ནུས་པ་གཞན་ལས་ཆེ། །
མོས་གུས་གཙོར་འཛིན་འགྲོ་མགོན་བཀའ་བརྒྱུད་པ། །བརྒྱུད་པའི་བྱིན་རླབས་ཞུགས་པས་གོ་ཆོད་མང་། །
སྒོམ་སྲན་ཆེ་བ་ཕལ་ཆེར་གྲུབ་པ་ཐོབ། །རྙིང་མ་བ་དང་འདྲ་མ་འདྲེས་ཀྱང་ཡིན། །
མཁས་ཚུལ་གཙོར་འཛིན་རི་བོ་དགེ་ལྡན་པ། །དཔྱད་སྒོམ་ལ་དགའ་རྩོད་པའི་ཕྱོགས་ལ་དགྱེས། །
སྤྱོད་པ་མིག་ལྟོས་མཛེས་པས་ཀུན་ཡིད་འཕྲོག །འདུ་མང་འབྱོར་ལྡན་དཔེ་ཆའི་སྦྱང་རྩོལ་མང་། །
བསྙེན་སྒྲུབ་གཙོར་བྱེད་དཔལ་ལྡན་ས་སྐྱ་པ། །བཟླས་སྒོམ་སྟོབས་ཀྱི་བྱིན་རླབས་ཞུགས་པ་མང་། །
རང་ཕྱོགས་ཆེ་འཛིན་རྒྱུན་གྱི་ཐུགས་དམ་བཟང་། །སུ་ལ་འགྲན་ཀྱང་ཀུན་གྱི་ཆ་ཤས་ཡོད། །
ཨེ་མ་བོད་ཡུལ་ཆོས་ལུགས་རྣམ་པ་བཞི། །དོན་གྱི་ཁུངས་གཅིག་མོས་སྣང་སོ་སོར་ཤར། །
སུ་ལ་ཞུགས་ཀྱང་ཚུལ་བཞིན་ཉམས་བླང་ན། །མཁས་དང་གྲུབ་པའི་ཡོན་ཏན་འབྱུང་བའི་ཕྱིར། །
ཕ་གཅིག་མ་གཅིག་བུ་ཚ་ཇི་བཞིན་དུ། །ཕན་ཚུན་ཐུགས་མཐུན་མོས་གུས་དག་སྣང་སྒོམས། །
རང་ལུགས་གཙོར་བཟུང་གཞན་ལ་གཤེ་བ་སྤོང་། །དེ་ལྟར་མཛད་ན་བསྟན་ཞབས་འདིར་ཡང་ལེགས། །

མེ་སྤྲེལ་ཟླ་གཅིག་པའི་ཚེས་སུམ་ཅུ་ལ་མི་ཕམ་པས་བྲིས་པ་མངྒ་ལཾ།། https://t.cn/R2WxDxO

༄༅། །དགེ་བཤེས་ཁ་རག་སྒོམ་ཆུང་གི་གདམས་པ།

ཕན་མེད་བདུན། 
སྐྱབས་འགྲོ་ནས་སྔགས་ཀྱི་བར་དུ་སྡོམ་པ་ཐམས་ཅད་བླངས་ཀྱང་། འཇིག་རྟེན་པའི་ཆོས་ལས་བློ་མ་ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་ལ་ཆོས་འཆད་ཀྱང་། རང་གི་ང་རྒྱལ་མ་ཞི་ན་ཕན་མེད། ཡར་སྐྱེད་སྟོན་ཀྱང་། སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་དགེ་སྦྱོར་ལ་འབད་ཀྱང་། བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་མེད། ཀུན་བཏགས་གཞན་དབང་ལ་སོགས་པ་གཏན་ལ་ཕེབས་ཀྱང་། སྒྱུ་མ་ལྟ་བུར་མ་ཤེས་ཕན་མེད། སྡེ་སྣོད་གསུམ་ཤེས་ཀྱང་། བླ་མ་ལ་མོས་གུས་མེད་ན་ཕན་མེད། སྟོང་པ་ཉིད་བསྒོམས་ཀྱང་། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཕན་མེད

༄༅།།རི་དབང་ལྟ་བུའི་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་མཇལ་བ།། 

རིས་སུ་མ་ལྷུང་བའི་སྤྱན་གྱི་བསིལ་གྲིབ་སྣུམ་པོ།
འགྲོ་བ་རིགས་དྲུག་གི་འཚོ་གནས་སུ་བསྟབས་ཤིང་། 
ཆགས་སྡང་གི་བཙན་ས་བཀག་པའི་ཤུལ་ན་དམ་པ་ལགས།
ཁྱེད་ནི་ས་དགེ་བཀའ་རྙིང་གི་དཔང་པོར་བཞུགས་ནས།
འབྲས་སྐྱ་ཕོར་གང་ལ་གསོལ་ཚིག་གཏད་པ།
སྡིག་ཤ་བཅད་ཟིན་པའི་ཕྱག་རྟགས་སུ་བསྣམས།
དམ་པ་ལགས། ངོ་མ་ཁྱེད་ལྟ་བུའི་སྐྱེས་བུ་ཞིག
གངས་ཀྱི་རི་བོའི་སྲིད་པ་འདིར་གཏན་དུ་འཇགས་ན།
རྒྱལ་ཁམས་ཀྱི་གཡུལ་རྩོད་ཞི་ནས། གྲུབ་མཐའ་ལ་སུ་ཞིག་གིས་ཟིང་ཆ་སློང་ཐུབ།
ཀྱེ་ཀྱེ་གསེར་གྱི་རི་དབང་ལྟ་བུའི་དམ་པ་ཁྱེད།
གང་དུ་བཞུགས་ས་ནས་སེམས་ཅན་ལ་གཟིགས་ཤིང་།
སྙིང་རྗེ་ཡི་དབང་གིས་མ་ཎི་ཡིག་དྲུག་གི་འཁོར་ལོ་ཕྱག་ཏུ་ཐོགས།
གནམ་འོག་གི་སེང་གེ་སྲབ་མེད།  
ནམ་ཡིན་ཡང་ངས་ཁྱེད་ཀྱི་ཞབས་པད་སྤྱི་གཙུག་ཏུ་བླངས་ན།
ཁྱེད་ཀྱིས་ལྐོག་གྱུར་གྱི་ཀ་ཁ་བར་མཚམས་མེད་པར་སྩོལ་དགོས། 

རོང་བོ་དགེ་འདུན་ལྷུན་འགྲུབ་ཀྱིས་ཕུལ།


发布     👍 0 举报 写留言 🖊   
✋热门推荐
  • 所以就像在武汉的时候,家族企业有几家公司上了十天班,忽然说你不适应,这些委屈还得自己扛。早上又是很早就醒了,吃完早餐,去给孩子换校服,回家就开始做冰淇淋,拖了好
  • 而且,燕窝不含脂肪,有蛋香味,容易被身体吸收,是孕妈和胎儿的养生上品。而且,燕窝不含脂肪,有蛋香味,容易被身体吸收,是孕妈和胎儿的养生上品。
  • 之前在电影院看的诛仙,印象深刻之一的画面是张小凡成魔的一瞬间,飘扬的发丝、发红的眼眶、紧皱的眉头、浅浅的眼泪、刺目的鲜血、颤抖的嘴唇,都在表现他此刻的万千纠结,
  • “别人跟你想的不一样 是你的预设崩了 不是别人的人设崩了”“世界上只有同类才能够做朋友,志不同道不合的人往往只能在某个猎奇的时间段里做一阵开心的同伴。”“能够诉
  • 【借《哈迪斯》聊聊Roguelike类游戏的未来路】 #单机游戏#  #哈迪斯#  #rougelike#  作者:青椒椒游站,一个没有权威性,缺乏客观性,但贵
  • 龙头战法系列之:龙头、跟风与补涨龙1、龙头韧劲十足,多条命,踩不死的小强,多数可以穿越情绪周期。#预测#2022/3/11随笔 记录曲折的一天1.一早上处理两
  • 正常来说,女主被人欺瞒才误会了司凤,观众因为太投入骂骂也可以理解,就像我也是希望男主能虐虐女主,。改为看半小时《大日经疏》#张艺兴与你相伴#@张艺兴 ​​​#M
  • #刘宇宁白愁飞# [抱一抱]#刘宇宁说英雄谁是英雄# 关于“收刀会不会扎屁股”[嘻嘻]我也考虑过。[哈哈]我想说这也是宁棚与众不同的地方。
  • 再见师院倒计时一天!去了创业园和南山公园,中途还做了件好事,遇见车祸,帮忙打了120和122,和室友聚了餐,回来打整好行李,准备明天早上出发。师院,要离开了,我
  • 在夏至乃至整个夏季,只要有空就揉一揉神门穴,少海穴、少府穴、极泉穴等穴位,只有好处,没有坏处,毕竟心脏安了,一切都不是问题,另外极泉穴是一个特别适合老年人的心脏
  • ) ? . (对你特别好的人,一定是积攒了太久的爱。) ?. (愿你在这个秋天,遇见更好的自己。
  • 无论被嚯嚯成什么样,以及支离破碎的段段经历(很多声音会说忍忍就不会糟心了,可是亲身感受是一种说不出多具体的宝贵思维忍着忍着就没有了,它基本等同于生命的活力,不知
  • 废话不多说,因为我本人是珍珠狂热爱好者,所以送大家一对珍珠耳环,不知道我的审美在不在线,大家可以看看喜欢不喜欢,这款耳环我卖了很多对,也送了很多朋友,包括大V、
  • 遇见,是缘的一次兑现;牵手,是份的一份享有。缘,或许是前生的约定,今世的拥有;份,或许是前世的恩赐,今生的幸得。
  • 这是人大监督取得实效的一个缩影,雨城区人大在乡镇开展执法监督的过程中,了解到现在农村常住人口以留守老人和儿童居多,对年轻人来说在银行办理业务是一件简单的事情,但
  • 还有7月新ss 我开服就在期待的莱茵篇终于要展开了[哇][哇][哇]如果想拥有更加顺畅的剧情阅读体验 推荐各位新人博士去看一下前置剧情一是莱茵生命阵营中各角色的
  • #为中国冬奥健儿加油##就这一刻# 什刹海离我们很近,距离上一次来也有一年多了,秒约了巴黎巴士游认识的室友,递了上发小,车停锦江之星,沿着河边漫步,踱步银锭桥,
  • 你自己好好品品~[微笑R]我还有有点后怕了~哈哈哈哈 这是2018年1月医院的心理医生根据我的躯体化症状给我开具的进口抑郁和睡眠药物,我对于药物是极其敏感的,几
  • 而水象星座就不一样了,水象星座不想做感情里的坏人,也不忍心去伤害曾经那个自己爱过的人,所以在分手前的很长一段时间里,他们都是纠结的,会纠结自己怎样离开才会对对方
  • 巴神:我不擅长执行战术,被曼奇尼警告在曼城没机会[话筒]“我对宋的那个动作很糟糕,我一般不是那么踢球的。我和宋很熟,是好朋友,我也向他道歉了,那个动作不好,但你