རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ།

༄།བོད་ཀྱི་ཡིག་གཟུགས་ནི་བོད་རང་གི་རིག་གནས་སྒྱུ་རྩལ་ཐུན་མོང་མ་ཡིན་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དུས་རབས་བདུན་པར་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་སློབ་དཔོན་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡིག་རིགས་དུ་མར་སྦྱངས་བརྩོན་བྱས་པར་བརྟེན། ལྷ་སའི་ཕ་བོང་ཁ་རུ་རྒྱ་གར་གྱི་ཡི་གེ་ལས་བསྡུ་ལེན་བྱས་ཏེ་བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ལ་ཉེ་བར་མཁོ་བའི་བོད་ཀྱི་ཡི་གེ་འཐུས་ཚང་ཞིག་བཟོས་པ་ཡིན་པ་དང་། ཐོན་མིའི་རང་མགུར་ལས། ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ངས།།ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།།ཅེས་དང་།རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཅེས་གསུངས་ཡོད་དོ།།
ཐོན་མིས་བོད་ཡིག་གི་སྲོལ་ཐོག་མར་ཕྱེས་པ་ནས་ཡི་གེའི་མ་དཔེ་ལྷ་སའི་རྡོ་རིང་ལ་བཏབ་ཏེ་བྲིས་པ་ལ་སྦལ་ནག་ན་ལ་བགྲད་འདྲ་ཞེས་གྲགས་ཤིང་། དེའི་རྗེས་སྲོང་བཙན་གྱི་སྲས་མང་སྲོང་མང་བཙན་དང་། མེས་ཨག་ཚོམ། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། མངའ་བདག་ཁྲི་རལ་བ་ཅན་རྣམས་ཀྱི་སྐབས་སུ་ཡིག་མཁན་མཁས་པ་གྲགས་ཅན་དུ་མ་བྱུང་ཞིང་། དེ་དག་གིས་བྲིས་པའི་ཡིག་གཟུགས་ལའང་མིང་འདོགས་མི་འདྲ་བ་དུ་མ་བྱུང་བ་རྣམས་བསྟན་པ་སྔ་དར་གྱི་དུས་སྐབས་ཡིན་ནོ།།
ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་སུ་ཡིག་མཁན་ཤཱཀྱ་རྡོ་རྗེ་ཟེར་བ་དང་། དེའི་རྗེས་ཀ་ཁྱུང་རྣམ་གཉིས།ཁྱད་པར་ཁྱུང་བོ་གཡུ་ཁྲི་ཟེར་བས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ཏེ་ཡི་གེ་འབྲི་སྐབས་ཆ་ཆེན་ཆ་ཆུང་གི་སྲོལ་བཏོད་ཅིང་། དེ་ལ་ཡིག་མཁན་སློབ་མ་བཅུ་གཉིས་བྱུང་སྟེ་ད་ལྟ་རང་ཅག་གིས་འབྲི་སྲོལ་འདི་ནི་ཁྲུང་བོ་གཡུ་ཁྲིའི་ཕྱག་རྒྱུན་ཡིན་པར་གྲགས་སོ།།
ཡིག་གཟུགས་མཁས་པ་ཁྱུང་པོ་གཡུ་བྲིས་ཀྱི་ཡིག་གཟུགས་འདི་ཕྱིས་སུ་ཆེས་རྒྱ་ཆེ་བའི་ངང་བེད་སྤྱོད་བྱས་པའི་ཡིག་གཟུགས་སུ་གྱུར་ཏེ། ཁྱུང་བྲིས་དང་། ཁྱུང་པོ་གཡུ་བྲིས་ཟེར་རོ།།
བོད་གངས་ཅན་གྱི་ཡུལ་དུ་བོད་ཀྱི་ཡིག་གཟུགས་མཁས་པ་བགྲང་གིས་མི་ལང་ཡང་།རྗེ་ཙོང་ཁ་བ་ལ་གསུང་རྩོམ་གྱི་ཡི་གེས་ཐུགས་ཟིན་གྱི་བུ་ཆེན་གསུམ་དུ་གྲགས་པ་སྟེ།སྐུ་ཚེ་སྟོད་དུ་ཡི་གེས་ཐུགས་ཟིན་གྱི་བུ་ཆེན་གཡག་སྡེ་བསོད་ནམས་དཔལ་བཟང་དང་། སྐུ་ཚེ་བར་གྱི་ཡི་གེ་བ་སྡོམ་བརྩོན་བསོད་ནམས་བློ་གྲོས། སྐུ་ཚེ་སྨད་ཀྱི་ཡི་གེ་བ་བཀའ་བཞི་བ་རིན་ཆེན་དཔལ་དང་གསུམ་ལ་ཡི་གེས་ཐུགས་ཟིན་གྱི་བུ་ཆེན་ཞེས་གྲགས་པ་ལ་བསམ་ན་ཡིག་གཟུགས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ། ཆོས་སྲིད་ཀྱི་བྱ་བ་གང་ཡིན་ཡང་ཡིག་གཟུགས་ཀྱི་ལམ་ནས་སྒྲུབ་སྐབས་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་ཡིན་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཆེད་དུ་སྤེལ་བ་ཡིན་ནོ།།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་ཀྱི་མཁས་པ་གྲགས་ཅན་དུ་མ་ཞལ་འཛོམས་ཏེ་སྤྱི་ཟླ་༤་ཚེས་༣༠ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོར་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་། ༤ཡིས་བོད་ཡིག་ཡིག་གཟུགས་ཀྱི་དབྱངས་བཞི་མཚོན་པ་དང་། ༣༠ཡིས་བོད་ཡིག་གི་གསལ་བྱེད་སུམ་ཅུ་མཚོན་པར་བྱས་ཡོད་དོ།།



འཕྲོད་བསྟེན་སྐོར་གྱི་བཀའ་སློབ།

卫生教育

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས། 
慈城罗珠堪布

༡༽ནུབ་མོ་དུས་ཚོད་བཅུ་གཅིག་ཐོག་དུས་རྒྱུན་ཉལ་རྒྱུ་གལ་ཆེ་སྟེ། ནུབ་མོ་དུས་ཚོད་བཅུ་གཅིག་ནས་བཟུང་སྟེ་དང་པོ་གཉིས་པའི་བར་དུ་ལུས་ཁམས་གསོ་བའི་དུས་ཚོད་དམིགས་གསལ་ཡིན་པར་ཁ་སང་དེ་རིང་གི་གསོ་བ་རིག་པའི་ཐོག་ནས་གསུངས་པ་རེད། དེ་ནི་ཁ་སང་དེ་རིང་ཡོངས་གྲགས་འདྲ་བོ་རེད་བསྡད་ཡོད་རེད། ནུབ་མོ་དུས་ཚོད་ལྔ་དང་དྲུག་ཙམ་ཉལ་ན་འོས་འཚམས་ཡིན།
1.一般晚上十一点就要按时就寝,这很重要。因为,现代医学研究表明晚上十一点到两点是养身体的特殊时期。现在,这是人尽皆知的医学常识。晚上充足的睡眠时间是睡到5至6个小时。

༢ ༽ཞོགས་ཟས་གསོལ་རྒྱུ་གལ། ཞོགས་ཟས་མ་ཟོས་ན་གནོད་པ་ཆེ་སྟེ། ཕོ་ཁ་སོགས་ཟ་མ་ཞི་བྱེད་ཀྱི་མ་ལག་ཚང་མ་ཇེ་ཆུང་ཇེ་ཆུང་དུ་སོང་ནས་ཇེ་དོག་ལུས་ཀྱི་ཁྲག་ཡག་པོ་རྒྱུག་མི་ཐུབ་ནས་ནད་པ་འགྱུར་འགྲོ་བས། ཞོགས་པའི་ཁ་ཟས་ཟ་དགོས། ཞོགས་ཟས་དེའང་བཅུད་ཅན་བཟང་ཤོས་ཟ་དགོས།ནུབ་མོ་ཉལ་ཁ་ཟས་ཉུང་ན་བཟང་། ཚིག་ཇ་གསོལ་དྲག་ན་རུས་པ་ལ་གནོད་ཆེ། རུས་པ་སོབ་སོབ་རེད་ནས་སྲ་མཁྲེགས་མེད་པར་འགྲོ །
2.吃早餐也显得格外重要,不吃早餐对身体很有危害。因为不吃早餐就会慢慢萎缩消化系统,不能良好循环血液。日积月累,就会慢慢发病。不仅要吃早餐,还要吃营养丰富的早餐。晚上,睡觉前最好要做到少吃。过度饮用咖啡,对骨骼很有危害,会失去骨骼的硬度,患骨质疏松的症状。

༣ ༽ཆུ་གཙང་མ་འཐུང་རྒྱུ་གལ། ཞོགས་པ་མལ་ལས་ལང་པ་ན་དང་ཐོག་ཁ་ནང་དུ་ཆུ་དྲོ་འཇམ་དྭངས་མོ་རེ་འཐུང་ན་ཧ་ཅང་དགེ་མཚན་ཆེ་སྟེ། ཁྲག་ལ་ནུས་ཤུགས་རྒྱས་པ་སོགས་ཕན་པ་ཡོད། དེ་མིན་ཟས་ཁ་མོའི་རིགས་དང་ཐོག་གསོལ་ན་ཅུང་མི་འགྲིག་པར་གསུངས་སོ། །
3.饮用干净的水也很重要。早上起床后不久就要空腹饮用温水,这对身体非常有帮助,对血液也会起到很好的健康作用。现代医学认为起床后不能直接饮用味苦的饮食。 https://t.cn/z8A5LA3

ཉིན་ཤིག་ལ།
ང་ཚོས་མི་ཚེ་ཐམས་ཅད་མི་རྟག་པར་འདུ་བར་དང་ལེན་ངེས་སོ།
དེ་ནི་མཐར་ང་ཚོས་ཚང་མར་རང་ཉིད་རྒས་པར་འགྲོ་བའི་དོན་དངོས་དང་ལེན་བྱས་པ་བཞིན་ནོ།
有一天
我们会接受人生所有的聚散无常,
就像我们终于接受自己老去的事实一样。 https://t.cn/z8czTH4


发布     👍 0 举报 写留言 🖊   
✋热门推荐
  • 您是最疼爱兮兮的人,如果您在,现在家里的生活会是多么美好,您也能听到兮兮的笑声多么爽朗,您该多开心啊,可惜没有如果。我们去也带着兮兮,您知道兮兮现在会说好多话了
  • 大概我们都是不懂该如何表达情感的人,分散在各地时,也唯有一句,照顾好自己。我想文字并不总是苍白无力的,它汇聚的美好与回忆,有时也会给人翻山越岭的力量。
  • 其实我当时心态有点崩,我真的真的太想在出去念书之前见他一面了,但截止到那个时刻,我觉得自己在做无谓的挣扎。可我又想啊,傅诗淇在离我不远的地方直播,我在手机上看他
  • 网上信息繁多,要先了解,再信任,最后再疯狂行动!给自己一次了解的机会吧!换句话说,很多发达国家的住房空置率一般都不超过10%,所以这些国家也认为住房空置率不超过
  • 其實我唔係第一次因為智能廁所而求救,之前同老爸搭地鐵,老爸當時行動有少少不便,於是用站內傷健廁所,佢去完廁所,搵極都搵唔到個sensor掣開門,老爸眼又不好,原
  • 【双调】清江引_弃微名去来 元 · 贯云石 弃微名去来心快哉,一笑白云外。知音三五人,痛饮何妨碍?醉袍袖舞嫌天地窄。 竞功名有如车下坡,惊险谁参破?昨日玉堂臣,
  • 射手座男友:分手也是一种艺术我有一只很忠心的藏獒,不管男朋友怎么对它好,它都只听我的。最后他说:“我们的事我说不出口中,来自家庭的压力很大,我们还是分手吧,我会
  • #刘宇宁开始推理吧##刘宇宁南珩离十六##摩登兄弟[超话]#要相信,看似不起波澜的日复一日,一定会在某一天,让我们看到坚持的意义。 我们要想心系祖国就一定要确立
  • 抖音热推主角小说uSnZ 书名:《苏小宛牧祁》牧祁苏小宛 主角:《苏小宛牧祁》牧祁苏小宛 《童栩薄今砚》薄今砚童栩《江姝渝周越庭》周越庭江姝渝 《苏小宛牧祁》牧
  • ”“那我可跟不存在的小宝说说,你妈是因为情绪原因才总是在yue~”我突然又呆了 我可从来没跟M说过我的情绪问题我感叹血缘关系真是奇妙,虽然我和M是还拐了个弯的姐
  • #杨丞琳[超话]##杨丞琳的星河印记##杨丞琳likeastar世界巡回演唱会# 龙年LIKE A STAR佛山站我也来了[爱慕]珠三角的全勤了,还期待南宁香港
  • [跪了][跪了])希望没事啊啊啊啊啊[跪了][跪了]比起流血我更害怕感染破伤风[苦涩][苦涩]虽然百度上搜啥都说得很严重啦,但还是有点害怕嘛[苦涩][苦涩]明早
  • 来自大介(画的应该是自画像)」叶山「Happy Birthday(画了官兔,小字在说咿耶啊)」rabbitparty兔广播#田丸笃志##梅原裕一郎# 田丸「生日
  • 在玄关处换了拖鞋,他回头看见言馨儿依然站在门外,直接忽略了一旁艳光四射的黎庄庄,皱眉道:“不进来,要我过去抱你?”言馨儿脸红到耳根子后,他绝对是故意这么问她,就
  • 也许你不知道[爱你]丁真是7秒短视频全平台走红的,丁真的国民度是很高的,粉丝是散装的。很多只喜欢丁真不喜欢周边的唯粉是被丁真超话屏蔽的,骂了丁真的人是还能留在丁
  • 而表达爱,也不只在特殊的某一天……水滴再次向每一位伟大的妈妈致敬[心]#不做勇敢的妈妈#"为什么高铁上,每个人都很安静。这还是没吃主菜的情况下()但是
  • 阿蒲现在属于是一年换一个身份吗[污][污]同样是地球玩家为什么你可以有那么多条任务线[doge][doge]#王子奇[超话]##王子奇五十公里桃花坞# wzq#
  • 现在是学生党虽然买不起很贵的东西,但是也希望尽我自己的一份力为淇淇做些什么,也许是连签,也许是买些巧克力和防晒,也许是在一些帖子和视频里安利淇淇的剧,自己努力发
  • #郭芪墨玉[超话]#信息发出去,就别等了,因为有一种信息,叫秒回,也有一种,叫已读不回,还有一种,叫不读不回,回与不回,全看你重不重要……每个人心里住着一个人,
  • #聪律cp[超话]# 很多人终其一生都想遇到那个彼此相爱且深爱的人,你们好幸运遇到了彼此,从热恋期到磨合期,再到稳定期,从小打小闹到柴米油盐,这中间会遇到很多的