མཚམས་རེར་བཅོས་མའི་རོལ་དབྱངས་ལས་ཆུ་བོའི་གཞུར་སྒྲ་སྙན་ལ།
འཕེལ་རྒྱས་ཀྱི་གྲོང་ཁྱེར་ལས་རང་བྱུང་གི་འཁོར་ཡུག་མཛེས། ​​བརྗེད་དཀའ་བའི་ལྗོངས་རྒྱུའི་རྣམ་པའི་ཟུར་ཞིག

རང་ཉིད་ནང་ཆོས་ལ་སྒྲུབ་པ་ཉམས་ལེན་བྱེད་མཁན་ཞིག་ཡིན་པར་ཁས་འཆེ་དུས་ཐོག་མར་ཤིན་ཏུ་གལ་ཆེ་བ་ནི། རང་གི་རྒྱུད་ན་ལས་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་མེད་བལྟ་རྒྱུ་དེ་ཡིན་ནོ།།说自己是学修佛法者的时候,首先最重要的是观察自己有没有坚信因果的敬畏心。

སོག་པོ་འཛུལ་ཁུང་ངམ་རྒྱུང་སྲུབ་གསང་བའི་བྲག་ཕུག་ནི། ཁོད་སྤྲུངས་དྲན་པ་ནམ་མཁའི་སྐུ་དུས་སུ། ཁྱུང་ལུང་དངུལ་མཁར་རམ་འོམ་མོ་སྒོ་བཞི་མེ་ཏོག་པད་མའི་གླིང་ན་མཁས་པ་ཆེན་པོ་མི་བརྒྱད་བཞུགས་པའི་ནང་ཚན་སྟང་ཆེན་དམུ་ཚ་གྱེར་གྱི་སྒྲུབ་གནས་བྱིན་ཆེན་ཡིན། དེ་ཡང་། རྫོགས་ཆེན་ནམ་མཁའ་སྤྱི་གཅོད་ཀྱི་ཉམས་ལེན་གསལ་བའི་སྒྲོན་མ་ལས། རྒྱུང་སྲུབ་ཤེལ་བྲག་གསང་བའི་གྲུབ་གནས་སུ།། སྟང་ཆེན་དམུ་ཙ་གྱེར་མེད་ལ་གསོལ་བ་འདེབས་ཅེས་དང་། སྲིད་རྒྱལ་གཟེར་བུ་ལས། རྒྱུང་སྲུབ་གསང་བའི་བྲག་ཕུག་ཏུ།། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་ཅེས་སོགས་གསུངས་པས་སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་སྒྲུབ་གནས་ཡིན་པ་ལུང་གི་གྲུབ། ད་དུང་བོན་བསྟན་ནུབ་པའི་སྐབས་སུ་སྟང་ཆེན་དམུ་ཚ་གྱེར་མེད་དང་ར་སངས་ཁོད་རམ་གཉིས་ཀྱིས་བྱང་འབྲོག་ཏུ་བྱོན་ཏེ། ཟང་ཟང་ལྷ་བྲག། དང་ར་ཁྱུང་རྫོང་། རྒྱུང་སྲུབ་གསང་བའི་བྲག་ཕུག་བཅས་གསུམ་ལ་བོན་གཏེར་སྦས་པ་དར་རྒྱས་གསལ་སྒྲོན་ནང་དུ་གསལ་ལ། སྐབས་དེར་ཤན་རྩ་རྒྱུད་ཀྱི་འབྲོག་ས་ལ་བྱང་འབྲོག་དང་བྱང་ཡར་འབྲོག་སོགས་ཟེར་སྲོལ་ཡོད་པ་ཁྲོ་འབྲུག་རྣམ་ཐར་ལས་ཀྱང་ཤེས་ནུས། བསྟན་པ་ཕྱི་དར་དུས་སུ་རྨ་སྟོན་དང་རྨ་ལྕམ་མོ། དཔོན་གསས་ཁྱུང་རྒོད་རྩལ། གསང་གྱེར་འོར་སྒོམ་སོགས་ཀྱི་གཏེར་གནས་ཡིན། སོག་པོ་འཛུལ་ཁུང་རྒྱུང་སྲུབ་གསང་བའི་བྲག་ཕུག་ཡིན་པའི་ཁུངས་གསལ་ཤོས་ནི། སྡེ་བརྒྱད་བཟློག་པའི་གཟུངས་རིང་གི་གཏེར་བྱང་དུ། གསང་གྱེར་འོར་སྒོམ་གྱིས། རྒྱུང་སྲུབ་གསང་བྲག་ས་སོག་པོ་འཁྲོས་འདྲ་ན། ཆུ་བྱའི་ལོར་བྲིས། ཞེས་འཁོད་པ་འདིས་སོག་པོ་ཞེས་པ་ས་དབྱིབས་སོག་པོ་འཁྲོས་འདྲ་ཡོད་ཙམ་བཏགས་པར་གསལ་བཤད་ཅུང་ཙམ་བྱས་འདུག

འ་ཞ་བློ་གྲོས་ཀྱིས་མཛད་པའི་ཁྲོ་བོ་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བ་གསལ་བྱེད་འཕྲུལ་གྱི་མེ་ལོང་ནང་དུ་རྨ་སྟོན་སྲོལ་འཛིན་གྱིས་སྟ་ཕུ་རྒྱུང་སྲུབ་ཤེལ་དཀར་གྱི་བྲག་ནས་དངོས་གྲུབ་བསྙེས་ཞེས་བྲིས་འདུག སྟ་ཕུ་ཞེས་པ་རྟ་ནག་ཕུ་དང་འབྲེལ་ནས་གསུངས་པ་ཞིག་ཡིན་ཆོག རྟ་ཕུ་ཤེལ་བྲག་དང་རྟ་ཕུ་དྲོན་ལྷས་སོགས་རྒྱུང་སྲུབ་དང་ཉེ་བའི་ས་ཆ་རེད་འདུག་པས་སོ།


发布     👍 0 举报 写留言 🖊   
✋热门推荐
  • 」岡倉巴大師也講過,不論我修任何法,我都不會只停留在了知之上,而是會去修持最難修的那個法,克服萬難,並非只是想想而已,而是會落實在實際行動上,我歷經劫難去苦修
  • 你可以学一些新技能,让自己有更强的竞争力;你还可以调整自己的情绪,把经历过的委屈慢慢放下。很多事,只有亲身经历才会理解,一如情感:错过了,遗憾了,才晓得生活其实
  • “‘新市民计划’的核心,就是千方百计保障搬迁群众生活安心,保障他们的生存、发展和幸福。”兴义市马岭街道龙盛社区第一书记宋汧介绍,首先通过入户走访摸清搬迁群众的诉
  • 百日行动进行时|太康公安特巡警 街头亮丽风景线9月23日晚8点40分左右,在人民广场警务工作站执勤的张荣中、郑飞发现一个小男孩在广场大屏幕南边哭泣,经询问,他
  • 怎么说 solo考古谢霆锋真的很孤独很困难我连他两岁那会儿的广告都考古完了却依然知道自己才考古完了他的冰山一角毕竟那年那月那日的小故事我是基本还不知我的意思是我
  • 赶海区强烈推荐大家去张家台、吴家台和肥家庄海滩这三个地方, 如果你想在海边捞点什么就来这儿吧!  现在,霍田斌已经是丽馨农庄的一名员工,谈到智慧农业“数字大
  • 而说来说去,这意思大概就在于,天蝎座如同被大众孤立了一样,以至于不管什么时候,他们在外人眼里看来,也都是格外的孤单。又或者说,本质上水瓶座如果乐意,真的可以获得
  • 首先明确我的一个观点:决定你何时升职的,是自己的bazi,不是你的领导,但我们依旧要选择一个靠谱的领导,并且跟对方和谐相处,因为这能够让你减少很多内耗,并且真正
  • 有哪些一眼就让人非常惊艳的句子? 1.她那时不懂,那是他眼角眉梢的秋意。 ——张爱玲《小团圆》 2.断送一生憔悴,只消几个黄昏。 ——王实甫《西厢记》 3
  • 但是她人真的好好!昨晚说没关系让我自己留着吃就好啦,最后拿到楼上去把外卖还给她塞了一点点小零食,我回宿舍之后她还发消息说让我不要过意不去没关系的!还说她舍友
  • 王德伦:悲观预期修正后,权益资产有三大机会核心观点:1、虽然短期对市场悲观,长期依然看好市场,首先将10年期国债收益率和上证50股息率的差值做比较,当前处于历史
  • 案件回顾近日,朱女士在亲戚的指引下进入刷单微信群,参与“帮助明星微博助力点赞获取佣金”任务。朱女士按照要求下载“燕莎友谊”APP,并在程序中连续充值多笔任务保证
  • [汗][汗][二哈][二哈]就这本周计划的语文基础知识,我推荐了有几百次了……置顶微博语文教辅里长期挂着,也发了到底该怎么用……可是每次有语病问题,标点问题,扩
  • !!
  • 1.外阴白斑患者要提高自己的心理素质,除了外在因素,最重要的是自己的心理暗示。日常生活中可以做一些自己感兴趣的事情,比如听音乐、看书、运动等等都有助于心胸开阔,
  • 这首诗的意思是说:你不要以为佛是在灵山上,你不远万里迢迢去灵山找佛,就是到了灵山你也不见得会见到佛,佛在哪里呢?这首诗的意思是说:你不要以为佛是在灵山上,你不远
  • 在本次联动中,这些自然元素为「熊猫竹林」主题情绪武装提供了非常多的设计灵感。#猫之城# #猫之城实现养猫自由# #猫之城[超话]# 当萌猫遇上熊猫,会发生什么有
  • 为政当勤 待漏院记——宋代:王禹偁   天道不言,而品物亨、岁功成者,何谓也?四时之吏,五行之佐,宣其气矣。圣人不言而百姓亲、万邦宁者,何谓也?三公论道,六卿分
  • 枣庄对标省“十强”产业,加快构建“6+3”现代产业体系产业兴市,老工业基地焕发活力□ 本报记者 张环泽 孟令洋  7月20日,记者从枣庄市发展和改革委员会了解到
  •  像这样的精品民宿,在婺源已经有100多家,在思口镇、江湾镇等地更形成了高端古宅民宿产业集群。#最美风景在路上 更好生活在前方(沿着高速看中国)#  景婺黄高速