བསམ་ཚུལ་གོ་རིམ་རྟ་རྒྱུགས་སུ་གློད་པ།

༈སྐྱེ་བ་མི་ལུས་ཤིག་ལོན་ཀྱང་།།
ན་བའི་སྡུག་བསྔལ་གྱིས་གདུང་བ།།
སྡུག་བསྔལ་ལམ་འཁྱེར་ཅིག་དགོས་དུས།།
བླ་མའི་མན་ངག་ལས་ཅི་ཡོད།།

ན་བ་སྔོན་བསགས་ཀྱི་རྣམ་སྨིན།།
ལས་ངན་ཟད་ན་རང་དགའ་མོད།།
ཟད་ཚུལ་མྱོང་སྟོབས་ཀྱིས་དགོས་ཚེ།།
དེ་འདྲའི་སླ་མོ་ཞིག་མིན་འདྲ།།

འཇིག་རྟེན་མི་ཡུལ་གྱི་བྲོ་བ།།
མངར་སྐྱུར་བསྐ་གསུམ་གྱིས་བཞེངས་ཡོད།།
གྲོགས་པོ་ཕར་བཙལ་ཞིག་དགོས་ཚེ།།
མིག་ལོག་ཚུར་འཁོར་ལས་མེད་འདྲ།།

ཕྱི་ཐག་ཡག་པོ་ཞིག་མེད་ན།།
བརྩེ་བ་ཆུ་ཀླུང་ལ་བསྐུར་འགྲོ།།
ཆུ་མོ་མར་བཞུར་གྱི་གཞུང་ནས།།
ཕྱི་རལ་ནང་རལ་དུ་བཏང་འགྲོ།།

མི་སེམས་བརྩེ་བ་ཡི་སྐུད་རྒྱ།།
མདུད་པ་རང་ཐེབས་ཤིག་མེད་ན།།
བརྒྱ་འབད་སྟོང་སྡུག་ཅིག་བྱས་ཀྱང་།།
ངལ་བ་འབྲས་མེད་དུ་འགྱུར་འགྲོ།།

བཏུད་ན་བྱ་བཞིན་དུ་འཕུར་ཞིང་།།
བཀྱེད་ན་ཁྱི་བཞིན་དུ་འབྲང་བའི།།
གཉེན་ཉེའི་དགའ་སྡུག་ལ་རེ་དུས།།
རང་སྡུག་རང་ཉོས་ལས་མེད་འདྲ།།

དགའ་སླ་སྡུག་སྐྱེན་གྱི་འཚོ་བ།།
སྲིད་པའི་བྲོ་བ་ཡིས་གཏམས་སྐད།།
ང་ནི་དགའ་སྡུག་གི་འཚོ་བས།།
ཕྱི་བཅོམ་ནང་རལ་དུ་བཏང་བཞག།

འཇིག་རྟེན་འཁྲུལ་བ་ཡི་སྣང་ཚུལ།།
བློ་ལ་འབབ་པ་ཞིག་འདྲ་མོད།།
བརྟག་ན་ཆུ་མཐའ་ཡི་ཝུ་དཀར།།
མི་རྟག་སྐད་ཅིག་གིས་རལ་འགྲོ།།

རེས་དགའ་རེས་སྡུག་གི་སེམས་འགྱུ།།
ཆུ་མཐའི་ཡེར་མོ་དང་འདྲ་བ།།
གཅིག་རྗེས་གཅིག་འདེད་ཀྱི་རླབས་རིས།།
འཚོ་བའི་འཁོར་ཡུག་ལ་ཡན་སོང་།།

—མེ་ལོང་དམར་པོས།

༈གྲུ་ཤན་རྟ་མགོ་ཡི་རྣ་ཆ།
སྐྱེ་འཆིའི་རླུང་བུ་ཡིས་འཁྱེར་ན།།
འཁོར་བ་སྔ་ཕྱི་ཡི་སྡིག་སྒྲིབ།།
རྟ་རྨིག་གླིང་ཕྲན་གྱིས་བཞེས་རོགས།།
#རྟ་རྨིག་གླིང་ཕྲན།马蹄岛# https://t.cn/A6tpLTLP

༈ དང་པོ་ཆུང་ས་ཞིག་ནས་གོམ་པ་སྤོ་རྒྱུ་དེ་སློབ་གསོའི་ལས་ཀར་ཀུན་སློང་གཙང་མར་ཡོང་བའི་ཐབས་ལམ་ཡག་ཤོས་དེ་རེད། ལྷག་པར་བྱིས་པ་དག་ལ་མཚོན་ན་རང་བྱུང་ཁམས་ཀྱི་རེག་བྱར་ལོངས་སུ་སྤྱོད་ཐུབ་པ། དཔེར་ན་སློབ་གསོ་དེ་དཔེ་ཆ་ཁོ་ནར་སྟེང་ནས་མ་ཡིན་པ། སྨྱན་གཟུགས་ཁོ་ནའི་སྟེང་ནས་མ་ཡིན་པ། རི་མོ་ཁོ་ནའི་སྟེང་ནས་མ་ཡིན་པ། པར་རིས་ཁོ་ནའི་སྟེང་ནས་མ་ཡིན་པ། ལྷག་པར་བྱིས་པར་མཚོན་ནས་ལབ་ན། ཚོར་ཤེས་དེ་མྱོང་བའི་ཐོག་ཏུ་སླེབས་ཐུབ་པར་བྱེད་པ། མཚར་སྣང་དེ་མངོན་སུམ་དང་ཐག་ཇེ་ཉེར་འགྲོ་རུ་ཐུབ་པ་མི་ཚད། ཐེངས་འདིར་ངེད་བོད་པའི་སྲོལ་རྒྱུན་སློབ་གསོའི་ཁྲོད་ཀྱི་•ཚེ་རིང་རྣམ་དྲུག་གི་གཏམ་རྒྱུད་ལས་འཕྲོས་སྟེ། བྲག་ཚེ་རིང་། ཆུ་ཚེ་རིང་ལྟ་བུ་མིང་ཚིག་དེ་དག་བྱིས་པའི་མིག་གི་ཐད། ལག་གི་མཐིལ། སེམས་པའི་གདིང་། དྲན་པའི་ལྡེབས། ཤ་ཁྲག་རུས་གསེང་དུ་ཐིབ་པར་བྱས་སྟེ། སློབ་གསོ་བྱ་འགུལ་ནང་། ལག་ལེན་ཁྲོད། ཡོངས་སུ་སྨིན་པར་བྱས་ནས། མཐར་ཕྱིན་སློབ་མའི་འདུ་ཤེས་ཀྱི་ཁུད་དུ་ཁྲ་ཀྱི་ལེར། ཚེ་རབས་ཀུན་དུ་ཉར་ཆོག་པའི་སློབ་གསོའི་ཀུན་སློང་ལ་འགྱུར་ཐུབ་པར་སྨོན། https://t.cn/RJPH3AV


发布     👍 0 举报 写留言 🖊   
✋热门推荐
  • 两百二十六条,阳明症,实则谵语,虚则郑声,郑声,重(chong)语也,他张仲景当时讲的时候,而且很简单就讲完了,我们后来去查郑声,我分析在后面,根据我的想法,这
  • 是一直被ts拿来各种开玩笑,是取各种他不喜欢的外号,是公司一直各方面打压他,是无论他做什么都是错的。#张极[超话]#想象张极这几年是怎么过来的,是一来公司就经常
  • 我说“我们都在家发烧,这段时间不能去看你们,你们注意身体啊!两周前,烟台疫情刚开始,我还天天和小老头通电话呢,我让他注意身体,哪都别去!
  • 新年之所以叫人向往,是因为人们深信着重启的力量:奔腾的新岁,会重启我们的希望,重启我们的生活,重启我们的梦想。虽然对未来充满美好期待,但可预计的2023年世界不
  • 把贝贝接回来啦 今年有一起跨年 虽然贝贝早就睡了昨天是这一个多月以来除了上班出的第一次门走了不是上班的路我都好开心 虽然全程没有下车[笑cry]晚上放了两年前买
  • The very first beginning of the new phase.牢饭大概结束了hh上桌吃饭了突然又realize一个让我appreciate
  • 这个更重要的东西,之前是⚾,后来是27……这一点就很mafia……他很拎得清,那份决绝和冷静也是他会被称为天生的杀手的原因之一吧。在原作里出现过的什么模仿大会庆
  • 总在等待一个日子,送给你最真的问候;总在等待一种方式,用心祝福你的日子;元旦就要到了,一年又要过去,祝愿你收获多多,尝尽幸福,快快乐乐!   愿你新的一年:寻
  • 在陌生人欢呼着彼此祝福的时刻 很难不想象明年会是个好年草芥鸡头米咖啡/桃花源记鸡汤馄饨/江醪糟赤豆小圆子红糖醪糟/鑫震源大虾生煎/潘记藏书羊肉/七里山塘人山人海
  • 张艺兴和张艺兴粉丝这波我真的看不懂了1.一直在强调压轴,确实是压轴啊,你们发的通稿和主持人不都再三强调了吗,也没人抢啊,诉求是什么,工作室阴阳怪气的目的是什么,
  • #E些废话#人在这个世界上的成长实际上都是有轨迹可寻的,有的人,总在激励自己,一步步的变强,因为悟到了人性的能量场;有的人,总在自甘堕落,一步步的变差,也可能是
  • 也不能说啥也没干,那段爱的表达是他本来就该跟El说的啊,虽然是给了她力量,但之前也确实伤了小十一的心!好像181也没有想象中的那么高在建筑里弯弯绕绕终于到了那个
  • 这几天实在太太太忙了 每天都在忙忙碌碌寻宝藏 趁着等餐的空赶紧把这几天的日常写下来 照片太多相册都快放不开了12.27 然哥休假Day5因为上次来三亚光顾着玩
  • 非急性高热时期可以洗澡,注意水温不要过高,时间不要过长;④“阳了”一天要喝5升水?不存在“2周”的说法;③“阳了”洗澡会使病情加重?
  • plog 05 一日三餐系列#生活碎片##日常碎片plog# 早餐是大半个核桃软欧 一块抹了花生酱 ➕五红汤 还是昨天的配方 今天的更浓稠 午饭还是公司食堂
  • 目前,网络上关于XBB.1.5的传言甚多,尤其是互联网平台流传一张截屏称,目前在我国流行的毒株都是XBB.1.5的小弟弟,XBB.1.5主攻心脑血管,并会引发拉
  • 前几天脑子里想阅读的时候 总会有个声音告诉我 那是需要动脑子的事情 虽然很享受与作者“交流”的过程,但是可能人天性就不爱动脑子吧 短视频的吸引力更大,甚至一度怀
  • 但好景不长,祝孝霖开始以资金一时周转不开为由,开始向唐娆借钱,唐娆也没有多想,觉得夫妻本为一体,既然丈夫有困难,作为妻子帮一下也是应该的,于是,前前后后总计借
  • 那我们在唤醒他爱的感觉之前,请你不要暴露需求感,把对他的感觉先隐藏起来,让他感觉到你们彼此对对方的态度和需求是平衡的。我们每个人每天发生在自己身上90%的事情于
  • 但转型也未能挽回颓势,公司已连续3年亏损,今年前三季度继续亏损,公司披星戴帽,简称变更为*ST宜康,股价较高点重挫超90%,目前位于1元面值附近徘徊。随后宋都股