࿐ནང་བསྟན་མཁས་དབང་བགྲོ་གླེང་ལ་ཆེས་དགོས་པའི་ཆ་རྐྱེན་གཉིས་ཡོད་ལ།

གཅིག་དཔལ་འབྱོར་ཡིན་ལ་དེ་ནི་རྩ་བའི་གཞི་ས་ཆེན་པོ་ལྟ་བུ་ཡིན་པས། ༼དེ་སྐྲུན་མཁན་མཁན་ཆེན་ཐུབ་བསྟན་བློ་གྲོས་ཡིན་ཞིང་།༽

གཉིས་པ་ས་གཞི་འདིར་ལོ་ཏོག་ལེགས་པོ་ཞིག་སྐྲུན་པ་ལ་འཆར་བཀོད་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་དགོས་པས།

༼དེ་སྐྲུན་མཁན་བདག་གི་དགེན་རིན་པོ་ཆེ་མཁས་དབང་དགེ་འདུན་རབས་རྒྱས་ཡིན་པས།༽

ཁྱེད་གཉིས་བགྲོ་གླེང་འདི་ལྟ་བུ་ལ་བྲལ་ཐབས་མེད་པའི་སྐྱེས་ཆེན་གཉིས་ཡིན་པ་ང་ཚོས་ཤེས་ཡོད།

སྐུ་ཚེ་བརྟན་པ་དང་། བསྟན་དོན་འགྲུབ་པའི་སྨོན་འདུན་དང་འབྲེལ།

ཁྱེད་གཉིས་ང་ཚོས་སེམས་ནས་བརྗེད་ཐབས་མེད་པའི་ཟླ་བ་ལྟ་བུའི་འོད་ཆེན་དེ་ཡིན།

མཇུག་མཐར་ཕྱོགས་དང་རིས་སུ་མ་མཆིས་པའི་བགྲོ་གླེང་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ། ཞེས་བགྲོ་གླེང་མཇུག་གྲོལ་རྗེས་སུ་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་གྲྭ་ལག་མགོ་སེ་ཡིས་བྲིས།

#微博[超话]#࿐ཤེས་བྱའི་རྣམ་གྲངས་ཚོན་ཁྲ་ཅན་དེ་པོད་ཕྲན་ནང་དུ་གསལ་མ་ཐུབ་ཙང་འདི་ཉིད་སླར་ཡང་ཚབ་ཏུ་སྤེལ་བ་ཡིན་ནོ།།
༡༡༢༥ རྒྱུད་བླ་མའི་བརྗོད་བྱ་རྡོ་རྗེའི་གནས་བདུན།
སངས་རྒྱས། ཆོས། དགེ་འདུན། རིགས་ཁམས། བྱང་ཆུབ། ཡོན་ཏན། འཕྲིན་ལས་རྣམས་སོ།།
༡༡༢༦ རྒྱུན་བཤགས་ཀྱི་ཡན་ལག་བདུན།
སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ། སྐྱབས་སུ་འགྲོ་བ། སྨོན་སེམས་བསྐྱེད་པ། འཇུག་སེམས་བསྐྱེད་པ། བསྔོ་བའོ།།
༡༡༢༧ སྒྱུ་ལུས་བདུན།
དཔེའི་སྒྱུ་མ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ། འོད་གསལ་སྒྱུ་མ། སྤྲུལ་པ་སྒྱུ་མ། ཡེ་ཤེས་སྒྱུ་མའོ།།
༡༡༢༨ ང་རྒྱལ་བདུན།
ང་རྒྱལ་དང༌། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་བཅས་བདུན་ནོ།།
༡༡༢༩ ངོ་མཚར་རྩ་བདུན།
ལུས་ཀྱི་ལག་རྩ་འཕར་སྟངས་ལ་བསྟེན་ནས་བརྟག་པའི་མོ་ཕྱྭ་བདུན་ཏེ། ཁྱིམ་ཕྱྭ། མགྲོན་ཕྱྭ། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ། ཕ་བུ་གོ་ལྡོག་གི་ཕྱྭ། མ་བུ་གོ་ལྡོག་གི་ཕྱྭའོ།།
༡༡༣༠ མངོན་པ་སྡེ་བདུན།
ཐམས་ཅད་ཡོད་པར་སྨྲ་བའི་བསྟན་བཅོས་གཙོ་བོ་བདུན་ཏེ། ཡེ་ཤེས་ལ་འཇུག་པ་དང༌། རབ་ཏུ་བྱེད་པ། རྣམ་ཤེས་ཀྱི་ཚོགས། ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། འགྲོ་བའི་རྣམ་གྲངས། ཁམས་ཀྱི་ཚོགས་བཅས་ཏེ། དེ་བདུན་བྱེད་པ་པོ་ནི་རིམ་པར། ཀཏྱའི་བུ་དང༌། དབྱིག་བཤེས། བྲམ་ཟེ་ལྷག་སྐྱིད། ཤཱ་རིའི་བུ། མོའུ་འགལ་གྱི་བུ། གསུས་པོ་ཆེ། གང་པོ་བཅས་འདི་བདུན་ལ་དགྲ་བཅོམ་བདུན་དུ་གྲགས་སོ།།
༡༡༣༡ མངོན་པ་ནས་བཤད་པའི་གསེར་རི་བདུན།
མུ་ཁྱུད་འཛིན། རྣམ་འདུད། རྟ་རྣ། ལྟ་ན་སྡུག། སེང་ལྡེང་ཅན། གཤོལ་མདའ་འཛིན། གཉའ་ཤིང་འཛིན་རིའོ།།
༡༡༣༢ མངོན་སུམ་ལྟར་སྣང་བདུན།
འཁྲུལ་བའི་ལྟར་སྣང་། ཀུན་རྫོབ་པའི་ལྟར་སྣང་། རྗེས་དཔག་གི་ལྟར་སྣང་། རྗེས་སུ་དཔག་པ་ལས་བྱུང་བའི་ལྟར་སྣང་། དྲན་པའི་ལྟར་སྣང་། མངོན་འདོད་ཀྱི་ལྟར་སྣང་། རྟོག་མེད་མངོན་སུམ་གྱི་ལྟར་སྣང་བཅས་སོ།།
༡༡༣༣ རྔ་རྡུང་བའི་སྒྲའི་དབྱེ་བ་བདུན།
ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང་། །མོ་སྒྲ་སྙན་ཅིང་མཛེས་པར་བརྡུང་། །ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང་། །ཞི་ལ་སྦྲང་ཆར་སིལ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར་། །དབང་ལ་དྲག་ཆར་འབབས་པ་ལྟར། །དྲག་ལ་ཐོག་སེར་འབྱིན་པ་ལྟར་རོ།།
༡༡༣༤ སྔ་རྒོལ་ཚར་གཅོད་པའི་གནས་སུ་གྱུར་པ་བདུན།
གྲུབ་བསལ་ཞུགས་པ་དམ་བཅའ་བ། དྲིས་ཀྱང་ལན་མི་འདེབས་པ། མི་འོས་པ་དམ་བཅའ་བ། སྐབས་སུ་མ་བབ་པ་སྒྲུབ་པར་བྱེད་པ། ཁས་བླངས་པའི་དོན་སྒྲུབ་བྱེད་མི་དགོས་པ། མ་སྒྲུབ་པ་མ་ངེས་པའི་གསལ་བ་བརྗོད་པ། ཤེས་འདོད་མེད་པའི་སྒྲུབ་བྱེད་འགོད་པའོ།།
༡༡༣༥ སྔགས་ཀྱི་ཚུལ་བདུན།
གཏན་དུ་བའི་ལམ། ཆ་ཤས་ཅན། ཁྱད་པར་དུ་གྱུར་པ། དང་པོར་བདེ་བ། ཕལ་ཆེན་བདེ་ཆེན་གྱི་ཚུལ། འགའ་ཞིག་བདེ་ཆེན། ཅུང་ཟད་བདེ་ཆེན་གྱི་ཚུལ་ལོ།།
ཐོན་པ་ཚེ་རྣམ་གྱིས་ཡིག་རྒྱག་དང་ཞུས་དག་ཚོན་ཁྲར་ཕབ་སྟེ་སྤེལ།

#微博[超话]# ࿐ཤེས་བྱའི་རྣམ་གྲངས་ཚོན་ཁྲ་ཅན་དེ་དྲ་ཐོག་ཏུ་སྤེལ་ཐུབ་ཀྱི་མི་འདུག་པས་ཐད་ཀར་ཡིག་ནག་ཐོག་ནས་མ་སྤེལ་ཀ་མེད་བྱུང་སོང་བས་དེ་དོན་དགོངས་འཇགས་འཚལ།
༡༡༩༢ ཤེས་པའི་དབྱེ་སྒོ་དྲུག།
སེམས་སེམས་བྱུང་གཉིས། རྟོག་བཅས་རྟོག་མེད་གཉིས། བློ་རིག་བདུན། ཚད་མ་དང་ཚད་མེད་གཉིས། རྟོགས་པའི་བློ་དང་མ་རྟོགས་པའི་བློ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་རྣམས་སོ།།
༡༡༩༣ ཤེས་བྱ་ཚིག་གི་དོན་དྲུག།
རྫས། ཡོན་ཏན། ལས། སྤྱི། བྱེ་བྲག་བཅས་ལྔ་སྟེ། བྱེ་བྲག་པའི་ཚིག་དོན་དྲུག་དང་དོན་གཅིག།
༡༡༩༤ ས་རྣམ་པ་དྲུག་ཏུ་གཡོ་བ།
ཤར་མཐོ་ན་ནུབ་དམའ། ནུབ་མཐོ་ན་ཤར་དམའ། ལྷོ་མཐོ་ན་བྱང་དམའ། བྱང་མཐོ་ན་ལྷོ་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བའོ།།
༡༡༩༥ སའི་ལེགས་དྲུག།
སྔར་བོད་རྒྱལ་བཅུ་པ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུང་རུ་ལེགས། བཅུ་བཞི་པ་འབྲོང་ཞེར་ལེགས། བཅོ་ལྔ་པ་ཨི་ཤོ་ལེགས་བཅས་རྒྱལ་རབས་དྲུག་པོ་སྤྱིའི་མིང༌།
༡༡༩༦ སེམས་དྲུག།
མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་བཅས་ཀྱི་རྣམ་ཤེས་དྲུག་གམ། ཡང་ན་སེམས་དྲུག་སྟེ། རྩ་བའི་སེམས་དང་། རྗེས་སུ་དཔྱོད་པའི་སེམས། རྣམ་པར་དཔྱོད་པའི་སེམས། ངེས་པར་འཛིན་པའི་སེམས། སྡོམ་པའི་སེམས། སྨོན་པའི་སེམས་སོ།།
༡༡༩༧ སོ་ཐར་གྱི་མཁན་སློབ་སྤྱིའི་མཚན་ཉིད་དྲུག།
ཚུལ་ཁྲིམས་དང་ལྡན་པ། འདུལ་བའི་ཆོ་ག་ཤེས་པ། ནད་པར་སྙིང་བརྩེ་ཞིང་རང་གི་འཁོར་ཚུལ་ཁྲིམས་ལྡན་པས་དག་པ། ཆོས་དང་ཟང་ཟིང་གིས་ཕན་འདོགས་པ། བསླབ་བྱ་རྣམས་དུས་དང་དུས་སུ་འདོམས་པའོ།།
༡༡༩༨ བསམ་གཏན་ས་དྲུག།
བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་པ། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན། བསམ་གཏན་གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་པའི་དངོས་གཞིའོ།།
༡༡༩༩ སྲིད་པ་བར་དོའི་སྐབས་ཀྱི་མ་ངེས་པའི་རྟགས་དྲུག།
གནས་ངེས་མེད་རི་རྩེ་ཐང་སྟོང་ལ་སོགས་པར་ཡུད་ཙམ་རེ་སྡོད། རྟེན་ངེས་མེད་ཟམ་པ་མཆོད་རྟེན་ལ་སོགས་ལ་ཡུད་ཙམ་རེ་བརྟེན། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་རེ་བྱེད། ཟས་ངེས་མེད་རིགས་དྲུག་གི་ཟས་སྣ་ཚོགས་མཐོང་ཡང་མི་ཐོབ་པ། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་ཙམ་རེ་འགྲོགས། སྣང་ཚུལ་ངེས་མེད་ཀྱི་འཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་པའི་སྣང་བ་འཆར་བའོ།།
༡༢༠༠ སློབ་དཔོན་གྱི་དབང་བསྐུར་བ་དྲུག།
ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་དབང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་རྣམས་སོ།།
༡༢༠༡ སློབ་དཔོན་དྲུག།
དམ་ཚིག་དང་སྡོམ་པ་སྦྱིན་པའི་སློབ་དཔོན། བཟླས་ལུང་སྦྱིན་པའི་སློབ་དཔོན། རྒྱུད་བཤད་པའི་སློབ་དཔོན། མན་ངག་སྟོན་པའི་སློབ་དཔོན། དབང་བསྐུར་བའི་སློབ་དཔོན། ལས་བྱེད་པའི་སློབ་དཔོན་ནོ།།
ཐོན་པ་ཚེ་རྣམ་གྱིས་ཡིག་རྒྱག་དང་ཞུས་དག་ཚོན་ཁྲར་ཕབ་སྟེ་སྤེལ།


发布     👍 0 举报 写留言 🖊   
✋热门推荐
  • 没想到叔本华还没看完,又迷上了尼采。不过这也不奇怪,毕竟尼采也是叔本华的迷弟。 尼采这样形容他和叔本华的相遇,“我当时恰巧来到二手书商罗纳的店铺门口,然后拿起
  • #电视剧莲花楼[超话]##成毅莲花楼# 我一直都觉得,最后一集的标题是“世间再无李相夷”#李相夷#,是因为李相夷弄清了这十年来被隐瞒的所有真相也看清了师兄的真
  • ”  萧千禧怕大家会错意,赶紧解释,没想到一出声就变成了小奶音:“大叔,不用拿蜂蜜的,这个就很香的。小夭道:“我求求你,放过我……我好累……”她的眼泪潺潺而下,
  • 俄罗斯新库兹涅茨克矿业及煤炭展览会(UGOL MINING)为国际参展商和感兴趣的交易会参观者(如矿长、采矿工程师、技术经理和科学家)之间的一些富有成果的会谈提
  • 正当小耀成年快乐,可以开启下一人生阶段,那就把同样的祝福送给小耀,祝愿我们都可以在风禾尽起中,看到盈车嘉穗的景象[心][喵喵]翻出来几年前的日记本,哈哈哈我那时
  • 还有弟弟直播截图,太可爱了(原图)为什么不能是我的弟[悲伤],好了,说到这我们这也有秋收节我要去看了。从九点十五一直看到刚才,看了一上午我的物联网好盆友的直播,
  • 特殊时期建议不上队友车,有1+1就买1+1,3妈也会开空车,不要癫癫的去给队友冲中输!这是我第一次拼车经历,kms3.0卡面一般,还调价1.15[泪][泪][泪
  • 这点让人大为头疼,那是已经修炼到四级巅峰的妖兽,若是再进一步就要进入结成妖丹的地步了,这对于这头妖兽来说,乃是一件非常重大的事情,如果可以凝结妖丹的话,此妖的实
  • 我想和他再呆一下午今天中午和一块又吃的米线(><!! 最近很喜欢番茄米线,今天也是番茄米线^^今天也一块睡午觉了,又是一如既往的被趴着睡的手压得喘不
  • ”在辣椒产业推介会及签约仪式现场,高台县副县长杜立东热情洋溢地作了“高台辣椒”推介,诚邀全国各地辣椒产品经销商到高台,与企业、种植户、村集体公司开展长期合作,共
  • 」大師又再爆多啲:「今次係老竇賺錢老婆同女享福,我係總經理(曾志偉)輩負責派獎,幫佢哋打江山,哈…我連民選視帝都唔要喇,因為攞咗個終極大獎,喺台上俾團隊圍住經已
  • 其实已经不关注你们特别久了 今天是耀文生日 然后我又看到你发这组图 我其实特感慨 禁不住还是想说几句 记不太清是因为哪些原因脱离你们的 耀文居然也是十八岁的人了
  • #王俊凯解忧杂货店燃爆年末#【(1.07-王俊凯)一起和凯酷酷走下去】凯宝的小虎牙永远那般温柔的有点可爱,我只想给你宠爱,初见你还是可爱小土豆,你一次更微博就我
  • 正如葛芬的藝術品,這個他自1990年代以來擁有的房產也有其獨特淵源,它最早是在1920年代,為電影業鉅子傑克.華納(Jack Warner)所建造的。#商论发布
  • 白羊座白羊座在这个世界上,可以算是天不怕地不怕的存在,他们在谈恋爱的时候,从来不会顾虑对方是否是刚刚认识的,这也导致白羊座在人生的旅程当中,他们特别容易一见钟情
  • 我原以为我不会落泪 最开始惊叹我这辈子还能收到拉菲草 再惊讶于好用心好体贴的香薰 看着从拉菲草下摸出来的拍立得又想着还藏这么深 所有的惊喜激动在看到纸笔写下的真
  • #蛋仔派对交易[超话]#/ZJH291』ios六至臻34紫-碎晶月白之隐-羊蜜菠萝岁岁小豆-满氪1400可大刀☆白皇后 精灵 软软 黑天使 贝贝 梧桐♡水母莱莱
  • (小声)烧灶都嫌潮的废柴……”3、温客行复仇*这段写温客行游刃有余中饱含着恨意,真的写得很美很苏(捧脸)“(武打设计)整个过程中,温客行一直和赵敬在台上缠斗。天
  • 《陆婉吟云郯》今日热推小说‼全章节无弹窗阅读笔趣阁(陆婉吟云郯)[鄙视]T75q2fw885[打call] 阅读请到公-仲-呺【爱阅读屋】发送一个主角名即可!
  • p8 高冷猫猫 只有喂食的时候才理一下人 哼p9 嘻嘻赛格开了盲盒 拿手上的一瞬间好期待会出哪个款p10 打卡奈雪和范特西联名款 包装好看呢 喝起来很一般p11